Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ངོ་སྤྲོད།

Posted on 2013-05-20 By ཁ་བརྡ་ 2 Comments on ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ངོ་སྤྲོད།

རྭ་རྒྱ་བློ་དབང་།

ཐའེ་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ནི་སྤྱི་ལོ་༢༠༡༣ ཟླ་༥་ཚེས་བཅུ་བདུན་ཏེ། གནས་བརྟན་པའི་ལུགས་ཀྱི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་འཁྲུངས་སྐར་དང་འབྲེལ་ཏེ་སྒོ་འབྱེད་ཤར་གཏོང་བྱས་ཤིང་། ཆེད་བཀོལ་བརྙན་གཟུགས་ཀྱི་དྲ་རྒྱ་ཞིག་ཡིན་པ་དང་། དེ་ཡང་བོད་བརྒྱུད་ནང་བསྟན་གཙོ་བོར་བྱས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་ཁག་གི་བྱུང་རིམ་དང་། ལྟ་གྲུབ། ཉམས་ལེན། བྱེད་སྒོ། གསར་འགྱུར་སོགས་འགོད་པའི་དམིགས་ཡུལ་བཅངས་ཡོད། སྤྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས་ ༣་ཉིན་ལས་ཀ་དངོས་སུ་མགོ་བཙུགས་ཏེ་ད་ལྟའི་བར་གྱི་ཟླ་ངོ་ལྔ་ལྷག་ལ་དྲ་རྒྱ་ཇུས་འགོད་དང་། བརྙན་ལེན། ཡིག་གཏགས། སྒྲིག་སྦྱོར་སོགས་ཀྱི་བྱ་བ་མཐའ་དག་རིམ་བསྟུད་དུ་བསྒྲུབས་ཏེ་དེ་རིང་སྟེ་སྤྱི་ལོ་༢༠༡༣ ཟླ་༥་ཚེས་ ༡༧ ཐའེ་པེ་སློབ་ཆེན་གྱི་་་་་ཚོམས་ཆེན་དུ་སྒོ་འབྱེད་མཛད་སྒོ་གཟབ་རྒྱས་དང་བཅས་དངོས་སུ་ཤར་གཏོང་བྱས། འདས་པའི་ཟླ་བ་དེ་དག་གི་རིང་ལ་ཆོས་བརྒྱུད་རིས་མེད་དང་། སྐྱ་སེར་ཁྱད་མེད་ཀྱི་མཁས་པའི་འཆད་ཁྲིད་བདུན་ཅུ་ལྷག་ཅིག་བརྙན་ཕབ་བྱས་ཟིན་པ་དང་། དྲ་རྒྱ་འདིའི་རང་གི་རྩ་དོན་ལྟར་འཛམ་གླིང་གི་ནང་པའི་བརྒྱུད་པ་ཆེན་པོ་གསུམ་དང་། དེ་དག་རེ་རེའི་ནང་ཚན་གྱི་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་དང་ཉམས་ལེན། ལོ་རྒྱུས། ཕྱག་སྲོལ་དང་བཅས་པ་ངོ་སྤྲོད་བྱ་རྒྱུ་ཡིན།

དྲ་རྒྱ་འདི་ནི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡན་ལག་སྡེ་ཚན་ཞིག་ཡིན་པ་དང་། ཐའེ་ཝན་གནས་བཞུགས་ཤེས་འཇོན་ལྷག་བསམ་ལྡན་པའི་བླ་སྤྲུལ་མཁན་པོ་དགེ་བཤེས་སྐོར་ཞིག་གིས་གྲོས་བསྡུར་རབ་དང་རིམ་པ་བརྒྱུད་མཉམ་ལས་ཀྱིས་རྩ་འཛུགས་བྱས་པ་ཞིག་ཡིན། བརྙན་འཕྲིན་དྲ་རྒྱ་འདིའི་འགན་དབང་ལྡན་པའི་མི་སྣའི་ཁྲོད།  རྒྱལ་བསྟན་རིས་མེད་རིག་འཛིན་ཚོགས་པའི་ཀ་ཐོགཿརིག་འཛིན་ཆེན་པོ། ཐའེ་ཝན་ཀླུ་སྒྲུབ་ཆོས་ཚོགས་ཀྱི་ཨ་ཀ་རིན་པོ་ཆེ། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཆོས་ཚོགས་ཀྱི་འཇའ་ཚོན་རིན་པོ་ཆེ། བྱང་ཆུབ་ཐེག་གསུམ་ཆོས་གླིང་གི་མཁན་པོ་ཚུལ་རྣམ་རིན་པོ་ཆེ། སྔ་འགྱུར་དྲེལ་དཀར་མདོ་རྒྱུད་ཆོས་གླིང་མཁན་པོ་ཆོས་ཉིད་དོན་རྟོགས། འབའ་རོམ་བཀའ་བརྒྱུད་བྱང་ཆུབ་ཆོས་གླིང་གི་ཚང་སར་ཀུན་དགའ་རིན་པོ་ཆེ། སློབ་དཔོན་བསོད་ནམས་ཕུན་ཚོགས། མཁན་པོ་ཚེ་རིང་བཀྲ་ཤིས། མཁྱེན་བརྩེ་ནུས་ལྡན་གླིང་གི་དགེ་བཤེས་འཕྲིན་ལས་རྒྱ་མཚོ།  ཐའེ་ཝན་བོད་ཀྱི་དོན་གཅོད་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན། ས་སྐྱ་དགྱེས་པ་རྡོ་རྗེ་ཆོས་ཚོགས་ཀྱི་ཕུར་བླ་རིན་པོ་ཆེ། ཐའེ་ཝན་ས་སྐྱ་ཤེར་ཆེན་ཞིབ་འཇུག་ཆོས་ཚོགས་ཀྱི་སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་སོགས་་ཡོད་ལ། དེ་མིན་ད་དུང་ཚོགས་ཁོངས་སུ་ཞུགས་པའི་མི་སྒེར་དང་ཆོས་ཚོགས་མང་པོ་ཞིག་གིས་བྱ་བ་འདིར་རམ་འདེགས་དང་། འཆད་ཁྲིད་བགྲོ་གླེང་སོགས་ལ་མཉམ་ཞུགས་གནང་བཞིན་པ་ཡིན།

དམིགས་ཡུལ་ནི་ནང་པ་སངས་རྒྱས་པའི་ཡང་དག་པའི་ལྟ་གྲུབ་དང་། ཉམས་ལེན། བྱུང་རིམ་སོགས་ལོག་འཚོ་དང་དཔེ་མཁྱུད་སྤངས་པའི་སྒོ་ནས་འཛམ་གླིང་གི་ནང་ཆོས་དོན་གཉེར་བ་རྣམས་ཀྱིས་ཤེས་རྟོགས་ཡོང་རྒྱུར་དམིགས་ཡོད།

ད་སྔ་༸གོང་ས་སྐྱབས་མགོན་ཆེན་པོ་དབུས་པའི་སྐྱེས་ཆེན་མཁས་དབང་རྣམས་ཀྱི་སྐུ་དྲིན་ལས་བོད་བརྒྱུད་ནང་བསྟན་འཛམ་གླིང་ཁྲོད་དགའ་འོས་པའི་འཕེལ་རྒྱས་དང་དར་ཁྱབ་ཕྱིན་ཏེ་ཉམས་ལེན་བྱེད་མཁན་དང་། ཞིབ་འཇུག་སློབ་སྦྱོང་བྱེད་མཁན་རྒྱ་ཁྱབ་ཏུ་འཕེལ་བཞིན་ཡོད་མོད། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཅེས་པ་ལྟར་དུ། རང་རེའི་ཆོས་བརྒྱུད་འཛིན་པའི་སྐྱེ་བོ་རེ་ཟུང་གི་བྱེད་བབས་ལ་བརྟེན་པ་དང་། གཞན་ཡང་ཆེད་དུ་རང་རེའི་རིག་གནས་ལོ་རྒྱུས་ཆོས་ལུགས་དང་བཅས་པར་བསམ་བཞིན་དུ་མཐོང་ཆུང་ཁྱད་གསོད་བྱ་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཆེད་དུ་གླེང་ཕྱོགས་སྣ་ཚོགས་བཟོ་བ་དང་། གསང་སྔགས་ཉམས་ལེན་གྱི་སྤྱོད་པ་རེ་འགའ་དང་ལྷ་སྐུའི་རྣམ་པ་ཅི་རིགས་ལ་ཁག་བཏགས་ཏེ་ཅི་ཐུབ་ཀྱིས་བོད་ཀྱི་ཆོས་དང་རིག་གནས་ལ་དམའ་དབབ་པའི་ཚོགས་སྡེ་དང་མི་སྒེར་བའང་ཅི་རིགས་མཆིས་ཤིང་། དེ་དག་གི་བྱེད་བབ་ལ་བརྟེན་ནས་ནང་པའི་རྗེས་འཇུག་སྐྱེ་འགྲོ་མང་པོར་ཆོས་སྤངས་ཀྱི་ལས་ངན་ཚབ་པོ་ཆེ་གསོག་པའི་རྒྱུ་རུ་འགྱུར་བ་མང་དུ་འཕེལ་བཞིན་ཡོད་པས། བོད་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དོན་དངོས་གནས་ཚུལ་ཧ་གོ་སྟེ་རང་གཞན་ལོག་པར་ལྟུང་བའི་རྒྱུ་ཚབས་པོ་ཆེ་མི་གསོག་པའི་མཐུན་རྐྱེན་དུ་འགྱུར་རེ་དང་། 

སྤྱིར་ན་དུས་རབས་ཀྱི་འཕེལ་ཕྱོགས་དང་མིའི་རིགས་ཀྱི་འདུ་ཤེས་འགྱུར་རིམ་གྱི་དབང་དུ་བཏང་ནའང་དད་མོས་ཡོད་པ་སྐད་ཀྱི་ཆོས་ལུགས་ཀྱི་དུས་རབས་མཇུག་རྫོགས་ལ་ཉེ་ཞིང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དབང་དུ་བྱས་ན་རིགས་པའི་ཆོས་ལུགས་དང་། རྒྱུ་མཚན་གྱི་ཆོས་ལུགས། གནས་ལུགས་ཀྱི་ཆོས་ལུགས་ཤིག་ཡིན་པས་རང་ཅག་གིས་ད་ལྟའི་འཛམ་གླིང་གི་འཕོ་འགྱུར་ཡ་མ་བརླ་འདིའི་ནང་ཆོས་ལུགས་འདི་ལ་བརྟེན་ནས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་རྒྱ་ཆེར་ཞུ་ཐུབ་པའི་གདེང་སྤོབས་རྒྱུ་མཚན་ལྡན་པ་ཡོད་པའི་ཐོག དུས་རབས་དང་འདུ་ཤེས་ཀྱི་འགྱུར་བ་ལ་བསྟུན་ཏེ་རང་རེའི་ཆོས་ལུགས་དར་སྤེལ་རྒྱུད་འཛིན་ལ་འབད་པ་བླ་ལྷག་བསྟེན་དགོས་པ་སྨོས་མེད་ཡིན། ༸གོང་ས་སྐྱབས་མགོན་ཆེན་པོས་ཡང་ཡང་གདམས་པ་ལྟར་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་པ་ལ་སྡོམ་སེམས་དང་དད་མོས་ཙམ་གྱིས་མི་ཆོག་པར་ཤེས་རབ་ཀྱི་དཔྱད་སྟོབས་ལ་བརྟེན་ནས་དད་མོས་བྱེད་པ་དང་། ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྤྱོད་པ་ལ་བསླབ་རྒྱུ་ནི་དུས་རབས་དང་འཚམ་པའི་ཆོས་ལུགས་པ་ཞིག་གི་འགན་འཁྲི་ཡིན། དེ་འདྲའི་འགན་འཁྲི་ཞིག་འཁུར་བར་ངེས་པར་དགོས་པ་ནི་ཐོས་བསམ་སྒོམ་གསུམ་གྱི་རྣམ་གཞག་ལས་འདའ་ས་མེད་པས། ཐམས་ཅད་ཀྱི་རྩ་བ་ནི་ཐོས་པ་སྟེ་སློབ་སྦྱོང་བྱ་དགོས་པ་ཡིན། དེའི་ཕྱིར་དྲ་རྒྱའི་བརྙན་འཕྲིན་འདི་བརྒྱུད་ནས་འཛམ་གླིང་ཡོངས་ཀྱི་ནང་པ་རྣམས་ལ་རང་རེའི་ལྟ་སྒོམ་སྤྱོད་གསུམ་གྱི་དོན་དངོས་གནས་ཚུལ་ར་སྤྲོད་ཐབས་བྱེད་རྒྱུ་ལ་འབད་པ་གཙོ་བོར་བསྟེན་བཞིན་ཡོད། 

མིག་སྔར་བོད་ཀྱི་དྲ་རྒྱ་ཁག་ལ་ལྟོས་ནས་བཤད་ན། དྲ་རྒྱ་འདི་ནི་ཆོས་ལུགས་ཀྱི་སློབ་གསོ་གཙིགས་སུ་བཟུང་བའི་བརྙན་འཕྲིན་གྱི་དྲ་རྒྱ་གཅིག་བུ་དེ་ཡིན་ལ་གནས་སྐབས་སུ་ཡི་གེའི་ཆ་ནས་རྒྱ་ཡིག་རྐྱང་བ་བཀོལ་གྱི་ཡོད་པ་དང་། སྐད་ཆ་ལ་བོད་རྒྱ་དབྱིན་གསུམ་ཅི་རིགས་ཡོད། ང་ཚོའི་བོད་དབྱིན་གཉིས་ཀྱི་འཆར་ཡིག་ལྡན་པའི་བརྙན་འཕྲིན་དྲ་བ་ཡང་འཛུགས་སྐྲུན་བྱ་ཐུབ་པའི་རེ་བ་འཆང་གི་ཡོད།  དེ་མིན་དྲ་རྒྱ་འདིའི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་གྲགས་ཅན་སྣ་ཚོགས་མཚམས་སྦྱོར་བྱ་རྒྱུ་ཡིན་ལ། གལ་ཏེ་བདག་དབང་གི་ཆ་ནས་མོས་མཐུན་ཡོད་པའི་དཔེ་དེབ་རིགས་ PDFདང་ eBook ཅི་རིགས་ཐོག་ཕབ་ལེན་བྱ་སའང་ཡོད། (གནས་སྐབས་རྒྱ་ཡིག་མ་གཏོགས་བཀོལ་གྱི་མེད།) 

དྲ་རྒྱ་འདིས་བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐྱེས་ཆེན་མཁས་དབང་མང་པོ་ཞིག་གི་འཆད་ཁྲིད་བརྙན་ལེན་སྒྲིག་སྦྱོར་བྱས་དང་བྱེད་མུས་ཡིན་ལ། ལྷོ་བརྒྱུད་དང་རྒྱ་བརྒྱུད་ཀྱི་མཁས་པ་ཚོའི་འཆད་ཁྲིད་དང་མཛད་ཕྲིན་ཀྱང་བརྙན་དུ་ཕབ་ནས་ཐུན་མོང་གི་ལོངས་སྤྱོད་དུ་འབུལ་ངེས་ཡིན། 

དྲ་རྒྱའི་ཁ་བྱང་ནི།  www.ttbtv.org

གསར་འགྱུར།

Post navigation

Previous Post: མི་ཆེན་དང་མི་ཆུང་།
Next Post: བཙན་པོའི་སྙིང་སྟོབས། (རང་ལུས་ཞུགས་འབུལ་དང་པེ་ཅིན་སྲིད་གཞུང༌།)

Comments (2) on “ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ངོ་སྤྲོད།”

  1. དབྱངས་ཅན་འབངས། says:
    2013-05-20 at 9:45 am

    བཀྲིས་བདེ་ལེགས། དེང་རབས་ཀྱོ་འཕྲུལ་ཆས་བཀོལ་ནས་སྔ་རབས་ཀྱི་རིག་གཞུང་བཟང་པོ་འཇིག་རྟེན་སྤྱིའི་ཕན་བདེའི་གཞི་རྩར་དར་སྤེལ་གྱི་མཛད་བཟང་ལ་ཡི་རངས་བསྔགས་བརྗོད་ལན་བརྒྱར་ཞུ་བ་དང་། དང་པོའི་དམིགས་ཡུལ་ནས་མ་འཁྱོགས་པར་འཐུས་སྒོ་ཇེ་ཚང་དང་སྤུས་ཀ་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་སྙིང་དབུས་ནས་ཞུ། ཁ་དྲོ།

  2. འབྲོག་ཕྲུག says:
    2013-05-21 at 6:14 am

    ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།།
    ཝ་ལེར་བསམ་ན་ཐམས་ཅད་ནོར་གྱི་དོན།།
    དགེ་ཆོས་ཀྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme