Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐང་ཧྲུའུ་རྩོམ་པ་པོའི་ཟིན་བྲིས་ཤིག་དྲ་ཐོག་ནས་རྙེད་པ།

Posted on 2016-01-162016-01-16 By ཁ་བརྡ No Comments on ཐང་ཧྲུའུ་རྩོམ་པ་པོའི་ཟིན་བྲིས་ཤིག་དྲ་ཐོག་ནས་རྙེད་པ།

–ཐེ་བོ་སངས་རྒྱས།

 
ངས་ནམ་རྒྱུན་དྲ་རྒྱའི་འཇིག་རྟེན་ནི་རྟོགས་དཀའ་ཞིང་ངོ་མཚར་ཅན་དུ་འདོད་དེ། གཉིད་མ་ཁུག་པའམ་དུས་ཚོད་མ་འཁྱོལ་དུས་ངམ་ངམ་ཤུགས་ཀྱིས་དྲ་ཉུལ་བྱེད་པར་གོམས། དོ་ནུབ་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། དྲ་ཐོག་ཉུལ་གྱིན་ཉུལ་གྱིན་ཐང་ཧྲུའུ་རྩོམ་པ་པོའི་པོད་ཁུག་ནང་སླེབས། གཤམ་གསལ་བོད་གནས་འདི་ཁོང་གིས་ཟིན་བྲིས་སུ་བཏབ་པ་རེད།

“འུ་བུ་ཅག་དང་འབྲེལ་བ་ཚུགས་ནས་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཅན། ཐུ་བྷོད་མི་རིགས་འདིའི་འཚོ་བའི་གོམས་གཤིས་རེར་ཇི་ལྟར་འགྲེལ་དགོས་མ་ཤེས། སྦམ་བཤད་ཙམ་གྱིས་ཡིད་རྟོན་དཀའ་བའི་ཚོད་དུ་གདའ། ཕི་གླིང་བ་ཚོས་བོད་ཁམས་སུ་Shangri-La, ཞང་རི་ལ་ཞེས་བཏགས་པར་རྒྱུ་མཚན་འདུག་སྟེ། བོད་རྒན་དག་གྱོད་དོན་ལ་ཐུག་ན་གཞུང་དྲང་ཞིང་ཁ་ལྕེ་བདེ་བ་ཞིག་གཟུ་དཔང་དུ་གདན་འདྲེན། གྱོད་ཡས་རང་ཉིད་དཀར་འདོན་སླད་སྣུམ་གདུ་བཞིན་པའི་ནང་ལག་པ་བརྒྱབ་སྟེ་མནའ་སྐྱེལ་བའི་སྲོལ་ཡང་དར། མི་བསད་དེ་ཁ་མཆུ་མ་འདུམ་ན་དགྲ་ཤ་ལེན་པ་དང་། རྐུན་མ་ལག་ཏུ་ཐེབས་ན་དགུ་འཇལ་ལེན་པ། ཆུང་མ་ཁྱོ་གཞན་དང་ཉལ་པོ་བྱས་པ་ཤེས་ན་སྣ་གཅོད་པ་སོགས་འབྱུང་། ཁྱོ་ག་གྲིར་ཤི་ཐེབས་པའི་བུད་མེད་ལ་ཡུགས་ས་མ་ཞེས་མི་གཙང་བར་བརྩི།
དེ་བཞིན་མགར་བའམ་བཤན་པ་རྣམས་དང་ལྷན་དུ་ཟས་ཟ་བ་སོགས་སྤོང་། འོན་ཀྱང་རྒྱུ་ཆེན་དང་དབང་ཆེན་ལ་ཐུག་དུས་སྲོལ་དེ་དག་ཉམས་ནས་བདོག མི་ཆེན་དག་ལ་ཕྲད་སྐབས་ལྕེ་བསྣར་ཞོར་མགོ་འཕྲུག་ན་གུས་ཞབས་བྱས་པ་ཡིན།
སྟོན་མཇུག་གི་ས་སྲོད་ཅིག་ལ་སྐྱེས་ཕོ་མོ་རྒན་གཞོན་ཀུན་གནས་གཅིག་ཏུ་འཛོམས་ནས་དགའ་སྟོན་འགྱེད། ལུག་ཤ་སྦུབས་གཅིག་སྲེག་བཞིན་མཐའ་འཁོར་དུ་སྐོར་བྲོ་འཁྲབ། ཆང་རྫ་འགའ་བཤམས་པ་ལ་མི་རེས་སྦུ་གུ་རེ་དྲངས་ཏེ་ལྷན་དུ་འཐུངས། ཡུལ་རེ་ན་མགྲོན་པོར་ཅ་ནེ་ཨེ་ཡོད་ཅེས་འདྲི། རུམ་ཁུག་ཏུ་ཅ་ནེ་བསྡུ་རྒྱུ་བརྗེད་ན་ལྟོ་སྟེར་བའི་སྲོལ་མེད། ཡུལ་ལ་ལ་ན་གཡག་གམ་ལུག་གི་ཤ་གཟུག་དམར་རྗེན་དུ་བཤམས་ཏེ། མགྲོན་པོར་གྲི་སྟེར་བར་བྱེད། ལར་ཁོང་ཚོས་ལོ་སར་གྲ་རྒྱས་ཙམ་གཏོང་། ཚེས་གཅིག་གི་སྐྱ་རེངས་མ་ཤར་ཙམ་ལ་དུད་ཁྱིམ་སོ་སོས་ཆུ་འགོ་སུས་ལོན་པར་འགྲན། བོང་བུའི་རྣ་བ་འདྲ་བའི་སྣུམ་ཁུར་དང་། མར་གྱིས་བཟོས་པའི་ལུག་མགོ་དང་བཅས་མཆོད་སྒྲོམ་དུ་བཤམས། བཟའ་བཏུང་གི་སྡེར་ཁ་གྱ་ནོམ་པ་སྒྲིག་ཅིང་རྒན་གཞོན་ཚང་མས་གོས་གསར་བ་རེ་གྱོན།
གཅིག་གིས་གཅིག་ལ་”ལོ་སར་བཀྲ་ཤིས་བདེ་ལེགས།” ཞེས་ཁ་གཡང་འཐེན། ཚེས་གཅིག་ལ་བླ་མའི་ལོ་གསར་དང་། ཚེས་གཉིས་ལ་རྒྱལ་པོའི་ལོ་གསར་དུ་བརྩི། ཚེས་གསུམ་ལ་རྟ་རྒྱུག་ལ་སོགས་པའི་རྩེད་འགྲན་བྱེད། ཚེས་བཞི་ལ་ཕོ་གཞོན་ཚོས་མཇོལ་མོ་གསོན་པོར་བཟུང་བ། ཁྱིམ་སྒོ་རེ་རེར་ཁྱེར་ནས་མཇོལ་མོའི་སྲོག་བླུས་ཤིག་ཅེས་རྔན་པ་སློང་།
ད་དུང་བོད་འདི་རྒྱན་ཆ་ལ་ཧ་ཅང་དང་དོད་ཆེ་བས། ལྷ་ཁང་དང་འདུ་ཁང་ལ་སོགས་པའང་གསེར་དངུལ་གྱིས་བརྒྱན་པར་བྱེད། དགོན་པའི་འགྲིག་བདག་ལ་དགེ་སྐོས་སམ་ཞལ་ངོ་ཞེས་འབོད། དུས་ཆེན་དག་ལ་དགེ་སྐོས་ཀྱིས་ཕྲག་པ་གཡས་གཡོན་གཉིས་ཀར་འབོག་བརྒྱངས་ནས་རྫིག་ཉམས་སྟོན། སྣམ་བུའི་གོས་རིང་སྡུད་མང་ཞིང་ཕུ་ཐུང་མེད་པ། རྒྱབ་གཞུང་དུ་ཧོར་མོའི་སྐྲ་ཤུབས་འདྲ་བོ་བཏགས་པ་ཞིག་གྱོན། ལག་པར་ལྕགས་དབྱུག་ཟུར་བཞི་མ་འདོམ་ཚད་ཙམ་འཛིན། སྐེད་པར་གྲི་རིང་ཞིག་འཕྲེད་དུ་ཐོགས། གྲྭ་བ་པྲ་ཚགས་དག་དགེ་སྐོས་ཀྱིས་བརྡུངས་ཏེ་རྩིབས་རུས་བཅག་པ་ལྟ་བུ་རྒྱུན་མར་འོང་། ནད་པ་ལ་ལས་སྨན་པ་བསྟེན་པའི་ཚབ་ཏུ་དགེ་སྐོས་ནས་དབྱུག་པ་རྡེག་པའམ་གྲྭ་ཚང་ལ་རྡོག་རྫིས་བྱེད་དུ་འཇུག
ཁོ་བ་ཅག་གནས་མཇལ་འགྲོ་བར་ཡིད་སྨོན་བྱེད། གནས་རྩ་ཆེན་དག་ན་ས་སྣ་ཆུ་སྣ་དང་། ལྗོན་ཤིང་གི་ཤུན་པ། རྡོ་རིང་སོགས་ལས་དུམ་བུ་རེ་བྲད་ནས་ཁྱེར། སྔགས་པའམ་སེར་མོ་རེས་གཞན་ལ་ཕ་ར་དོག་གིས་དཀྱིལ་འཁོར་ནང་ངན་སྔགས་བྲིས་ཏེ་མཐུ་གཏད་གཏོང་མཁན་དང་། དགྲ་བོ་ལ་གཏོར་མ་བསྡེབས་ནས་སྨོད་བོར་མཁན་ཡང་ཡོད། ཡང་དམག་ལ་འགྲོ་དུས་བླ་མ་ཚོས་ཆོ་ག་བསྒྲུབས་པས་དཀྱིལ་འཁོར་རམ་སྲུང་མདུད་རེ་ལུས་ལ་འདོགས། དེས་མདའ་མདུང་ཙམ་མ་ཟད་བོའུ་རྡེའུ་ཆར་ལྟར་འབབ་པའི་ནང་བསྲེས་རུང་སྐྲག་མི་དགོས་པའང་བདོག་གོ། དབྱིན་ལོ་2016 ཟླ་1 ཚེས་14 ལ་ཐང་ཧྲུའུ་རྩོམ་པ་པོས་ཁྲང་ཨན་ནས།”

རྩོམ་ཡིག་འདི་འདྲ་བ་ཀློག་དུས་སློབ་དཔོན་ཐོན་མིས། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གྲུབ་མཐའ་གཞན་ཡང་ཡོད་ན་ཡང་།། རང་ཉིད་ཀྱིས་ནི་མི་ཤེས་བཞིན།། ཞེས་པ་དེ་བདེན་སྣང་ཤར། ངས་ཐང་གུར་ཚང་གི་པོད་ཁུག་ཁ་བྱང་བདག་ཉར་བྱས་ཡོད། ད་ནི་ནམ་གུང་གི་ཆུ་ཚོད་དང་པོ་ཡོལ་འདུག ལྷན་རྒྱས་གཟིམ་ས་བདེའོ།།

དྲན་ཐོ།

Post navigation

Previous Post: མོན་གྷོ་ཌི་བོད་མིའི་གཞིས་སྒར་གྱི་བརྒྱ་དཔོན་ཞིག་རང་ཤི་བརྒྱབ་ཡོད་པ།
Next Post: སྤྱིར་བོད་དུ་ཇ་བྱུང་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme