Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐར་པ་ཆེན་པོ་གཉིས་ཏེ་“མི་སྒེར་གྱི་ཐར་པ་”དང་“སྤྱི་ཚོགས་ཀྱི་ཐར་པ”ར་འཁྲིད་པའི་ཚུལ།

Posted on 2016-07-11 By ཁ་བརྡ་ No Comments on ཐར་པ་ཆེན་པོ་གཉིས་ཏེ་“མི་སྒེར་གྱི་ཐར་པ་”དང་“སྤྱི་ཚོགས་ཀྱི་ཐར་པ”ར་འཁྲིད་པའི་ཚུལ།

རྩོམ་པ་པོ་ཤེས་རབ་དར་རྒྱས།

༼རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དུ་མ་ཟུར་ཙམ་གླེང་བ༽ཞེས་པ་ནས་ཟུར་འདོན་ཞུས་པ་ཡིན།

ཐར་པ་ཆེན་པོ་གཉིས་ཏེ་“མི་སྒེར་གྱི་ཐར་པ་”དང་“སྤྱི་ཚོགས་ཀྱི་ཐར་པ”ར་འཁྲིད་པའི་ཚུལ།

མགོན་པོ་མཆོག་གི་མཛད་པ་རྣམ་ཐར་ལ་དོ་དབྱིངས་ཆེ་བ་དག་ལ། འདིར་བཤད་པའི་ཐར་པ་ཆེན་པོ་གཉིས་ཀྱི་ཐ་སྙད་འདི་གསར་པའམ་སྔར་གོ་མ་མྱོང་བ་ཞིག་མིན་ནའང་། བོད་འབངས་བྱིངས་ལ་མཚོན་ན། ཐོག་མར་སྤྱི་ལོ་ 1983 ལོར་བོད་རིགས་འདུས་ཚོགས་སུ་གསུངས་ཏེ་མི་ལོ་སོ་གསུམ་ཙམ་འདས་ཀྱང་གོ་མྱོང་ཙམ་ཡང་མེད་པའི་ཚད་དུ་ལུས་ཡོད། ལར་ནས་ཐ་སྙད་དང་པོའི་དོན་ཆོས་གཞུང་དུ་ཡང་ཡང་གསུངས་ཀྱང་ཚིག་རིས་འདི་ལྟར་དུ་མེད་ལ། ཐ་སྙད་ཕྱི་མ་ནི་ལོ་རྒྱུས་སྟེང་མ་བྱུང་བ་ཞིག་ཡིན་པས་འདིར་ཆེད་གཉེར་གྱིས་འགོད་པར་འདོད་དེ་ཐ་སྙད་གཉིས་ཀྱི་བསྟན་དོན་ནི་གཤམ་དུ་ཟུར་ཙམ་བཤད་པར་འདོད་དོ།།

དེ་ལ་ཐོག་མར་འདི་ལྟར་བརྗོད་པར་བྱ་སྟེ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས། འགྲོ་བ་སེམས་ཅན་ལ་ཐད་ཀར་ཕན་བདེ་སྒྲུབ་པའི་དབང་དུ་མཛད་དེ། དེ་སྔ་བོད་དུ་བཞུགས་སྐབས་“ངོས་ཀྱི་རྣམ་ཐར་གཙོ་བོ་དེ་ནི་ར་ལུག་སོགས་ཚེ་ཐར་གཏོང་རྒྱུ་དེ་ཡིན་”ཞེས་བཀའ་སྩལ་བ་དང། སྐུ་ཚེ་ཧྲིལ་པོའི་མཛད་འཕྲིན་གང་ལས་བྱུང་ཞིང་ཅི་ཞིག་ཐུགས་དམ་གྱི་མཐིལ་དུ་མཛད་པའི་དབང་དུ་མཛད་ནས། “ངོས་ཀྱི་རྣམ་ཐར་ཟེར་ན། བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་ཀྱི་ལྟ་བ་གཉིས་ལ་ཐོས་བསམ་ཉམས་ལེན་བྱས་པ་དེ་ཡིན་”ཞེས་བཀའ་སྩལ་བ་གཉིས་ཡིད་ལ་བྱས་ན། ཐར་པ་ཆེན་པོ་གཉིས་ཀྱི་གོ་དོན་ཡང་ཟབ་ས་ནས་རྟོགས་པར་ཕན་ཐོགས་ཆེ་བར་མངོན།
དེ་ལ་གཙོ་བོ་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསན་བསམ་སྒོམ་པ་གནང་བ་ལ་བརྟེན་ནས་“མི་སྒེར་གྱི་ཐར་པ་”དང་། གཙོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་བཞེས་ཀྱི་མཐིལ་དུ་མཛད་པའི་དབང་གིས་“སྤྱི་ཚོགས་ཀྱི་ཐར་པ་”སྒྲུབ་པའི་ཐབས་སྟོན་པ་གཉིས་ནི། མཛད་པ་རྣམ་ཐར་ཡོངས་ཀྱི་སྤྱི་ཆིངས་ལྟ་བུ་དེ་ཡིན། དེ་ཡང་བརྗོད་ཚུལ་བསྒྱུར་ན། ཐབས་ཤེས་གཉིས་ཀྱི་སྟེང་ནས་མཛད་པ་ཐམས་ཅད་ཕྱག་ལེན་དུ་བསྟར་བའི་ཚུལ་ཏེ། དེ་གཉིས་ཀྱང་ཕལ་པའི་སྐད་ཀྱིས་བརྗོད་ན། “རྣམ་དཔྱོད་”དང་“སེམས་པ་བཟང་པོ་”ཞེས་པ་སྟེ། “ལྟ་བ་རྟེན་འབྱུང་”དང་“སྤྱོད་པ་འཚེ་བ་མེད་པ་”ཞེས་ཡང་ཡང་གསུངས་པ་ཡང་མཐར་གཏུགས་ན་སེམས་རིན་པོ་ཆེ་འདི་གཉིས་ལ་ཐུག་པར་གདོན་མི་ཟ་ལ། མཉམ་མེད་བུ་རམ་ཤིང་པའི་བསྟན་པ་མཆོག་གི་སྙིང་དོན་ཡང་དེ་གཉིས་ལས་མ་འདས་པའི་ཚུལ་བཀའ་སྩལ།
འོ་ན་གོང་དུ་བརྗོད་པའི་ཐར་པ་དེ་གཉིས་ཅི་ཡིན་ནམ་སྙམ་ན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་ 1983 ཡས་མས་ནས་སྔ་ཕྱིར་ཚིག་རིས་མི་འདྲ་བ་གཉིས་ཙམ་སྤྱད་དེ་“མི་སྒེར་གྱི་ཐར་པ”འམ་“སྒེར་ལ་དབང་བའི་ཐར་པ་”ཞེས་དང་། “སྤྱི་ཚོགས་ཀྱི་ཐར་པ”འམ་“སྤྱི་ལ་དབང་བའི་ཐར་པ་”ཞེས་སྔར་མ་གྲགས་པའི་ཐ་སྙད་གཉིས་གསར་གཏོད་དང་བཅས་ལན་དུ་མར་བཀའ་སྩལ། དེ་ལ་མི་སྒེར་གྱི་ཐར་པ་ཞེས་པ་ནི། ནང་པའི་གཞུང་ནས་གསུངས་པའི་ཐར་པ་སྟེ་གང་ཞིག་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་བའི་ཐར་པ་སྟེ། གང་ཟག་སྒེར་ལ་དབང་བའམ་སྒེར་གྱི་ལོངས་སུ་སྤྱད་བྱ་ལྟ་བུ་ཡིན། སྤྱི་ཚོགས་ཀྱི་ཐར་པ་ཞེས་པ་ནི། སྤྱི་ཚོགས་ཆེ་ཕྲ་མཐའ་དག་འཚེ་བ་འབྲས་བུ་དང་བཅས་པ་ལས་ཐར་བའི་ཐར་པ་སྟེ་འཛམ་གླིང་ཞི་བདེ་ཞེས་ཡོངས་སུ་གྲགས་པ་དེ་ཡིན། དེ་ནི་སྐྱེ་འགྲོ་ཐུན་མོང་ལ་དབང་བའམ་ཐུན་མོང་གིས་ལོངས་སུ་སྤྱད་བྱ་ཡིན། དེ་ལྟར་ན། སྤྱིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཤིང་དམིགས་མེད་ཀྱི་རྒྱ་དམ་པོས་ཡོངས་སུ་མ་དོར་བའི་བྱ་བྱེད་གང་ཞིག་ཡིན་ཀྱང་ཆོས་ཀྱི་ར་བ་ལས་མི་འགོང་བ་སྨོས་མེད་ཡིན་ཡང་། རྩལ་དུ་འདོན་སའམ་དམིགས་གཏོད་སའི་གཞི་ཆེན་པོ་གཉིས་དབང་བཙན་པར་བྱས་ན། མཛད་པ་རྣམ་ཐར་ཐམས་ཅད་ཆོས་དང་དངོས་སུ་འབྲེལ་བའི་ཐར་པ་དང་། སྤྱི་ཚོགས་དང་དངོས་སུ་འབྲེལ་བའི་ཐར་པ་ཆེན་པོ་གཉིས་སྒྲུབ་ཐབས་སུ་འདུ་བར་མངོན་ཞེས་སྤྱི་ཆིངས་སུ་བརྗོད་ན་འགལ་ཆ་ཅི་ཡང་མེད།
བསྡུས་ན། མི་སྒེར་གྱི་ཐར་པ་མཆོག་ལ་འཁྲིད་པར་མཛད་པ་ནི། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གནད་མ་ལུས་པ་གདུལ་བྱ་རྣམས་ཀྱི་ཁམས་མོས་བག་ལ་ཉལ་སོགས་དང་འཚམ་པར་དངོས་བརྒྱུད་ཅི་རིགས་ནས་སྟོན་པར་མཛད་པ་ཡན་ལག་དང་བཅས་པ་སྟེ་ཆོས་ཕྱོགས་ཀྱི་མཛད་པ་ཞེས་ཡོངས་སུ་གྲགས་པ་དེ་ཡིན་ལ། སྤྱི་ཚོགས་ཀྱི་ཐར་པ་མཆོག་ཏུ་འཁྲིད་པའི་ཚུལ་ནི་དངོས་བརྒྱུད་ཅི་རིགས་དང་ཐབས་སྣ་ཚོགས་པའི་སྒོ་ནས་གང་ཟག་རྣམས་འཛམ་གླིང་ཞི་བདེའི་ཕྱོགས་སུ་འཁྲིད་པའམ་དེ་ཉིད་དུ་འགོད་པར་མཛད་པ་ལ་བྱའོ།།

དཔྱད་རྩོམ།

Post navigation

Previous Post: ལྟོས་བཅས་ཀྱི་གཟིགས་ཚུལ།
Next Post: “མང་གཙོ་”ནས་“དམངས་གཙོ”ར་བསྒྱུར་བའི་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme