Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐེངས་གཉིས་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐའེ་ཝན་དུ་འཚོགས་པ།

Posted on 2013-01-012013-01-01 By ཁ་བརྡ་ 30 Comments on ཐེངས་གཉིས་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐའེ་ཝན་དུ་འཚོགས་པ།

གསར་གནས་བསྡུ་བསྒྲིགས་པ། རྫ་ཚེ་རིང་བཀྲ་ཤིས།

དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛིན་ཡིག་ཆའི་ཁོངས་སུ། ལོ་མཇུག་ཏུ། ཐའེ་ཝན་གཙོས་སྐྱེ་འགྲོ་ཡོངས་ལ་འབྱུང་བཞིའི་གནོད་འཚེ་དང་ནད་ཡམ་མུ་གེ་སོགས་ཞི་བའི་ཆེད་དུ་སྨོན་ལམ་རིགས་འཚོགས་རྒྱུ། ཞེས་འཁོད་པའི་འབྲུ་དོན་ལྟར། སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐེངས་གཉིས་པ་དེ་སྔར་རྒྱུན་ལྟར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས།

དེ་ཡང་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣༡ གྱི་ཕྱི་དྲོ་ཆུ་ཚོད་གཉིས་པ་ཙམ་ནས། ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཚོགས་པ་ཟུང་གི་འགན་འཛིན་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པའི་དབུས་པའི་མཁན་སྤྲུལ་ཉི་ཤུར་ཉེ་བའི་ཐུན་མོང་གི་དབུ་བཞུགས་ཐོག་དངོས་སུ་དབུ་ཚུགས་ཤིང་། དེ་ཡང་ཐོག་མར། ཞིབ་འཇུག་ཚོགས་པའི་བརྡ་འཕྲིན་ལས་རིགས་ཀྱི་འགན་འཛིན་མཁན་པོ་ཚེ་རིང་བཀྲ་ཤིས་དང་།  ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་ལས་ཐོག་པ་དང་། བགྲོ་གླེང་ལས་རིགས་ཀྱི་འགན་འཛིན་ཀཿཐོག་རིག་འཛིན་ཆེན་མོ་ཟུང་ནས་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་འཚམས་འདྲི་དང་འབྲེལ་ཞིབ་འཇུག་ཚོགས་པའི་བརྒྱུད་རིམ་ངོ་སྤྲོད་དང་དུང་སྒྲུབ་ཆེན་མོ་འཚོགས་པའི་དགོས་དམིགས་ཀྱི་ཐོག་ལ་གཏམ་བཤད་གྲུབ་མཐར། རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་གསུང་གངས་ཅན་བསྟན་པའི་སྲོལ་འབྱེད་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག་རབ་ཏུ་རྒྱས་པ་ནས་དབུ་བཙུགས་ཏེ་དངོས་གཞིའི་ཆོ་གའི་དབུ་འཛུགས་གནང་མཛད། དེ་ནས་ཕྱི་ཐུན་གྱི་སྐབས་སུ་སློབ་གཉེར་ལས་རིགས་ཀྱི་འགན་འཛིན་མཁན་པོ་ཚུལ་རྣམ་མཆོག་ནས་དམིགས་བསལ་སྒྲོལ་མ་དུང་སྒྲུབ་ཆེན་མོའི་ཕན་ཡོན་དང་འབྲེལ་བའི་གཏམ་བཤད། པར་སྐྲུན་ལས་རིགས་ཀྱི་འགན་འཛིན་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ནས་ལོ་རྗེས་མའི་བོད་བརྒྱུད་གྲུབ་མཐའ་བཞིའི་རིས་མེད་བགྲོ་གླེང་གི་བརྗོད་གཞི་དང་ཚོགས་དུས། དེའི་དགོས་དམིགས་བཅས་དང་འབྲེལ་བའི་གཏམ་བཤད།  ཞིབ་འཇུག་ཚོགས་པའི་དབུ་འཛིན་ལས་ཐོག་པ་གཞོན་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཀྱི་འགན་འཛིན། ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་ལག་བསྟར་འགན་འཛིན་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་ཞིབ་འཇུག་ཚོགས་པའི་ལས་འཆར་སྤྱི་དང་། ཁྱད་པར་ལག་བསྟར་བྱ་བཞིན་ཡོད་པའི་དྲ་རྒྱའི་བརྙན་འཕྲིན་གྱི་ལས་ཀའི་སྐོར་དང་འབྲེལ་བའི་གསུང་བཤད་དང་། ཚོགས་པ་འདིས་མཚོན་ཞིབ་འཇུག་ཚོགས་པའི་ལས་གཞི་ཡོངས་ལ་དངོས་བརྒྱུད་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། སྐབས་འདིའི་གཙོ་བོའི་སྦྱིན་བདག་དང་དྭངས་བླངས་ཞབས་ཞུའི་ལས་སྒྲུབ་མི་སྣ་ཁག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་དང་ལེགས་སྐྱེས་ཁག་གནང་།

ཉིན་འདིའི་ཚོགས་པ་ཧྲིལ་པོར་ཚོགས་ཞུགས་གནང་མཁན་དང་། ཆུ་ཚོད་བདུན་པ་ནས་མཚན་མོའི་ཆུ་ཚོད་དང་པོ་སྟེ། ལོ་དུས་དངོས་སུ་བརྒལ་ཟིན་པའི་དུས་མཚམས་བར་བཞུགས་མཁན་སྔ་ཕྱིར་བསྡོམས་ན་བོད་བརྒྱུད་གྱི་མཁན་སྤྲུལ་དགེ་བཤེས་ཉི་ཤུར་ཉེ་བ་དང་། གྲྭ་བཙུན་དེ་མཚུངས། ཐའེ་ཝན་རྒྱ་བརྒྱུད་དགེ་བཙུན་དྲུག་ཅུ་བརྒལ་བ། མི་མང་བདུན་བརྒྱ་ཡས་མས་བཅས་ཕེབས་ཐུབ་པ་བྱུང་ཡོད། ཚང་མས་ཧ་ཅང་དོ་སྣང་དང་གུས་ཞབས་ཆེན་པོའི་ཕྱི་ལོགས་ཀྱི་ཚོན་མེ་སྦོར་བ་དང་མཚན་ཚོགས་བསྡུ་བ་སོགས་གནམ་ས་གཡོ་བའི་གྲོང་ཁྱེར་གྱི་འདུ་འཛིའི་ལྟད་མོ་དེ་དག་བློས་བཏང་སྟེ་སྒྲིག་ལམ་ལྡན་པའི་ངང་ཐོག་མཐའ་ཀུན་ཏུ་མཉམ་ཞུགས་གནང་བར་མ་ཟད། མཚན་མོའི་ཆུ་ཚོད་དགུ་པ་ནས་མཚན་ཕྱེད་ཆུ་ཚོད་དང་པོའི་བར་གྱི་ཐུན་ཐ་མ་ནི་ཚོགས་ཞུགས་གནང་མཁན་མང་ཤོས་སུ་གྱུར།

གཞན་ཡང་འཛམ་གླིང་ས་ཕྱོགས་གཞན་ཐའེ་ཝན་བཅས་ནས་མང་པོ་ཞིག་ནི་འབྲེལ་འཐུད་མི་སྣ་དང་དྲ་ལམ་སོགས་ཀྱི་ལམ་སྟོན་གཞིར་གཟུང་གིས་བརྒྱུད་ནས་མཉམ་ཞུགས་གནང་ཡོད།

དུས་མཚུངས་ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བསྟན་གྱི་མཐུན་ཚོགས་ཆེ་ཤོས་དང་ཐའེ་ཝན་གྱི་དགོན་ཆེན་བཞིའི་ཡ་གྱར། རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ཀྱི་མཐུན་ཚོགས་ཚིས་ཅི་མཐུན་ཚོགས་ཀྱིས་ཀྱང་ལོ་སྔ་མ་ལྟར་དགེ་འདུན་པ་དང་མི་མང་གི་གསོལ་ཚིགས་ཀྱི་སྦྱིན་བདག་ཞུས་པར་མ་ཟད། ཚོགས་པའི་མགྲིན་ཚབ་པས། ། ང་ཚོའི་ངོས་ནས་ཁྱེད་རྣམ་པའི་ཚོགས་པ་འདིར་བསྙེན་བཀུར་གྱི་ཞབས་ཏོག་ཅུང་ཟད་ཞུ་ཐུབ་པ་ནི་མཐུན་ཚོགས་ཀྱི་གཟི་བརྗིད་ཡིན་ཞེས་བརྗོད།

ཚི་ཅིས་ནི་ཐའེ་ཝན་གྱི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་འཛམ་གླིང་རང་བཞིན་ཅན་ཞིག་ཡིན།

ཞིབ་འཇུག་ཚོགས་པའི་གཏམ་བཤད་དུ། ང་ཚོ་སྔར་ལས་ལྷག་པའི་མཉམ་འབྲེལ་གྱི་སྒོ་ནས་སྤྱིར་བསྟན་པ་སྤྱི་དང་། ཁྱད་པར་ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་གནས་བབ་དང་ཆེ་མཐོང་མཐོར་འདེགསས་ཡོང་བའི་འབད་བརྩོན་དགོས་པ་དང་། ཞིབ་འཇུག་དང་བགྲོ་གླིང་། སྤྱི་ཚོགས་ཞབས་ཞུ་སོགས་སུ་གཏོགས་པའི་ལས་རིགས་སྣ་མང་བརྒྱུད་ནས་བོད་བརྒྱུད་ནང་བསྟན་འདི་མི་མང་དང་ཁ་བྲལ་བ་ཞིག་དགོས་ཞེས་བཤད་པར་མ་ཟད། ལོ་འདི་ཀའི་རིང་། བོད་བརྒྱུད་གྱི་ཆོས་བརྒྱུད་ཁག་གི་ཆོས་གྲོགས་མཁན་སྤྲུལ་དགེ་བཤེས་རྣམ་པ་ཐུན་མོང་གི་གླེང་སྟེགས་དང་སྡིང་ཆ་གཅིག་ལ་ཡང་ཡང་འཛོམས་པ་དང་། ཐུན་མོང་གི་ཐོག་ནས་ལས་དོན་མང་པོ་ཞིག་རྩོམ་བཞིན་ཡོད་པ་དང་། ཁ་ཞེ་གཉིས་མེད་ཀྱི་རིས་མེད་དང་ཐུན་མོང་གི་ཕྱོགས་སུ་སྐུལ་འདེད་བྱ་བཞིན་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་གལ་ཆེན་ཞིག་ཡིན་པ་དང་། འགྱུར་བ་འདི་ང་ཚོ་ཞིབ་འཇུག་ཚོགས་པའི་འབད་བརྩོན་གྱི་གྲུབ་འབྲས་གལ་ཆེ་ཤོས་ཤིག་ཡིན་ཞེས་དང་།  མང་པོ་ཞིག་གིས་༼ལོ་དུས་བརྒལ་བ༽ཞེས་གཉན་འཕྲང་ཅན་གྱི་དུས་ཚིགས་ཤིག་ཏུ་བརྩི་བཞིན་ཡོད་ལ། བོད་ལུགས་ལ་ཡང་ལོ་གསར་རྙིང་གི་མཚམས་ཞེས་གལ་ཆེན་དུ་བརྩི་སྲོལ་ཡོད་པའི་དུས་ཚོད་འདིར་རྗེ་བཙུན་འཕགས་མ་སྒྲོལ་མའི་སྙེན་པ་དུང་སྒྲུབ་ཅིག་བྱ་ཐུབ་པ་ཡིན་ན་ཐའེ་ཝན་གྱིས་མཚོན་པའི་ཡུལ་ཕྱོགས་ཀུན་ཏུ་ནད་གདོན་བར་ཆད་དང་མི་མཐུན་ཉེར་འཚེའི་ཚོགས་ཐམས་ཅད་ཞི་བ་སོགས་གནས་སྐབས་དང་མཐར་ཐུག་གི་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་པའི་དགེ་མཚན་ཡིད་ལ་ངེས་པའི་ཐོག་ནས་ས ྒྲོལ་མའི་དུང་སྒྲུབ་འདི་ཚོགས་པ་རེད། ཅེས་བཤད།

ཐེངས་འདིའི་ཚོགས་པའི་ལས་རིམ་གྱི་ལག་བསྟར་འགན་ལེན་པ་ཡང་ལོ་སྔ་མ་དང་མཚུངས་པར་ཀཿ་ཐོག་རིག་འཛིན་ཆེན་མོའི་ཆོས་ཚོགས་ཡིན་པ་དང་། ཁོང་གི་ཚོགས་པས་ཞིབ་ཚགས་ལྡན་པའི་འཆར་འགོད་དང་བཅས་ཕུན་སུམ་ཚོགས་པའི་གྲྭ་སྒྲིག་གནང་ཡོད་པར་མ་ཟད། དུས་མཚུངས་བླ་རུང་ཐེག་གསུམ་ཆོས་གླིང་ཆོས་ཚོགས་ཀྱིས་གཙོ་འགན་གོ་སྒྲིག་གནང་བའི་ཐོག་འཆར་ལོའི་སྤྱི་ཟླ་༣ཚེས་༡༧ཉིན་འཚོགས་གཏན་ཁེལ་བའི་ཞིབ་འཇུག་ཚོགས་པའི་བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པའི་གདན་ཞུའི་གསར་བསྒྲགས་ཀྱང་བསྐྱངས་ཡོད་པར་མ་ཟད། ལོ་སྔ་མའི་ལས་འཆར་གྱི་ཁོངས་སུ་གཏོགས་པའི་ཐེངས་གཉིས་པའི་ལྷོ་རྒྱ་བོད་གསུམ་གྱི་བརྒྱུད་པ་གསུམ་མཉམ་ཞུགས་གནང་བའི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་དེ་ཡང་མཁན་པོ་ཚུལ་རྣམ་རིན་པོ་ཆེས་དམིགས་བསལ་འགན་ཁུར་བའི་ཐོག་འཆར་ལོའི་སྤྱི་ཟླ་གསུམ་པའི་ཟླ་མཇུག་གི་སྤྱི་ཚེས་སུམ་ཅུ་དང་སོ་གཅིག་སྟེ་ཉིན་གཉིས་ཀྱི་རིང་ལ་འཚོགས་གཏན་ཁེལ་ཟིན།

མཐར་༢༠༡༢་ཟླ་༡་ཚེས་༡་ཆུ་ཚོད་༡་བཅས་དུས་མཚམས་སུ་ཐའེ་ཝན་གྱི་བཙུན་པ་ཞིག་གིས་རྒྱུ་སྲོལ་རྒྱུན་གྱི་དམིགས་བསལ་སྒྱུ་རྩལ་གྱི་རྔམ་བརྗིད་ལྡན་པའི་ཆོས་རྔ་རྡུང་བའི་སྒྲ་དང་ཆབ་གཅིག་ཚོགས་མང་ནས་ཏ་རེའི་སྙེན་དབྱངས་ཚར་ཉེར་གཅིག་གྲུབ་མཚམས་༸གོང་ས་མཆོག་གིས་མཛད་པའི་རིས་མེད་བསྟན་བརྒྱས་སྨོན་ལམ་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༸གོང་ས་མཆོག་གི་ཞབས་བརྟན། བྱང་ཆུབ་སེམས་མཆོག་བཅས་གསུངས་མཐར་ཐེངས་འདིའི་དུང་སྒྲུབ་ཆེན་མོ་རྒྱལ་ཁའི་ངང་ནས་མཇུག་གྲོལ།

དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༩ལོར་༸ས་སྐྱ་བདག་ཆེན་རིན་པོ་ཆེའི་དབུ་འབྱེད་བཀའ་དྲིན་བསྐྱངས་པའི་ཐོག་ཐའེ་ཝན་དུ་དབུ་བརྙེས་ཤིང་། ད་ལྟ་ཀཿཐོག་རིག་འཛིན་ཆེན་པོ། མཁན་པོ་ཚུལ་ཁྲིམས་རྣམ་དག སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས་བཅས་ནས་གཙོ་འགན་ཁུར་བཞིན་ཡོད་པར་མ་ཟད། ཚོགས་གཙོ་དང་དྲུང་ཡིག་རྩིས་པ་དངུལ་གཉེར་སོགས་ཁོངས་སོ་སོའི་ཆོས་ཚོགས་ཀྱིས་འགན་འཁུར་གྱིན་ཡོད་པ་དང་། ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྒན་གཞོན་ཡང་མཁན་སྤྲུལ་རྣམ་པས་ལོ་གཉིས་རེའི་དུས་ཡུན་དུ་བརྗེ་ལེན་རེས་མོས་གནང་བཞིན་ཡོད། ད་ལྟ་རིས་མེད་མཁན་སྤྲུལ་བཅོ་ལྔ་ལས་གྲུབ་པའི་ཡན་ལག་གི་མཐུན་ཚོགས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ཚོགས་པ་ཞེས་པ་ཞིག་ཀྱང་དངོས་སུ་ཚུགས་ནས་ལས་དོན་སྒྲུབ་བཞིན་པའི་སྐབས་ཡིན།

གསར་འགྱུར།

Post navigation

Previous Post: རྒྱ་གར་བུ་མོ་དང་། བཙན་གཡེམ་པ།
Next Post: ༈ མདོ་མཛངས་བླུན་ལས། གསེར་དབྱིག་གི་ལེའུ།

Comments (30) on “ཐེངས་གཉིས་པའི་སྒྲོལ་མ་དུང་སྒྲུབ་ཆེན་མོ་ཐའེ་ཝན་དུ་འཚོགས་པ།”

  1. ཟུར་གནས། says:
    2013-01-01 at 12:05 pm

    ཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷཨོྃཏྰརེ་ཏྰུ་ཏྰརེ་ཏྰུརེ་སྭ་ཧྷ་་་་་་་་་་་་་་་་་་་་་་

    དགེ་བ་དེ་ཡི་མྱུར་དུ་བདག
    འཕགས་མ་སྒྲོལ་མ་གྲུབ་འགྱུར་ན།
    འགྲོ་བ་གཅིག་ཀྱང་མ་ལུས་པ།
    དེ་ཡི་ས་ལ་འགོད་པར་ཤོག

    ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག
    ངན་འགྲོ་ཐམས་ཅད་རྟག་ཏུ་ལྟུང་བ་དང་།
    བྱང་ཆུབ་སེམས་པ་གང་ན་ཞུགས་པ་ཡི།
    དེ་དག་ཀུན་གྱི་སྨོན་ལམ་གྲུབ་གྱུར་ཅིག

    རང་རི་རྭ་བས་སྐོར་བའི་ཞིང་ཁམས་ན།
    བསྟན་དང་ཕན་བདེ་མ་ལུས་འབྱུང་བའི་གནས།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།
    ཞབས་པད་སྲིད་མཐའ་བར་དུ་བརྟན་གྱུར་ཅིག

  2. ཟུར་གནས། says:
    2013-01-01 at 12:06 pm

    གངས་རི་ར་བས་སྐོར་བའི་ཞིང་ཁམས་ན།
    བསྟན་དང་ཕན་བདེ་མ་ལུས་འབྱུང་བའི་གནས།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།
    ཞབས་པད་སྲིད་མཐའ་བར་དུ་བརྟན་གྱུར་ཅིག

  3. རང་གྲོལ། says:
    2013-01-01 at 12:54 pm

    རྗེ་བཙུན་སྒྲོལ་མ་འདི་ཕྱི་ནང་གཉིས་ཀའི་མཐུན་མོངས་བའི་ལྷ་ཞིག་ཡིན་ནམ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-01-01 at 3:29 pm

    ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ། ཨོྃ ཏྰརེ ཏུ་ཏྰརེ ཏུརེ སྭྰཧྭ།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-01-01 at 3:35 pm

    ལྷ་མོ་དབྱངས་ཅན་མ་ནི། ་ཕྱི་ནང་གཉིས་ཀའི་སྙན་དངགས་དང་ཤེས་རབ་ཀྱི་ལྷ་མོར་རྩི་སྲོལ་ཡོད་པ་ལས་སྒྲོལ་མ་ཕྱི་ནང་གཉིས་ཀས་འདོད་མིན་ང་ལ་ཆ་རྒྱུས་མེད། ནང་ཆོས་ནང་གི་ལྷ་མོ་དབྱངས་ཅན་མ་དེ་ཕྱག་གཉིས་པ་དང་། ཧི་དུ་པ་ཚོའི་དེ་ཕྱག་བཞི་པ་ཅན་ཞིག་འདུག

  6. མ་ཧཱ་སིདྡྷི་ནས། says:
    2013-01-01 at 4:48 pm

    ན་མོ་ཨརྱ་ཏཱ་རེ་ཡ།
    དུས་གསུམ་རྒྱལ་བའི་ཡུམ་གྱུར་ཏཱ་རེ་མཿ
    འཇིགས་པ་བརྒྱད་སྐྱོབས་ལྷ་མོ་ཐུགས་རྗེ་ཅནཿ
    ཉེར་གཅིག་མཚན་གྱིས་འཇིགས་དང་སྡུག་བསྔལ་ལསཿ
    སྐྱབས་མཛད་ཐུགས་རྗེའི་མ་ཁྱོད་བདག་ལ་དགོངསཿ
    འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུཿ
    འབྲལ་མེད་ཐུགས་རྗེས་ཟུངས་ཤིག་རྗེ་བཙུན་མཿ
    ཕྱི་ནང་གསང་བའི་བར་ཆད་ཞི་བ་དངཿ
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
    ཞེ་གཏེར་འོད་གསལ་ཡེ་ཤེས་རྡོ་རྗེའི་དུས་བབས་ཀྱི་དགོངས་གཏེར་བྱིན་རླབས་ཅན་ཡིན་ནོ།

  7. དྲི་མེད་ལྷག་བསམ། says:
    2013-01-02 at 2:20 am

    ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མའི་བྱིན་རླབས་ཡེ་ཤེས་བདུད་རྩིའི་ཟེར། །མོས་ལྡན་པདྨོའི་དཔལ་ཏུ་རྟག་འཇོ་ཞིང་། །ཕྱི་ནང་ཉེས་པའི་རྡུལ་ཕུང་སྦྱངས་ཤིང་བསྒྱུར། །སྐྱེ་འགྲོའི་སྲོག་གི་བཅུད་དུ་སྨིན་གྱུར་ཅིག །ལྷག་པར་མདོ་སྔགས་རྒྱལ་བསྟན་དར་ཞིང་རྒྱས། །དེ་འཛིན་ཚོགས་རྣམས་ཞབས་བརྟན་མཛད་འཕྲིན་རྒྱས། །ཞི་བདེའི་སྣང་བས་སྣོད་བཅུད་མ་ལུས་གང་། །འགྲོ་ཀུན་བདེ་ལྡན་ཞིང་དུ་སྨིན་གྲོལ་ཤོག །དྲི་མེད་པས་སོ། །

  8. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 2:35 am

    སྒྲོལ་མའི་སྒྲུབ་ཐབས་སྡུས་ཤོས་མ།

    རྒྱལ་ཡུམ་སྒྲོལ་མར་ཕྱག་འཚལ་ལོ། །

    ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །གཟུངས་སྔགས་འདི་ཚར་ཉེར་གཅིག་བཟླས་ནས།

    སྒྲོལ་ཁྱོད་ས་ལ་འགོད་པར་ཤོག །

  9. གངས་རིའི་ལྷ་སྲས། says:
    2013-01-02 at 5:30 am

    དགེ་བ་འདི་ཡིས་མྱུར་དུ་བདག།
    རྗེ་བརྩུན་སྒྲོལ་མ་འགྲུབ་གྱུར་ནས།།
    འགྲོ་བ་གཅིག་ཀྱང་མ་ལུས་པ།།
    དེ་ཡི་ས་ལ་འགོད་པར་ཤོག།

  10. ཡེ་ཤེས་དཔལ། says:
    2013-01-02 at 7:45 am

    དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ།།
    ཡུམ་མཆོག་ཨརྱ་ཏྭ་རེ་མ།།
    མ་ཅིག་ཁྱེད་ལ་གསོལ་འདེབས་ན།།
    ན་རྒ་འཆི་པའི་འཇིག་ལས་སྐྱོབས།།

  11. རིན་ཆེན་དར་རྒྱས། says:
    2013-01-02 at 9:59 am

    རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 12:27 pm

    ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །

    ཨོཾ་ཏཱ་རེ་ཡིས་བྱིན་གྱིས་རློབས། །
    ཏུཏྟཱ་རེས་དགོས་དོན་སྟེར། །
    ཏུ་རེས་འཇིགས་པ་ཐམས་ཅད་སྐྱོབས། །
    སྭྰ་ཧྰས་ཁྱོད་སར་འགོད་པར་ཤོག །

    ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །

  13. བན་དེ་བ། says:
    2013-01-02 at 12:33 pm

    ཧཧཧཧ

  14. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 12:44 pm

    རྫོགས་ཆེན་པ་ཡིན་ན། གྲྭ་མིན་ན་ཡང་གྲྭ་ཆས་གྱོན་ཆོག་པས་ཁྱབ་བམ་མ་ཁྱབ། ལགས།

  15. སྣང་བྲལ་རྡོ་རྗེ། says:
    2013-01-02 at 12:52 pm

    བན་བོན་རྣམས་ཀྱིས་གཅིག་གྱུར་གྱིས་སྒྲོལ་མ་ཡག་པོ་གསུང་བཞིན་འདུག་དེ་ཡག་པོ་རེད།

  16. geshelogyal says:
    2013-01-02 at 1:20 pm

    སྒྲོལ་མ་དུང་སྒྲུབ་ཐེངས་གཉིས་པ་འཚོགས་པར། དགའ་བསུ་ཞུ།

  17. ཆོས་ལྡན་དཔལ་མོ། says:
    2013-01-03 at 12:28 pm

    ང་རྫ་ཚེ་རིང་བཀྲ་ཤིས་ལ་དགའ་གི

  18. ཀརྡོ་གཉེར་ཕྱག་པ་ says:
    2013-01-03 at 12:52 pm

    ད་རྫ་ཚེ་མྱང་སོང་། དཔལ་མོས་དེད་བགྱིད།

  19. དྲི་མེད་ལྷག་བསམ། says:
    2013-01-04 at 12:40 am

    སྣང་བྲལ་རྡོ་རྗེ་ལགས། བོན་ལུགས་བྱམས་མའམ་སྒྲོལ་མའི་མཚན་གཟུངས་ཇི་ལྟར་འདོན་དགོས་གསུང་རོགས།

  20. དྲི་མེད་ལྷག་བསམ། says:
    2013-01-04 at 12:47 am

    ཀ་རྡོ་གཉེར་ཕྱག་ལགས། གྲྭ་ཆས་སམ་སྒྲིག་ཆས་ལ་གཅིག་འགྱུར་ཅེར་མི་འདུག་སྟེ། བོད་པའི་གྲྭ་ཆས་ཡིན་ན་ནང་པ་སྤྱི་ལ་མ་ཁྱབ། དེ་བཞིན་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་གྲྭ་ཆས་ཀྱང་བོད་པ་སྤྱི་ལ་མ་ཁྱབ་པོ། །ཆོག་གམ་མི་ཆོག་ཅེ་ན། འདུལ་བ་ལས་མ་བཀག བྱང་སེམས་སུ་གནང་བ། སྔགས་སུ་གྱོན་རུང་བ་རྣམ་པར་སྣང་མཛད་བྱང་ཆུབ་སྤྱོད་དབང་གི་དགོངས་པའོ། །

  21. ཀླུ་སྨྱོན། says:
    2013-01-04 at 12:58 am

    ཤེས་རབ་སྩོལ་ན་ཕྱི་པའི་དབྱངས་ཅན་བསྟེན། །
    རྒྱུ་ནོར་སྟེར་ན་ཧིན་རྡུའི་ཚོགས་བདག་མཆོད། །
    ནང་པ་སྤྱང་པོའི་ལུགས་སྲོལ་ཁྱད་མཚར་འདི། །
    བདག་གིས་གནའ་ནས་ད་བར་ལག་ཏུ་བླངས། །

  22. པདྨ says:
    2013-01-04 at 1:20 am

    ས་དགེ་བཀའ་རྙིང་ཇོ་ནང་སྟེ་ཆོས་བརྒྱུད་ཆེན་པོ་ལྔས་སྒྲོལ་མ་དུང་སྒྲུབ་ལ་ཡི་རང་དང་བསྔགས་བརྗོད་བཅས་ཡོད།
    ཨོཾ།
    ཀ་དག་ཆོས་སྐུའི་སྒྲོལ་མ་ཀུན་ཏུ་བཟང་། །
    ལྷུན་གྲུབ་ལོངས་སྐུའི་སྒྲོལ་མ་ཉེར་གཅིག་གར། །
    ཟུང་འཇུག་སྒྲོལ་མ་ཡེ་ཤེས་མཚོ་རྒྱལ་ལ། །
    གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
    ཨོཾ་ཨྰརྱ་ཏ་རེ་ཏྰྃ་སྭྰ་ཧྰ།
    ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧྰ། །

  23. སྣང་བྲལ་རྡོ་རྗེ། says:
    2013-01-04 at 1:36 am

    དྲི་མེད་ལྷག་བསམ་ལགས། སྒྲོལ་མའི་བསྟོད་པའི་ནང་གི་ཆོས་ཞེས་པའི་ཚིག་ཐམས་ཅད་ལ་བོན་ཞེས་བསྒྱུར་ན་དེས་མཐུས། མ་ཏྲི་མ་སད་ལེ་ཧུམ། འདི་བོན་གྱི་མ་ནི་ཡིན་ཞེས་ཟོག་རྫི་རྒན་པོ་རྣམས་ཀྱིས་དུས་རྒྱུན་དུ་འདོན་གྱིན་ཡོད་

  24. བན་དེ་བ། says:
    2013-01-04 at 2:04 am

    ཨོ་སྟུ་ཡི་སྐད་ཆ་རེད་འདུག་ག། ད་དེ་ཚོ་མི་ཤེས

  25. ཀརྡོ་གཉེར་ཕྱག་པ་ says:
    2013-01-04 at 3:38 am

    ༢༠༽ དྲི་མེད་ལྷག་བསམ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༤ གི་ཆུ་ཚོད་ ༠ སྐར་མ་ ༤༧
    ཀ་རྡོ་གཉེར་ཕྱག་ལགས།
    ་་་་་་་་་་ཆོག་གམ་མི་ཆོག་ཅེ་ན། འདུལ་བ་ལས་མ་བཀག བྱང་སེམས་སུ་གནང་བ། སྔགས་སུ་གྱོན་རུང་བ་རྣམ་པར་སྣང་མཛད་བྱང་ཆུབ་སྤྱོད་དབང་གི་དགོངས་པའོ། །ཟེར།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-01-04 at 3:41 am

    འདུལ་བ་ལས་མ་བཀག བྱང་སེམས་སུ་གནང་བ། སྔགས་སུ་གྱོན་རུང་བ་རྣམ་པར་སྣང་མཛད་བྱང་ཆུབ་སྤྱོད་དབང་གི་དགོངས་པ་འདི་དཔེར་བརྗོད་དང་བཅས། ཁ་གསལ་ཙམ་དུ་གཏོང་རོགས་གནོངས་དང་། ཆོས་ཀྱི་སྤྱན་ཅན་དྲི་མེད་ལྷག་བསམ་ལགས།

  27. དྲི་མེད་ལྷག་བསམ། says:
    2013-01-04 at 12:23 pm

    ཀ་རྡོ་གཉེར་ཕྱག་ལགས། གྲྭ་ཆས་ཡིན་ན་རབ་བྱུང་གི་ཆས་ཡིན་མི་དགོས་ལ། རབ་བྱུང་གི་ཆས་གཙོ་བོ་ཆོས་གོས་དང་རྣམ་སྦྱར་ལྷུང་བཟེད་གསུམ་པ་ཡིན། དེ་གསུམ་གྱིས་སྒོ་ནས་རབ་བྱུང་གི་རྟགས་འབྱེད་དགོས།༡༽འདུལ་བ་ལས་མ་བཀག ཅེས་པ། ཁྱིམ་པ་ལ་རབ་བྱུང་གི་རྟགས་འཆང་ན་ཉེས་པར་འགྱུར་བའི་བཅས་པ་མ་གནང་བར་མ་ཟད། འདུལ་བ་ལུང་ལས་ཁྱིམ་བདག་གྲགས་པའང་དོན་གྱི་དགེ་སློང་ཡིན་པར་གསུངས་པས་དགེ་སློང་ཡིན་ན་ཆོས་གོས་གྱོན་ཅི་ལ་མི་རུང་། དེ་བཞིན། འདུལ་བ་མཚོ་ཊཱིཀ་ལས། གལ་ཏེ་རབ་བྱུང་མ་ཟིན་པར་ཁྱིམ་པ་ལ་ཆོས་གོས་བསྐོན་ཡང་སྐབས་འདིར་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ཉེས་པར་མི་འགྱུར། ཞེས་གསུངས་སོ། ། ༢༽བྱང་སེམས་སུ་གནང་བ། དཀོན་ཅོག་བརྩེགས་པ་ལས། བསླབ་པ་མ་བཟུང་པ་དང་། ཚུལ་ཁྲིམས་འཆལ་བའམ་མ་འཆལ་པའི་དགེ་སློང་གང་ཡང་རུང་སྟེ། དེའི་ངུར་སྨྲིག་སྤོང་དུ་ཇུག་པ་དང་། འཕྲོག་གམ། བརྡེག་གམ། བཙོན་དུ་འཇུག་གམ། ཁྱིམ་སར་འབེབས་སམ། གསོད་དམ་གསོད་དུ་འཇུག་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་པ་དང་། རབ་དབྱེ་ལས། བསམ་པ་སེམས་བསྐྱེད་གྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། ཞེས་གསུངས་སོ། ༣༽སྔགས་སུ་གྱོན་རུང་བ། གོང་མའི་ཐེག་ལ་འོག་མ་མཐའ་དག་འདུ་བ་དང་། ལྟ་བ་གོང་མ་དང་སྤྱོད་པ་འོག་མ་དང་བསྟུན་དགོས་པར་གསུངས་པའི་ལུགས་ཏེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། སྔ་འགྱུར་གྱི་འདུས་པ་མདོའི་ཉན་ཐོས་ཐེག་པའི་སྐབས་སུ་ཆོས་གོས་གསུམ། འཁར་བསིལ། ལྷུང་བཟེད་བཅས་གཏད་པའི་ལུགས་དང་། སྣང་པར་སྣང་མཛད་བྱང་ཆུབ་སྤྱོད་དབང་དུ་བཀྲ་ཤིས་རྟགས་རྒྱ་སྟེ་ཆོས་གོས་ཆུང་ངུ་་གཏད་པའི་ལུགས་དང་། དུས་དགུར་སྨྱུང་་གནས་ཀྱི་སྡོམ་པ་སྲུང་ཚེ། རབ་ན་ཆོས་གོས་བགོ་བ་དང་། ཐ་ན་ཡང་བསླབ་པ་དང་སྟོན་པའི་རྗེས་འཇུག་ཡིན་པ་དྲན་པའི་ཆེད་དུ་བཀྲ་ཤིས་རྟགས་རྒྱ་ངེས་པར་བཅངས་དགོས་པའི་ཕྱག་ལེན་ད་ལྟའི་བར་ཏུ་གནས་སོ། ། དེ་ལྟ་ན། དཔུང་བཟང་ལས། རྒྱལ་བ་ངས་གསུང་སོ་སོར་ཐར་བ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་པ། །སྔགས་པ་ཁྱིམ་པས་རྟགས་དག་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་སླང་བར་བྱ། །ཞེས་མ་གསུངས་སམ་ཞེ་ན། རྟགས་ནི་ཆོས་རྣམས་གཉིས་དང་ལྷུང་བཟེད་ངེས་པར་བསྟེན་མི་དགོས་པ་དང་། འདུལ་བའི་འབོགས་ཆོག་སོགས་མི་དགོས་པ་པ་ལ་བཞེད་པའོ། །མཐའ་མར་སྡོམ་གསུམ་གནས་འགྱུར་གྱི་སྒོ་ནས་ཤེས་དགོས་མོད། དུས་ཚོད་ཀྱི་དབང་གིས་མདོར་བསྡུས་སུ་བཀོད་པ་ལགས། ། དྲི་མེད་པས།

  28. ཀརྡོ་གཉེར་ཕྱག་པ་ says:
    2013-01-04 at 12:34 pm

    ༢༧༽ དྲི་མེད་ལྷག་བསམ་ལགས་ཀྱིས་གསལ་བཤད་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །རྗེས་སུ་མཇལ་ཡོང་།

  29. ཀརྡོ་གཉེར་ཕྱག་པ་ says:
    2013-01-04 at 12:37 pm

    མ་ཏྲི་མ་སད་ལེ་ཧུམ། ཞེས་པ་ཡུལ་ལུང་གང་གི་སྐད་ཡིན་ནམ། ཚིག་གི་གོ་དོན་གང་ཡིན་ནམ། ལགས།

  30. དྲི་མེད་ལྷག་བསམ། says:
    2013-01-04 at 10:04 pm

    དགོངས་དག་ཞུ། ཡིག་ནོར་མང་པོ་ཤོར་འདུག ཆོས་དང་སྣམ་སྦྱར་ལྷུང་བཟེད་གསུམ། རྟགས་དང་ཆོ་ག་སོགས་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (44)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme