Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐེངས་གཉིས་པའི་འཆར་སྣང༌།

Posted on 2009-08-06 By No Comments on ཐེངས་གཉིས་པའི་འཆར་སྣང༌།

___བེ་རི་འཇིགས་མེད་དབང་རྒྱལ།

བཤད་སྒྲུབ་ཀྱི་རླབས་སྟོང་དགུང་ལ་འཕྱོ་བའི་ཆོས་སྡེ་ཆེན་པོ་དེར། ཚོགས་གསོག་གི་མཆོད་འབུལ་དང་སྒྲིབ་སྦྱོང་གི་ཕྱག་སྐོར་གང་ནུས་ཞིག་བྱེད་ཞོར། ང་རང་USAནས་མཁའ་ལམ་བརྒྱུད་དེ་འོངས། ཆོས་སྡེ་དེར་ངའི་ངོ་ཤེས་ས་སུ་མེད་ལ་རྒྱུས་ལེན་ས་དེ་བས་མེད། ངས་ཁང་པ་ཆུང་ཆུང་ཞིག་གླས་ཏེ་དེར་བསྡད། དེ་ནས་དགོན་པ་དེར་མང་ཇ་དང་སྐུ་འགྱེད་ཀྱི་མཆོད་འབུལ་དང༌། ཕྱག་དང་སྐོར་བས་སྒྲིབ་སྦྱོང་གང་ནུས་བྱས། ཉིན་གཉིས་གསུམ་ཙམ་གྱི་ནང་ངོ་ཤེས་ས་སུ་ཡང་མེད་པའི་དགོན་པ་དེའི་ནང་གྲོགས་པོ་གསར་པ་ཆུ་ཁའི་བྱེ་མ་ལྟར་འཕེལ་བྱུང༌།

“ཁྱོད་ང་ཚོའི་གྲྭ་ཚང་གི་ཐོབ་ཁོངས་རེད།”

“ཁྱོད་ང་ཚོའི་ཁང་ཚན་གྱི་མི་ཁོངས་རེད།”

“ཁྱོད་དང་ང་གཉིས་མི་ཚན་གཅིག་རེད།”

“ང་གཉིས་ཕ་ཡུལ་གཅིག་པ་རེད།”

“ང་གཉིས་གྲོང་པ་གཅིག་པ་རེད།”

“ཁྱོད་ངའི་སྤུན་མཆེད་རེད།”

“… …”

“… …”

ངའི་སྒོ་འགྲམ་ནས་ཇ་དམ་དང༌། སྦི་སི་ཀོཊ་སོགས་ཀྱི་ལག་རྟགས་ཁུར་མཁན་ཚོ་མིག་རྒྱང་གིས་མི་མངོན་པར་རུ་བསྟར་བསྒྲིགས་འདུག

“བོད་མི་རིགས་ཀྱི་དགེ་འདུན་པ་འདི་ཚོ་དང་འདྲེས་གཤིབས་བདེ་བོ་འདི་འདྲ་རེད༌།”

ང་རང་མནན་ཐབས་མེད་པའི་སྤྲོ་སྣང་ཆེན་པོ་ཞིག་གིས་གདོང་ངོས་ནས་འཛུམ་མདངས་ཤིག་དབང་མེད་དུ་ཤོར།

“འཇིག་རྟེན་གྱི་སྐྱིད་སྡུག་ནི་དབྱར་གཞུང་གི་གནམ་གཤིས་ལྟར་ངེས་བརྟན་མེད་པར་འགྱུར་ལྡོག་གི་རང་བཞིན་ཅན་ཞིག་རེད”

ཅེས་སངས་རྒྱས་མན་ཆད་དང་གནའ་རབས་རྒནཔོ་ཚུན་ཆད་ཀྱི་གསུང་སྒྲོས་དེ་བདེནཔ་ལོས་ཡིན། ཐེངས་གཉིས་པ་སླར་ཡང་མཆོད་འབུལ་དང་ཕྱག་སྐོར་ཆེད་རྒྱ་གར་དུ་སླེབ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་ལྡི་ལི་ནས་ངའི་དངུལ་དང་དངོས་པོ་ཕལ་ཆེ་བ་བོར་བརླགས་ཤོར་སོང༌།

“ཨཱ་་༌། སྐྱོན་མེད། སྐྱེས་པ་ཕོ་ལ་སྐྱིད་སྡུག་སྣ་དགུ་ཡོང་རྒྱུ་ལོས་ཡོད། ཡིན་ནའང་དྲག གདན་སའི་ནང་ཡོད་པའི་ངོ་ཤེས་པ་དེ་ཚོ་ལ་བཅར་ན།”

ངས་དེ་ལྟར་བསམ་བཞིན་སླར་ཡང་ཆོས་སྡེ་ཆེན་པོ་དེར་འོངས། ཐོག་མར་མི་ངོ་ཤེས་པ་ཁ་ཤས་ཡོང་ནས་འཚམ་འདྲི་བྱས་བྱུང༌། ངའི་སྐྱིད་ཀྱི་གནས་ལུགས་བཤད་ཟིན་མཚམས་ཁོང་ཚོ་སྣ་སུན་བྱེད་བཞིན་རིམ་གྱིས་རིམ་གྱིས་ག་ལེ་ག་ལེར་ལངས་ནས་ཕྱི་ལ་ཕེབས་སོང༌།

དུས་དེ་ནས་བཟུང་ངའི་སྤྱིལ་བུ་ཆུང་ཆུང་དེའི་ནང་དབེན་ཐེང་ངེ༌། ཁུ་སུམ་མེར། འཚམ་འདྲི་བྱེད་མཁན་མི་འདུག་ལ་གྲྭ་ཚང་དང༌། ཁང་ཚན། མི་ཚན། ཕ་ཡུལ་གཅིག་པ། ཐ་ན་སྤུན་མཆེད་ཚུན་ཆད་ལོ་སྔ་མའི་ནང་ང་ཡིན་ཁོ་ཡིན་ཟེར་མཁན་ཡོངས་རྫོགས་འཇའ་ཡལ་བ་ལྟར་གྱུར། སྒོ་འགྲམ་དུ་ལག་རྟགས་ཁུར་མཁན་གྱི་རུ་བསྟར་སྒྲིག་པ་ཡང་དྲི་ཟའི་གྲོང་ཁྱེར་ལྟར་ཡལ།

ཨཱ་་་་་་ཅི

འཁྲུལ་སྣང་གི་རྨི་ལམ་མམ། སྒྱུ་ཐབས་ཀྱི་མིག་འཕྲུལ་ཅི་ཞིག་་་ ་་་

ཀྱེ་མ། འཇིག་རྟེན་འདི་ནི་ཅི་འདྲའི་གཏིང་མི་དཔོག་པའི་ལྐོག་འགྱུར་གྱི་ཁུག་ཀྱོག་དོག་པོ་ཞིག་རེད་ཨང༌།

༡༩༩༥/༥/༢༨/ མཚན་མོར་བྲིས། <<རྩམ་པ>>དུས་དེབ་གཉིས་པའི་ཐོག་བཀོད།

བརྩམས་སྒྲུང་།

Post navigation

Previous Post: དགོངས་འཁྲོལ།
Next Post: འགྲམ་ངོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (42)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme