Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་དུ་ནང་བསྟན་འཆད་སྤེལ་གནང་ཐབས་ཟབ་སྦྱོང་དབུ་འཛུགས།

Posted on 2021-03-032021-03-03 By ཁ་བརྡ 1 Comment on ཐའེ་ཝན་དུ་ནང་བསྟན་འཆད་སྤེལ་གནང་ཐབས་ཟབ་སྦྱོང་དབུ་འཛུགས།

གནས་ཚུལ་ཡོང་ཁུངས། ཞིབ་འཇུག་ཚོགས་པའི་ཡིག་ཚང་།

དེ་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ཤེས་རབ་དང་སྙིང་རྗེའི་ཉམས་ལེན་འདི་དག་དེང་གི་དུས་འདིར་ཡང་འཛམ་གླིང་སྤྱི་ལ་མཁོ་བའི་ནོར་བུ་ཉིད་དུ་གྱུར་ཡོད་ན་ཡང་། དེ་ཉིད་ཡུལ་དུས་གནས་སྐབས་དང་འཚམས་པར་གདུལ་བྱ་རྣམས་ལ་ཡང་དག་པར་སྟོན་པར་བྱེད་པ་ལ་དམིགས་བསལ་འཆད་ཁྲིད་ཀྱི་ཐབས་ལམ་སོགས་དགོས་ངེས་ཡིན་པ་ལྟར། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་དུས་རིམ་དང་པོའི་ནང་ཆོས་འཆད་སྤེལ་གྱི་ཟབ་སྦྱོང་ཞིག་སྤྱི་ལོ་༢༠༢༡ ཟླ་ ༣ ཚེས་ ༡ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་དབུ་འཛུགས་ཞུས་ཡོད།

འབྱུང་འགྱུར་ཟླ་བ་གསུམ་གྱི་རིང་གི་ཟབ་སྦྱོང་འདིར་ཐའེ་ཝན་དུ་བཞུགས་བཞིན་པའི་ཆོས་བརྒྱུད་སོ་སོའི་དགེ་འདུན་པའི་ཁོངས་ནས་ཟབ་སྦྱོང་ལ་དོ་སྣང་ཡོད་ཅིང་། འབྱུང་འགྱུར་ལག་ལེན་དུ་ཁེལ་ངེས་ཡིན་པར་ཡིད་ཆེས་ཞུ་ཆོག་པའི་ནང་ཆོས་ཀྱི་ཤེས་ཚད་མཁན་སློབ་དགེ་བཤེས་ཀྱི་གནས་རིམ་དུ་ཡོད་པ་གྲངས་གསུམ་ནས་བཞི་བསྡུས་ཏེ་རིན་མེད་ཐོག་ཟབ་སྦྱོང་འབུལ་གཏན་ཁེལ་ཡོད།

དེ་བཞིན་དུ། ཟབ་སྦྱོང་གི་ཆེད་དུ་དམིགས་བསལ་ལས་རིགས་སོ་སོའི་ནང་བསྟན་ཁྲོམ་རའི་བརྗོད་གཞི་དང་འབྲེལ་བའི་མཁས་དབང་དང་ཆེད་མཁས་པ་བཅུ་ཙམ་སྔ་ཕྱིར་གདན་འདྲེན་གྱིས་བརྗོད་གཞི་དང་འབྲེལ་བའི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་དང་། ཟབ་སྦྱོང་གི་ནང་དོན་གཙོ་བོ་གསུམ་དུ་ཕྱེས་ཡོད་པ་ལས། དང་པོ་དྲ་རྒྱ་བཀོལ་ཚུལ། གཉིས་པ། ཁྲོམ་རའི་རིག་པ། གསུམ་པ། ལས་གཞི་དོ་དམ་བཅས་ཀྱི་ཐོག་ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན།
ད་དུང་དེ་ལས་གཞན་དུ། གནའ་དེང་ཟུང་འབྲེལ་གྱི་ལམ་ནས་ནང་ཆོས་ངོ་སྤྲོད་བྱེད་སྟངས། འཚོ་བ་དངོས་དང་འབྲེལ་བའི་ནང་ཆོས་འཆད་སྟངས། མི་རིགས་དང་རིག་གཞུང་གི་འདུ་ཤེས་མི་འདྲ་བ་དང་འབྲེལ་ནས་ནང་ཆོས་འཆད་སྟངས། ལྟ་གྲུབ་དང་འབྲེལ་ནས་ནང་ཆོས་འཆད་སྟངས། ཚན་རིག་དང་འབྲེལ་ནས་ནང་ཆོས་འཆད་སྟངས། རོལ་རྩེད་དང་འབྲེལ་ནས་ནང་ཆོས་འཆད་སྟངས་སོགས་ཀྱི་ཐད་ལའང་ཟབ་སྦྱོང་སྤྲོད་རྒྱུ་ཡིན།

དེ་ཡང་ནང་ཆོས་འཆད་སྤེལ་གྱི་ཟབ་སྦྱོང་འདི་ཉིད་རྒྱ་ས་ཐའེ་པེ་ལ་དབུ་འཛུགས་ཀྱི་ཉིན་དང་པོར་སྐུ་མགྲོན་གཙོ་བོ་གནའ་དེང་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དང་། དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་གིས་དྲ་ལམ་བརྒྱུད་ནས་ཟབ་སྦྱོང་གི་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་གལ་ཆེན་གནང་བར་མ་ཟད། ཁྲོམ་ར་རིག་པའི་ཆེད་མཁས་པ་སེན་དིས་དང་། རྒན་ངག་དབང་འཕྲིན་ལས། མཁན་པོ་གཡུལ་རྒྱལ་བཅས་ཀྱིས་ཀྱང་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་།

དེ་བཞིན་ཞིབ་འཇུག་ཚོགས་པའི་དབུ་འཛིན་ལས་ཐོག་པ་མཁན་པོ་འཇིགས་མེད་རྣམ་རྒྱལ་དང་ཚོགས་གཞོན་སློབ་དཔོན་བསོད་ནམས་ཉི་མ་བཅས་ནས་ཀྱང་ཟབ་སྦྱོང་གོ་སྒྲིག་གི་དགོས་དམིགས་དང་རྒྱུ་མཚན་སོགས་དང་འབྲེལ་བའི་གཏམ་བཤད་གནང་ཡོད།
དེ་མིན་ཟབ་སྦྱོང་འདིར་དངོས་སུ་མཉམ་ཞུགས་གནང་མཁན་རྣམ་པ་དང་། ཉིན་དང་པོའི་དབུ་འཛུགས་མཛད་སྒོར་ཆེད་ཕེབས་གནང་བའི་སྐུ་མགྲོན་བཅས་ཚུད་པའི་རིས་སུ་མ་ཆད་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་བཞི་བཅུ་ཙམ་འདུ་འཛོམས་གནང་ཐུབ་ཡོད་ལ། དྲ་ཐོག་ཐད་གཏོང་ལ་མཉམ་ཞུགས་གནང་མཁན་གྱི་དྲ་འབངས་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་འདུག །

དེ་ཡང་ཟབ་སྦྱོང་འདི་ཉིད་ཀྱི་དཔལ་འབྱོར་མཐུན་རྐྱེན་གཙོ་བོ་མཁྱེན་བརྩེ་ཐེབས་རྩ་ཚོགས་པས་གནང་ཞིང་། ཞིབ་འཇུག་ཚོགས་པའི་མགན་འཛིན་དང་ལས་བྱེད་ཡོངས་ཀྱིས་ཐུགས་སྣང་ཆེན་པོས་ལས་འཆར་གོ་སྒྲིག་ཞིབ་ཚགས་བཟོས་པ་བརྒྱུད་ཟབ་སྦྱོང་འདི་དངོས་སུ་མངོན་གྱུར་བྱུང་བ་ཞིག་ཡིན།

ཟབ་སྦྱོང་འདི་ཡང་སྤྱི་ལོ་༢༠༢༠ ཟླ་ ༡༢ ཚེས་༡༣ ཉིན་ཐའེ་ཝན་དུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས་འཚོགས་པའི་དམ་ཆོས་འཆད་སྤེལ་གནང་ཐབས་ཀྱི་ཟབ་སྦྱོང་གི་ཚོགས་འདུ་སོགས་བརྒྱུད་ནས་གྲོས་བསྡུར་དང་གཏན་ཁེལ་བྱུང་བའི་ཞིབ་འཇུག་ཚོགས་པའི་ལས་གཞི་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད།

སྣ་ཚོགས།

Post navigation

Previous Post: <<གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་སྔོན་བྱུང་ལོ་རྒྱུས་>>དཔེ་དེབ་ལས་འཕྲོས་པའི་གཏམ།
Next Post: དེབ་གསར་འགྲེམས་བརྡ།

Comment (1) on “ཐའེ་ཝན་དུ་ནང་བསྟན་འཆད་སྤེལ་གནང་ཐབས་ཟབ་སྦྱོང་དབུ་འཛུགས།”

  1. ལ་དྭགས་འཇམ་དཔལ།། says:
    2021-03-06 at 7:32 am

    སྔོན་རབས་བོད་མཁས་པས་རྣམས་ཀྱིས། ་འོང་། ཡོངས་ཁྱབ་ཀྱི་དཔེ་ཆ་དག་ན་མཆིས་པས། དེ་ལ་གནས་ན་དགེ་མཚན་ཆེའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme