Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐུན་བཞིའི་བླ་མའི་རྣལ་འབྱོར་གྱི་བཤད་པ།

Posted on 2016-07-192016-07-19 By ཁ་བརྡ་ 11 Comments on ཐུན་བཞིའི་བླ་མའི་རྣལ་འབྱོར་གྱི་བཤད་པ།

སྐྱོ་བྲག་དགའ་དབང་།

 
སྤྱིར་བླ་མའི་རྣལ་འབྱོར་ནི་གངས་ལྗོངས་སུ་དར་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྲོལ་ལ་གལ་འགངས་ཧ་ཅང་གི་ཆེན་པོ་ཡིན་པ་བཞིན། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པས་ཀྱང་ཐུན་བཞིའི་བླ་མའི་རྣལ་འབྱོར་ནི་ཤིན་ཏུ་གལ་ཆེན་གྱིས་རྒྱུན་ཁྱེར་བྱ་བའི་གནའ་སྲོལ་ཡོད་པ། ཀརྨ་ཆགས་མེད་ཀྱིས། ཡང་ཟུར་གྲྭ་གསུམ་སྒོམ་གྲྭ་ལ་སོགས་སུ། །ཉིན་གསུམ་མཚན་གསུམ་འདི་ལ་ཐུན་བཟུང་སྟེ། །གསོལ་འདེབས་ཚིགས་བཅད་ལ་སོགས་འདོན་སྲོལ་ཡོད། །སྲོད་དང་ཐོ་རངས་ནམ་ཕྱེད་ལན་གསུམ་དུ། །འཁར་རྔ་བཏང་རྗེས་ཆོས་ཁྲིམས་པ་དེ་ཡིས། །སྒར་པ་བསྐོར་ཞིང་ཅོག་པུ་ཐམས་ཅད་ཉུག །མ་བཏོན་གཉིད་ནི་བསྡད་ན་ཆད་པ་ཡོད། །ཀཾ་ཚང་ཉམས་ལེན་རྩ་བ་འདི་རང་ཡིན། །ཞེས་ཐུན་བཞིའི་དམིགས་ཟིན་དུ་གསུངས་ཤིང་། ད་ལྟར་ཡང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཕྲིན་ལས་ཀྱིས་ཁྱབ་པའི་ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་འཁོད་པའི་སྐྱ་སེར་ཡོད་དོ་ཅོག་གི་གལ་ཆེ་བའི་རྒྱུན་ཁྱེར་གྱི་གྲས་ཡིན།

f93f506b-51be-4e15-a764-7fa43913cc35ཐུན་བཞིའི་བླ་མའི་རྣལ་འབྱོར་གྱི་རྩ་བའི་གཞུང་ནི། ཀརྨ་གཞན་ཕན་རྒྱ་མཚོས། ཀཾ་ཚང་ཡབ་སྲས་དྲུག་གི་རྣམ་ཐར་དྭངས་གསལ་ཤེལ་གྱི་མེ་ལོང་ལས། གསོལ་འདེབས་ཀྱི་ཚིག་དེ་ཕལ་ཆེ་བ་རྒྱལ་བ་ཐམས་ཅད་ཀྱི་རང་བཞིན་མི་བསྐྱོད་རྡོ་རྗེའི་གསང་ཚིག་ལ་ཉིད་ཀྱི་སློབ་མ་གྲུབ་ཐོབ་རྣམས་ཀྱི་དག་སྣང་ལ་ཤར་བའི་ཚིག་ཚོགས་རྣམས་བསྒྲིགས་པ། ཞེས་བཤད་པ་ལྟར་ན་ཀརྨ་པ་མི་བསྐྱོད་རྡོ་རྗེ་བླ་སློབ་ཐུན་མོང་གི་གསུང་ཡིན་པར་འདུག །
ཐུན་བཞིའི་ཁྲིད་ཡིག་ད་ལྟར་ང་ཚོའི་སྤྱོད་ཡུལ་དུ་གྱུར་པ་ནི། ཞྭ་དམར་དཀོན་མཆོག་འབངས་ཀྱི་གསུང་ཐུན་བཞིའི་ཉམས་ལེན་ལ་ཕྱག་ཆེན་གྱི་དམིགས་རིམ་སྦྱར་བ་དང་། ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཐུན་བཞིའི་ཟུར་རྒྱན། འགྲོ་མགོན་ཀརྨ་ཆགས་མེད་ཀྱི་ཐུན་བཞིའི་དམིགས་ཟིན། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་མི་འཇིགས་དབུགས་འབྱིན་གྱི་འགྲེལ་པ། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ཀྱི་ཐུན་བཞིའི་འགགས་འདུས་རྩ་ཚང་བཅས་རེད།

ངས་བྲིས་པ་ཐུན་བཞིའི་བླ་མའི་རྣལ་འབྱོར་གྱི་བཤད་པ་ནོར་བུ་འབར་བ་ནི། རང་བཟོའི་ཕོ་ཚོད་བྱས་པ་ཙམ་མིན་པར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཤད་སྒྲོས་གཙང་མ་ཡོང་ཆེད་དང། ཁྲིད་ཐུང་བརྒྱ་རྩ་ལས། སྤྱིར་ཆོས་འདི་རང་གིས་ཉམས་སུ་བླངས༌། རྟགས་ཐོན། བརྟན་པ་ཐོབ། རང་གི་མྱོང་ཐོག་ཏུ་མ་ཁེལ་བའི་ཆོས་ཚིགས་བཅད་གཅིག་གཞན་ལ་མི་ཟློ་བ་བཀའ་བརྒྱུད་ཀྱི་སྲོལ་ཡིན། དེའི་ཕྱིར་བཀའ་བརྒྱུད་འདི་ཚིག་ཉུང༌། ཚིག་སྐམ་རློན་གྱི་ཐ་སྙད་འབྱེད། ཚིག་རེ་རྒྱུད་ལ་འདྲེ་བ་ལ་ཟླ་སྒོམ་དུ་སྦྲེལ་བའི་སྲོལ་ཡོད། དེ་ལ་ཚིག་རློན་པ་ཟེར། གཞན་ཉམས་སུ་ལེན་པར་ཞག་རེ་ལ་ཤོག་གུ་མང་པོ་ལ་བགྲངས་ནས་འཛིན་པའི་སྲོལ་ཡོད་སྣང༌། དེ་ལ་ཚིག་སྐམ་པོ་ཟེར། ཞེས་ཚིག་སྐམ་རློན་གྱི་ཁྱད་པར་ཡང་ཡོད་པས་ན། འགྲེལ་པའི་ཚིག་ཕལ་མོ་ཆེ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་ཁྲིད་ཐུང་བརྒྱ་རྩ་ལ་གཞི་བཅོལ་ཏེ། ཁྲིད་ཡིག་དག་ཏུ་འཁོད་པའི་དམིགས་རིམ་རྣམས་གཞུང་གི་ཐད་ཀའི་དཀྱུས་སུ་བཀོད། ཀརྨ་ཆགས་མེད་ཀྱི་རི་ཆོས་མཚམས་ཀྱི་ཞལ་གདམས་ཀྱིས་ཁ་གསལ་དུ་བཏང་བ་ཙམ་ཡིན།

གཞན་ང་ལ་བསྟན་བཅོས་རྩོམ་པའི་ཁྱད་ཡོན། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། འབྲིང་ཡི་དམ་ལྷའི་གནང་བ་ཐོབ་པ། ཐ་མ་ཡང་རིག་པའི་གནས་ལྔ་ལ་མཁས་པ། ཟེར་བ་གང་མེད་ལ། རང་གིས་ཉམས་སུ་བླངས་ནས་ཉམས་མྱོང་སྐྱེས་པ་སོགས་ཀྱང་མེད། ཡིན་ནའང་། སྐུལ་བ་པོ་དག་གི་རེ་བ་དོན་ཡོད་པའི་སླད་དང་། རང་ཡང་ཡུན་རིང་པོ་ཞིག་ཏུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་དང་ཟང་ཟིང་ལ་ཅི་དགར་ལོངས་སུ་སྤྱད་པའི་བཀའ་དྲིན་སེམས་ལ་ཡོད་པ་མཚོན་བྱེད་དུ་ཤུགས་ཕྱུངས་པའོ། །

ངོ་སྤྲོད།

Post navigation

Previous Post: ཨེ་འགོག་རང་འདུན་པ་བློ་གྲོས་སེངྒེ་ལགས་ལ་བསྔོ་སྨོན་ཡང་ཡང་ཞུ།
Next Post: རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས།༼༢༽

Comments (11) on “ཐུན་བཞིའི་བླ་མའི་རྣལ་འབྱོར་གྱི་བཤད་པ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-19 at 10:37 am

    བཀྲིན་ཆེ་མཁན་པོ་དགའ་དབང་ལགས་ཐུགས་རྗེ་།
    ཐུན་བཞིའི་བླ་མའི་རྣལ་འབྱོར་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ་།

  2. ནུབ་ཕྱོགས་གངས་ཕྲུག says:
    2016-07-19 at 11:48 am

    ཐུན་བཞི་བླ་མའི་རྣལ་འབྱོར་འདི། བྱིན་རླབས་ཀྱི་ཚན་ཁ་ཆེ་ལ། ཉམས་ལེན་གྱི་གནད་ལ་འཁེལ་བའི་བླ་མའི་རྣལ་འབྱོར་ཡིན་ས་རེད། ཐུན་བཞི་འདི་ལ་ཚིགས་རིང་ཐུང་མང་ལ། ཚིགས་བཅད་དང་ཚིགས་ལྷུག་སྣ་ཚོགས་པ་གྲུབ་ཐོབ་དང་མན་ངག་གི་ཚིགས་མ་གཏོགས། མཁས་པའི་གསུངས་པ་ནང་བཞིན་མི་འདུག ལར་ནས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་མཁས་དབང་ཡིན་ནའང་ཕྱག་དཔེ་འདིའི་གསུངས་ནི་གྲུབ་ཐོབ་ཀྱི་མན་ངག་དང་འདྲ།

  3. ཤར་ཕྱོགས་གཅོད་སྨྱོན། says:
    2016-07-19 at 4:11 pm

    འོ་ལགས་སོ། དེ་རང་སངཉིན་གྲུབ་ཐོབ་དང་བདེན་པ་ཐོབ་དགོས་ཀྱི་ཡོད་པ་མ་རེད་ལགས། ཅི་ཡང་མི་ཤེས་པ་དག་གིས་བརྩབས་གནང་གི་ཡོད་བ་རེ།ལགས།

  4. ཤར་ཕྱོགས་གཅོད་སྨྱོན། says:
    2016-07-19 at 4:20 pm

    དགོངས་དག། གོང་དེ་ཡིག་ནོར་ཤོར་སོང། བརྩམས་རེད་ལགས།

  5. རྟ་བདུན་དབང་བོ says:
    2016-07-19 at 10:00 pm

    དེང་དུས་བླ་མའི་རྣལ་འབྱོར་སྙིང་ནས་ཉམས་སུ་ལེན་མཁན་རེ་ཨ་ེ་ཡོད་ན། བོད་ཕྱི་ནང་གཉིས་ན་རྟོགས་པོ་མཐོན་པོར་སླེབས་པའི་ཉམས་ལེན་པ་རེ་ཨེ་ཡོད་ན། ཡོད་ན་བཟང་བ་ལ། མངོན་ཤེས་དང་རྫུ་འཕྲུལ་ཐོབ་མཁན་ཨེ་ཡོད་ན། །

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-19 at 10:38 pm

    གང་ཟག་གི་ཚོད་གང་ཟག་གི་ནམ་ཡང་ཚོད་མི་ཐུབ་བོ་།
    ཧ་ཅང་དད་པ་མ་ཆེ་ཤིག་ཟོག་པོ་ཞིག་དང་འཕྲད་ཡོང་ངོ་།
    ཧ་ཅང་དད་པ་མ་ཆུང་ཤིག་སངས་རྒྱས་སྒོ་ནས་ཤོར་ཡོང་ངོ་།
    ཨ་རོ་ཚོ་སྐུ་རྩེད་ཞུས་ཡིན་ད་།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-07-20 at 10:26 am

    དེང་དུས་བདག་ཚེ་འབྲས་བུ་ཡོད།
    ་
    ཅེས་པ་ཁོ་བོས་འདོན་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་ན་ཡོད་པ་ལྟར། བོད་ཀྱི་མིང་ཚིག་དག་འགྱུར་འགྲོ་བར་བསམ་བློ་དགོས་པ་ནི། དཔེར་ན། ཤོག་བུ་དང་ཤོ་གུ་ཞེས་པའི་སྒྲ་གཉིས་ཇི་ལྟར་བྱུང་བར་དཔྱད་ན། དང་པོ་ཤོག་བུ་ཞེས་པ་ཡོད། དེར་ཡོད་པའི་བ་ཡིག་མེད་པར་སོང་། ཨུ་ཡིག་ལུས་པ་དེ། ཤོག ཅེས་པའི་རྗེས་འཇུག་ག་ཡིག་ལ་ཞུགས་ནས། ཤོ་གུ། ཞེས་མིང་གཞི་དང་རྗེས་འཇུག་ཚེག་བར་སོ་སོ་ནས་འདོན་པ་མཆིས། དཔེར་ན། རྒྱལ་བ་ཞེས་པ་ལེགས་པའི་དོན་དུ་ལ་དྭགས་སུ་ཡོད་པར་མ་ཟད་མདོ་མཛངས་བླུན་དང་། འདུལ་བ་ཕྲན་ཚེགས་སུ་ཡང་ཡོད། ལ་དྭགས་ངའི་གྲོང་སོགས་སུ་ཟུར་ཆག་ཏུ་གྱུར་ནས། རྒྱ་ལ། ཞེས་ཟེར་ཡང་། ལ་དྭགས་གཤམ་ཕྱོགས་པས། རྒྱལ་བ་ཞེས་དག་པར་འདོན། བོད་དབུས་གཙང་དུ་ཡང་ལོ་ངོ་བརྒྱ་ཕྲག་སྔོན་དུ་མིང་ཚིག་འགའ་ཞིག་ལ་ཟུར་ཆག་བྱུང་ནས། རིལ་བུ་ལ་རི་ལུ། ཞེས་པ་ལྟ་བུའོ།
    ལ་དྭགས་སུ་ཨི་ལྡན་གྱ་རྣམས་དབྱེ་སྒྲ་དག་ལ་གསལ་བྱེད་ཀ་དང་། ག་དང་། ཡ་རྣམས་མེད་པར་ཆགས་ནས། ཆོས་ཀྱི་ལ་ཆོ་སི་དང་། བོད་ཀྱི་ལ་བོ་དི། རྒྱབ་ཀྱི་ལ་རྒྱ་བི། ཞེས་ཁ་ནས་འབོད་པ་ཡོད་ཀྱང། དེ་དག་ལ་འགའཞིག་གིས་ཆོས་སི། བོད་དི། རྒྱབ་བི་སོགས་འབྲི་བ་ནི་སྒྲའི་འགྱུར་ཚུལ་ལ་ལེགས་པར་མ་བསམས་པའི་སྐྱོན་དུ་སྣང་ངོ་།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-07-20 at 10:36 am

    ཨི་ལྡན་གྱ་རྣམས་དབྱེ་་ཞེས་པར་ཨི་ལྡན་རྣམ་དབྱེ་ཞེས་ཞུས་དག་བྱས།

  9. གཡག་རྒོད says:
    2016-07-20 at 5:55 pm

    ལ་དྭགས་པ་བློ་བཟང་འཇམ་དཔལ་ལ་བཀའ་དྲིན་ཆེ། མཁས་བའི་མན་ངག་རེད། དེང་སང་སྐད་བརྡ་རིག་པ་ཞེས་པའི་རིག་ཚན་གསར་བ་འདི་བོད་ཀྱི་རིག་གཞུང་གི་ཟ་དང་ཟུར་ནས་འཛུལ་འོང་གི་འདུག འདི་ང་ཚོར་མཚོན་ན་བཀྲ་ཤིས་བའི་རྟགས་མཚན་ཞིག་རེད། ལར་ནས་བརྡ་སྤྲོད་རིག་པས་ཐག་མ་ཆོད་པ་སྐད་བརྡ་རིག་པས་ཟུར་རྒྱན་ནས་གླེང་གི་འདུག ཁྱད་པར་དུ་བོད་ནང་ལོགས་ནས་གླེང་གི་འདུག བོད་ནང་དུ་སྐད་བརྡ་རིག་པའི་སྤྱི་བཤད་ཅིག་འཁྲུངས་ནས་ལོ་ཤས་འགོར་ཞིང་དེའི་སྟེང་ནས་ཆེད་ལས་བ་མང་དག་ཅིག་གསོ་སྐྱོང་བྱེད་བཞིན་འདུག ལྷག་པར་དུ་ལོ་རྒྱུས་སྐད་བརྡ་རིག་པ་ཞིག་གཞི་གྲུབ་དགོས་ན་ལ་དྭགས་དང་རྒྱལ་རོང་། མི་ཉག་དང་རྟུའུ་སྐད་སོགས་བོད་རང་གི་གདོད་མའི་རང་གཤིས་ལྡན་པའི་སྐད་འདི་དག་ཞིབ་འཇུག་མ་བྱས་ན་ཡོང་གི་ཡོད་ས་མ་རེད། གོང་དུ་རྒན་ལགས་ཀྱིས་ཀྱང་ཡུལ་སྐད་ཀྱི་འཕེལ་རིམས་དོན་ལ་གནས་ཤིང་སྐད་བརྡའི་བྱུང་བ་ལ་བླ་ནས་འཕྲོད་པའི་མན་ངག་གནང་འདུག་པས་གློ་བ་ཤིན་ཏུ་ཉེ།

  10. ཟུར་གནས་ says:
    2016-07-20 at 8:59 pm

    བླ་མའི་རྣལ་འབྱོར་དེ་བོད་པའི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པ་འདྲ། རྒྱ་གཞུང་ནང་ལ་བླ་མའི་རྣལ་འབྱོར་ཡོད་དམ། གཞན་གྱི་བོད་ཀྱི་ཆོས་དེ་བླ་མའི་ཆོས་ཟེར་བ་འདི་བླ་མའི་རྣལ་འབྱོར་དང་འབྲེལ་ནས་ཤོད་ཀྱི་ཡོད་དམ། གོང་གི་དྲི་བ་དེ་ལ་ཟུར་ཟ་མེད།

  11. ཨ་ཁུ་འབྲོག་པ། says:
    2016-07-21 at 2:12 pm

    བླ་མའི་རྣལ་འབྱོར་གསང་སྔགས་པའི་ཐུན་མོང་མ་ཡིན་པའི་ཉམས་ལེན་རེད། ས་པཎ་གྱིས། རབ་བྱུང་མིན་ལ་མཁན་པོ་མེད། །དབང་མ་བསྐུར་ལ་བླ་མ་མེད། །ཅེས་གསུངས་པ་ལྟར། གསང་སྔགས་སྐོར་གྱི་རྒྱ་གཞུང་ཡིན་ན་བླ་མའི་རྣལ་འབྱོར་ལོས་ཡོད། གསང་སྔགས་མིན་ན་བླ་མའི་རྣལ་འབྱོར་འོང་དོན་མེད། མདོར་ན། རྒྱ་གར་དུ་གསང་སྔགས་གསང་སྟེ་མཛད་པས་གྲགས་མི་ཆེ་ཡང་། བོད་དུ་གསང་སྔགས་དར་རྒྱས་ཆེ་བས་ཕྱི་ནང་གསང་གསུམ་དང་། ཡང་གསང་དེ་ཁོ་ན་ཉིད་ཀྱི་བླ་མའི་རྣལ་འབྱོར་སོགས་ཤིན་ཏུ་མང་། ཞིབ་ཏུ་སྤྲོས་མ་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme