Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པའི་གསར་གནས།

Posted on 2023-03-02 By ཁ་བརྡ No Comments on ཐའེ་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པའི་གསར་གནས།

གནས་ཚུལ་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།

དེ་ཡང་ཕྱི་ལོ་༢༠༢༣ ཟླ་ ༢ ཚེས་ ༢༧ ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་སོགས་དགེ་འདུན་པ་བདུན་ཅུ་ལྷག་དང་། དེར་ཡོད་བོད་རིགས་ཤེས་ཡོན་པ་དང་སློབ་གཉེར་གནང་བཞིན་པ་སོགས་ཉི་ཤུ་ལྷག་བཅས་མཉམ་འཛོམས་ཐོག་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པ་དེ་དངོས་སུ་འཚོགས་ཡོད་ཅིང་། ཚོགས་ཐོགས་སུ་བསྟན་པ་སྤྱིའི་ཁ་ཕྱོགས་དང་། བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར། དེ་ལས་ཀྱང་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་འཇིག་རྟེན་སྤྱི་སྨན་གྱི་དགོངས་བཞེད་དང་འགན་འཁྲི་གལ་ཆེན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་དང་འབྲེལ་བའི་བརྗོད་གཞི་གལ་ཆེན་བཞིའི་ཐོག་ལ་གཏམ་བཤད་དང་གོ་བསྡུར་ལྷུག་པོར་གནང་ཞིང་། དྲ་ལམ་བརྒྱུད་ནས་ཐད་གཏོང་ཡང་བྱས་ཡོད།

དེ་ཡང་ཉིན་དེའི་སྔ་དྲོ་ཐོག་མར་མདོ་འཛིན་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་འཚམས་འདྲིའི་གསུང་བཤད་དང་འབྲེལ། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་གཅིག་གྱུར་མེད་པའི་ཉེས་སྐྱོན་ལྔ་དང་གཅིག་གྱུར་ན་ཁེ་ཕན་དང་གཅིག་གྱུར་ཡོང་བའི་ཐབས་ལམ་གསུམ་བཅས་དང་འབྲེལ་བའི་ཐོག་ནས་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཡོངས་གང་ཅིར་ནུས་པ་མཉམ་སྤུངས་ཀྱིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་འདོན་དགོས་པའི་སྐོར་ལ་གསུང་བཤད་དང་། རིགས་པ་དཔང་དུ་བཞག་པ། ཀུན་སྤྱོད་ཚུལ་དང་མཐུན་པ། གྲུབ་དོན་གྱི་འབབ་ས་ཡོད་པ་བཅས་ཀྱི་བགྲོ་གླེང་ཞིག་ཡོང་རྒྱུར་འབོད་སྐུལ་གནང་སོང་།

དེ་ནས་བརྗོད་གཞི་དང་པོ། ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་འགན་འཁྲི། ཞེས་པའི་ཁ་བྱང་ཐོག །༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་དགོངས་དོན་གཞིར་བཟུང་གིས། ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་ཐད་དམིགས་བསལ་ཐུགས་འགན་བཞེས་བཞིན་པ་ལྟར།    ང་ཚོས་ཀྱང་རང་ཉིད་ཆོས་ལུགས་པ་དང་ནང་པ།   དགེ་འདུན་པ།   ཁྱད་པར་དུ་རྒྱ་རིགས་སྤྱི་ཚོགས་སུ་ནང་བསྟན་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་གྱི་ཕྱོགས་ལ་རང་ཉིད་ཀྱི་འགན་འཁྲི་དང་ལས་དོན་གང་འདྲ་ཞིག་སྒྲུབ་དགོས་པའི་སྐོར་ལ། མཁན་པོ་བསྟན་འཛིན་ཉི་མ་མཆོག་གིས་གཏམ་བཤད་གནང་།

བརྗོད་གཞི་གཉིས་པ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གལ་གནད། ཅེས་པའི་ཁ་བྱང་ཐོག ། ༧གོང་ས་མཆོག་གིས།  ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ནུས་པ་གོང་འཕེལ་ཡོང་ཆེད་ཐུགས་བཞེད་ལ་འཛམ་གླིང་གང་ས་ནས་དོ་སྣང་ཆེན་པོ་ཞུ་བཞིན་པ་ལྟར།  ཐའེ་ཝན་གྱི་གཞོན་སྐྱེས་སོགས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐོག་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་།   གཞོན་སྐྱེས་དག་གི་མི་ཚེ་དང་འཚོ་བའི་ཁ་ཕྱོགས་ལ་རམ་འདེགས་སོགས་ཀྱི་ཐད་ཐབས་ལམ་གང་ཡོད་ཀྱི་སྐོར། དགེ་བཤེས་ཕྲིན་ལས་རྒྱ་མཚོ་མཆོག་གིས་གསུངས་བཤད་གནང་།

 དེ་ནས་གསུམ་པ། སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག། རྒྱལ་སྤྱིའི་སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད།    ད་ལྟའི་གནས་བབས། འབྱུང་འགྱུར་དེའི་ཐད་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ལ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་གསུང་བཤད་གནང་ཡོད།

མཐར་བཞི་བ། དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་གལ་འགང་། ཞེས་པའི་ཁ་བྱང་ཐོག །རྒྱ་རིགས་སྤྱི་ཚོགས་སུ་ནང་ཆོས་སྤྱི་དང་ཁྱད་པར་ཆོས་ཚོགས་ཁག་གི་གནས་སྟངས་ཐད།   འགའ་ཞིག་གིས་ཆོས་ཁྲིད་ཁོ་ན་དང་། འགའ་ཞིག་གིས་འདོན་ཆོག་ཞབས་རིམ་ཁོ་ན་གནང་བཞིན་པའི་གནས་སྟངས་ཐད། དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་ལག་ལེན་བསྟར་ཕྱོགས་ཐད་ཀྱི་ངོས་འཛིན་དང་།  འོས་འཚམས་ཀྱི་ཕྱག་བཞེས་གནང་ཕྱོགས་སྐོར་ལ་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་རྗེས་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་ངག་དབང་མཁས་གྲུབ་དང་། དགེ་བཤེས་ནོ་ནོ་གཉིས་ཀྱིས་ཚོགས་འདུའི་དངོས་གཞི་གཙོ་སྐྱོང་དང་བཅས་ཚོགས་ཞུགས་པ་ཡོངས་ནས་་བརྗོད་གཞི་ཁག་དང་འབྲེལ་བའི་དྲི་བ་དྲིས་ལན་ཡང་ལྷུག་པོར་གནང་ཡོད་པ་རེད།

མ་ཟད། སྐབས་སྔ་མ་དང་མི་འདྲ་བར་འདི་ལོར་དམིགས་བསལ་ཐའེ་ཝན་དུ་གནས་བཞུགས་གནང་བཞིན་པའི་གཞོན་སྐྱེས་དང་སྐད་སྒྱུར་བ་སོགས་ཤེས་ཡོན་པ་དང་དོ་སྣང་ཅན་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། མང་པོ་ཞིག་གིས་ཞིབ་འཇུག་ཚོགས་པའི་ཕྱག་ལས་སྤྱི་དང་། ཁྱད་པར་ཐའེ་ཝན་གྱི་དགེ་འདུན་པའི་མཐུན་ལམ་མཉམ་འབྲེལ་དང་། ཐའེ་སྡོད་ཡོད་པའི་ཆོས་དང་རིག་གཞུང་། ས་གནས་ཀྱི་ནང་པའི་དགོན་པ་ཁག་གི་བར་གྱི་མཐུན་ལམ། ཐའེ་ཝན་མི་མང་བོད་བརྒྱུད་ནང་བསྟན་ལ་མཐོང་སྣང་བཟང་པོ་ཡོང་གཞི་བཅས་ཀྱི་ལས་འགུལ་མང་དག་ཅིག་སྤེལ་བཞིན་པར་ཡང་སྔགས་བརྗོད་དང་གདེངས་འཇོག་གང་མང་གནང་ཡོད།

ཞིབ་འཇུག་ཚོགས་པས་ཀྱང་། ལོ་སྔ་མར་དངོས་སུ་འགྲེམ་སྤེལ་ཞུས་པའི་གལ་ཆེའི་འབོད་སྐུལ་གྲོས་ཆོད་ཀྱི་ཡིག་ཆ་《འགན་འཁྲི》འི་སྐོར་ལ་གསལ་བཤད་དང་བཅས་ཚོགས་པ་རྣམ་པར་འབུལ་ལམ་ཞུས་པ་དང་། ནད་ཡམས་དང་དམག་འཁྲུག །འབྱུང་བཞིའི་འཇིགས་པ་སོགས་ཀྱི་གནོད་འཚེ་ཕོག་དང་ཕོག་བཞིན་པ་དག་གི་ཆེད་སྔོ་སྨོན་ཡང་གནང་ཡོད་པ་རེད།

མཇུག་ཏུ། ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་དགེ་བཤེས་ཐུབ་བསྟན་ནོར་བུ་ནས་ཞིབ་འཇུག་ཚོགས་པའི་ཚབ་ཞུས་ནས་ཐུགས་རྗེ་ལེགས་འབུལ་བཅས་གྲུབ་པ་དང་ཚོགས་འདུ་མཇུག་ལེགས་པར་གྲུབ་ཡོད།

ཞིབ་འཇུག་ཚོགས་པས་ལོ་རེ་བཞིན་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་མཁན་པོ་དགེ་བཤེས་དང་དགེ་འདུན་པ་མཉམ་ཞུགས་ཀྱི་བགྲོ་གླེང་འཚོགས་བཞིན་པ་ལྟར་འདི་ལོ་འཚོགས་ཐེངས་བཅུ་གཅིག་པ་ཆགས་ཡོད།

དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་ཅིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན་པར་མ་ཟད། འདི་ལོ་ཚོགས་པ་འདི་དངོས་སུ་དབུ་ཚུགས་ནས་ལོ་ཧྲིལ་པོ་བཅོ་ལྔ་ཟིན་གྱི་ཡོད་པ་རེད།

གསར་འགྱུར།, ངོ་སྤྲོད།

Post navigation

Previous Post: ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅོ་ལྔ་འཁོར་བའི་ཉིན་མོར་རྗེས་དྲན་བྱའོ།
Next Post: རྨེ་སྤྲུལ་རིན་པོ་ཆེའི་རི་དྭགས་ཀྲིཥྞ་ས་ར་གླེང་བ་ལས་འཕྲོས་པའི་ལྷན་ཐབས་ཀྱི་གཏམ་རྣ་བའི་རྒྱན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme