Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་དུ་གཞི་རྒྱ་ཆེ་བའི་འབྲི་གུང་སྐྱོབ་པའི་རྗེས་དྲན་གྱི་མཛད་སྒོ་སྤེལ་བ།

Posted on 2019-07-012019-07-01 By ཁ་བརྡ 1 Comment on ཐའེ་ཝན་དུ་གཞི་རྒྱ་ཆེ་བའི་འབྲི་གུང་སྐྱོབ་པའི་རྗེས་དྲན་གྱི་མཛད་སྒོ་སྤེལ་བ།

གནས་ཚུལ་མཁོ་སྤྲོད་པ་མཛད་སྒོ་གོ་སྒྲིག་ཚོགས་ཆུང་།

རྒྱལ་བ་འབྲི་གུང་པའི་བསྟན་པའི་སྲོལ་གཏོད་མཁན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་དུ་གྲགས་པ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་རྗེས་དྲན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་ཚོགས་པ་ཞིག་འཛམ་གླིང་ཡུལ་གྲུ་ཁག་གི་འབྲི་གུང་བཀའ་བརྒྱུད་ཀྱི་རྗེས་འཇུག་པ་ཡོངས་ནས་ལོ་རེ་བཞིན་སྤེལ་སྲོལ་ཡོད་པ་ལྟར།

འདི་ལོའི་ཐའེ་ཝན་གྱི་ཉི་ཤུའི་ལྔ་མཆོད་ཆེན་མོ་དེ་ཉིད། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་ཐའེ་ཝན་ལྷན་ཚོགས་ཀྱི་ལམ་སྟོན་དང་ཐའེ་ཝན་གྱི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཁག་གི་མཐུན་གྱུར་བཅས་ཀྱི་འོག རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་ཐའེ་ཝན་བྱམས་བརྩེའི་ཆོས་གླིང་གི་དབུ་འཛིན་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་ཐུགས་འགན་ཡོངས་རྫོགས་ཁུར་བའི་ཐོག་ནས།  སྤྱི་ཟླ་༦ ཚེས་༢༩ ཉིན་ཐའེ་ཝན་དུ་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།

འདི་ནི་ཐའེ་ཝན་དུ་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་༼ཉི་ཤུ་ལྔ་མཆོད་༽ཆེན་མོ་ཚོགས་ཐེངས་བཅུ་གསུམ་པ་ཡིན་འདུག་ཅིང་། ལོ་འདིར་ལོ་སྔ་མ་དག་དང་ཅུང་ཟད་མ་འདྲ་བར་གོ་སྒྲིག་ཚོགས་པའི་ངོས་ནས་དམིགས་བསལ་བསྟན་པ་སྤྱིའི་བར་གྱི་མཐུན་ལམ་དང་གཅིག་གྱུར་གྱི་འདུ་ཤེས་མཐོར་འདེགས་ཡོང་རྒྱུར་དམིགས་ནས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་། རྒྱ་བརྒྱུད་དང་ལྷོ་བརྒྱུད་ཀྱི་ནང་པའི་མཁན་སྤྲུལ་དགེ་བཤེས་དང་གནས་བརྟན་མང་པོ་ཚོགས་དབུར་གདན་འདྲེན་ཞུས་ཡོད།

དེ་ཡང་ལྷོ་བརྒྱུད་ནང་བསྟན་གྱི་གནས་བརྟན་མིན་ཀོ། རྒྱ་བརྒྱུད་ནང་བསྟན་གྱི་མཁན་པོ་ཧཱའོ་ཞན་ཧྥ་ཧྲི། སྔ་འགྱུར་རྙིང་མའི་ཀཿཐོག་རིག་འཛིན་ཆེན་པོ། དཔལ་ལྡན་ས་སྐྱ་བའི་བཀྲ་ཤིས་རིན་པོ་ཆེ། རི་བོ་དགེ་ལུགས་པའི་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ་བཅས་དང་། བྱེ་བྲག་འགྲོ་མགོན་བཀའ་བརྒྱུད་པའི་མཁན་པོ་དབང་ཕྱུག་རྡོ་རྗེ་རིན་པོ་ཆེ་དང་། མགར་རྣམ་རོལ་རིན་པོ་ཆེ། བུ་མང་རིན་པོ་ཆེ། ཆོས་འཕེལ་རིན་པོ་ཆེ། དཔལ་མཁྱེན་རིན་པོ་ཆེ། མཁན་པོ་པ་སངས། མཁན་པོ་བཟང་པོ། སྒྲུབ་དཔོན་བསོད་ནམས་ཉི་མ། མཁན་པོ་ཤེས་རབ་འོད་ཟེར་སོགས་བླ་སྤྲུལ་དགེ་བཤེས་བཞི་བཅུ་ལྷག་གིས་དབུས་པའི་དགེ་འདུན་པ་བརྒྱ་དང་བདུན་ཅུ་དོན་གསུམ་ཙམ་དང་། མི་མང་བདུན་བརྒྱ་ལྷག་ཙམ་བཅས་མཉམ་ཞུགས་གནང་ཡོད། གོ་སྒྲིག་ཚོགས་པའི་ངོས་ནས་དགེ་འདུན་པ་ལ་སྙེན་བཀུར་སོགས་གྱ་ནོམ་པ་ཞུས་ཐོག །ཐའེ་ཝན་ནང་པའི་ཚོགས་པ་ཆེ་ཤོས་ཚི་ཅིས་ཀྱིས་ཀྱང་ཚོགས་པ་དེར་དམིགས་བསལ་ཞབས་ཏོག་ཞུས་འདུག་པ་སོགས་ཆོས་བརྒྱུད་རིས་མེད་ཀྱི་རྣམ་པ་བཟང་པོ་མངོན་པ་ཞིག་བྱུང་ཡོད་པར་མ་ཟད་ཚང་མས་གདེངས་འཇོག་ཧ་ཅང་ཆེན་པོ་ཞུས་ཡོད་འདུག

དེ་བཞིན་དུ། ཆེད་དུ་གདན་འདྲེན་ཞུས་པའི་རྒྱ་བརྒྱུད་དང་ལྷོ་བརྒྱུད་ཀྱི་ནང་པའི་སྐུ་ཚབ་དག་གིས་ཀྱང་དམིགས་བསལ་ཐུགས་ཚོར་ཆེན་པོའི་ཐོག་ནས་ང་ཚོ་འདི་ལྟར་ནང་པའི་ཆོས་བརྒྱུད་ཚང་མ་དམ་ཚིག་གོང་བའི་གཅིག་གྱུར་གྱི་ཐོག་ནས་སྡིངས་ཆ་གཅིག་ཏུ་མཉམ་དུ་འཛོམས་ཤིང་ཕན་ཚུན་གཅིག་ངོ་གཅིག་གིས་ཤེས་པ་ཞིག་བྱུང་བ་འདི་ཧ་ཅང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ཚུལ་གྱི་གཏམ་བཤད་དང་གདེངས་འཇོག་མཐོན་པོ་བྱས་ཡོད།

བོད་བརྒྱུད་ནང་པའི་ངོས་ནས་ཀྱང་སྤྲུལ་སྐུ་ཀཿཐོག་རིག་འཛིན་ཆེན་པོ་རིན་པོ་ཆེས། དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་པོ་ནི་བོད་གངས་ཅན་དུ་སངས་རྒྱས་དངོས་སུ་བྱོན་པ་ལྟ་བུའི་མཛད་པ་སྐྱོང་གནང་མཁན་ཡིན་པར་མ་ཟད། དབྱར་གནས་གཅིག་ལ་དགེ་འདུན་པ་འབུམ་གྱིས་ཚུལ་ཤིང་བཞེས་པ་བྱུང་བ་ཡིན་ཚུལ་སོགས་སྐྱོབ་པ་རིན་པོ་ཆེའི་ཆེ་བ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་བ་ལྟ་བུས་མཚོན། ཆོས་བརྒྱུད་གཞན་གྱི་ཁོངས་ནས་གདན་འདྲེན་ཞུས་པའི་རིན་པོ་ཆེ་རྣམ་པས་ཀྱང་དེ་དང་མཚུངས་པའི་གདེངས་འཇོག་གནང་ཡོད།

མཇུག་མཐར། ཐའེ་ཝན་གྱི་༼ཉི་ཤུ་ལྔ་མཆོད་ཆེན་མོ༽་ཐེངས་བཅུ་གསུམ་པའི་སྤྱིའི་འགན་འཛིན་པ་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་ཚོགས་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཞིང་། ཁོང་གི་ངོས་ནས། མཛད་སྒོ་འདིར་ནང་པའི་ཆོས་བརྒྱུད་ཁག་ཡོངས་རྫོགས་ཀྱི་དགེ་འདུན་པ་དང་སྐྱེས་ཆེན་མང་པོ་ཞིག་གདན་འཛོམས་པ་ཞིག་ཞུ་ཐུབ་པ་བྱུང་བ་ནི་དམིགས་བསལ་སྐལ་བ་བཟང་པོ་ཡིན་པར་ངོས་འཛིན་ཞུ་གིན་ཡོད་ཚུལ་སོགས་ཀྱི་གཏམ་བཤད་གྲུབ་རྗེས། མཛད་སྒོ་ཡོངས་རྫོགས་ཧ་ཅང་ཧ་ཅང་ཕུན་སུམ་ཚོགས་པའི་ངང་ནས་མཇུག་སྒྲིལ་གནང་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: རྒྱ་གར་གློག་བརྙན་(Apna Desh) རང་གི་ཕ་ཡུལ་ཞེས་པའི་གླུ་ཞིག །
Next Post: གསེར་མདོག་ཅོད་པན་འཛམ་གླིང་རྒྱན་དུ་གྱུར།

Comment (1) on “ཐའེ་ཝན་དུ་གཞི་རྒྱ་ཆེ་བའི་འབྲི་གུང་སྐྱོབ་པའི་རྗེས་དྲན་གྱི་མཛད་སྒོ་སྤེལ་བ།”

  1. འབྲོང་གི་བུ་བརྒྱུང། says:
    2019-07-07 at 1:42 pm

    རྒྱལ་བ་འབྲི་གུང་པའི་བསྟན་པ་རྒྱས་གྱུར་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme