Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐང་ཆད་དུས་ཀྱི་དབུགས་ཤིག

Posted on 2010-09-012010-09-02 By ཁ་བརྡ་ 5 Comments on ཐང་ཆད་དུས་ཀྱི་དབུགས་ཤིག

བོད། ལྷ་ཀླུ་གཉན་གསུམ་ནས།

སེམས་ཀྱི་སྐྱིབས་ཁུགས་སུ་འདར་བའི་རང་བྱུང་གི་གཤིས་ལ།།
དུས་གསུམ་གང་དུ་འང་མི་འགྱུར་ཆོས་ཉིད་ཀྱི་རྣམ་ཤེས།།
རྒྱབ་མདུན་གཏད་སོ་ཡི་བྲལ་བ་སེམས་ནང་གི་འཆར་གཞི།།
གཅིག་དུ་སྤུངས་པ་རུ་འབོད་པ་འགྲོ་བ་ཡི་ཚེ་སྲོག།

འདས་ཀྱང་སྲུང་བྱ་ཡི་སྟོང་བའི་འཇའ་གཟུག་ཀྱི་གནམ་འོག།
བྲིས་ཀྱང་འབྲི་སྨྱུག་གི་གཟད་པོའི་རྒྱུ་ཆ་ལས་གྲུབ་པའི།།
བརྩད་ཀྱང་ཚར་ཐབས་ཤིག་མེད་པ་ཞེ་སྡང་གི་འཐབ་ར།།
དེ་ཉིད་སྤྱི་གཙུག་དུ་བཀུར་མཁན་རྒྱལ་གཅེས་སུ་གྲུབ་འདུག།

གཟུགས་བསྡུས་འཛིན་མེད་ཀྱི་དགའ་སྡུག་འཕྲུལ་ཤེས་ཀྱི་རྟ་ལ།།
ཉེས་མེད་ལྕགས་ནག་གི་ཡང་ཡང་བརྒལ་བ་ལ་གཞུས་དུས།།
དྲིན་ལ་དྲིན་ཤེས་ཀྱི་ན་བུན་རྒྱང་རིང་གི་གླུ་སྐད།།
རྣ་བའི་བུ་རམ་དུ་ངར་ཞོར་སྐྱིད་སྣང་ལ་བསྲེས་འདུག།

རྒྱུས་མེད་དུར་ཐང་གི་ཕྱོགས་ནས་ཨག་སྐད་ཅིག་བརྒྱབ་ཀྱང་།།
ཉེ་ལ་སྙིང་སྡུག་གི་ཞལ་རས་འཛུམ་མདངས་དེ་མ་བཤིག།
དུངས་བ་བཀའ་དྲིན་གྱི་ཡབ་མེས་དམ་པ་ཡི་རྗེས་ཀྱང་།།
ཆལ་མོའི་གཡོ་ལས་ཀྱི་གཞུག་དུ་སྤྲུད་སྨན་གྱི་བཟི་འདུག།

ཨེས་སུ་རལ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཨེས་ལ་ཀྲི་ལ་ནས་༣༠།༨།༡༠མཚན་མོར། དབུགས་སྔ་གསོ་ཆེད་དུ་བྲིས་པ་ལས། གཞན་ལ་ངོམ་སོ་བྱེད་ཆེད་དུ་འབྲི་དོན་མེད་ལ། འབྲི་ཡང་འདོད་ཀྱི་མི་འདུག བྲིས་ཀྱང་ཕན་ཐོག་ཡོད་པ་ཞིག་ངས་ནམ་ཡང་འཁྱོང་ཁག་པོ་རེད། ཁག་ས་དེ་ནས་ངས་དུས་རྒྱུན་དུ་རོ་ལངས་ཤིག་བརྒྱབ་དེ་བསྡད་ཡོད།

སྙན་ངག

Post navigation

Previous Post: མུ་མཐུད་བཙོན་འཇུག་མནར་གཅོད་མྱོང་བཞིན་ཡོད་ཟེར།
Next Post: བརྡ་གླུ་པདྨ་གེ་སར་ཞེས་བྱ་བ། །

Comments (5) on “ཐང་ཆད་དུས་ཀྱི་དབུགས་ཤིག”

  1. གཞོན་ནུ་ཟླ་མེད། says:
    2010-09-02 at 10:25 am

    རྒྱུས་མེད་བྱེ་མ་ཐང་གི་ཐང་དཀྱིལ་ན།།
    ཆ་མེད་ཞྭ་མོ་དཀར་བོའི་གྲལ་མཇུག་ན།།
    ཡུལ་མེད་བོད་ཀྱི་ལྷ་ཀླུ་གཞི་བདག་གིས།།
    བྱིན་མེད་ཨད་ལ་འབོད་པ་བྱེད་བཞིན་འདུག།
    མཐའ་མེད་འཁོར་བ་རྒྱ་མཚོ་འདི་ཀ་ནས།།
    ཕྱོགས་མེད་རྒྱལ་ཁམས་རྐང་པས་འགྲིམ་ན་ཡང་།།
    ཆད་མེད་རང་སེམས་དག་པའི་སྐུད་པ་ནི།།
    ནོག་མེད་གངས་རིའི་མགུལ་དུ་བཏགས་པ་མཐོང་།།
    དགེ་མེད་ཁ་ལས་རླུང་རྟ་ཉམས་པ་ནི།།
    མཛད་མེད་སྡུག་བསྔལ་རྒྱ་མཚོའི་རྦ་རླབས་བཞིན།།
    སེམས་མེད་སེམས་ཅན་བདས་ནས་རྗེས་རྙེག་པས།།
    མཐའ་མེད་འཛམ་གླིང་གོ་ལ་ཟླུམ་པོ་ནས།།
    ཐར་མེད་བཅིངས་ནས་བྲོས་ས་མེད་པར་མཐོང་།།
    དགེ་མེད་ཁ་འདིས་མཐོ་དམན་ཡོད་ཚད་ལ།།
    བཟང་མེད་ཚིག་གི་མཚོན་ཆ་འཕངས་བ་ནི།།
    གྲངས་མེད་སྡུག་པའི་སྣོན་མ་ལས་མ་འདས།།
    ལྡོག་མེད་རང་གིས་མྱོང་འགྱུར་ད་ཅི་དྲག།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2010-09-02 at 3:04 pm

    སེམས་ཀྱི་སྐུད་པ་བཤིག་མེད་རྡོ་རྗེ་བྲག།
    ལས་ཀྱི་དབང་ཐང་མ་ཉམས་རི་རྒྱལ་ལྷུན།།
    རེ་བའི་དམིགས་སོ་བསྒྱུར་མེད་བཙན་པོའི་བུ།།
    དྲི་མེད་ཁ་བཏགས་ཤིག་གི་སྣེ་མོ་རུ།།
    ནམ་ཡང་འཐམ་པའི་འུ་ཅག་མི་རིགས་འདི།།
    གཉིད་ལས་མ་སངས་བར་དུ་མ་ཤི་ཚེ།།
    སྙིང་གི་གཏིང་འོག་ཡོད་ཚད་བསྔོག་བསྔོག་ནས།།
    གང་ཤེས་གང་འཇོན་བོད་ཀྱི་སྤྱི་དོན་དུ།།
    གླེང་བའི་དམ་བཅའ་རང་ལ་ཡོད་པ་དང་།།
    བོད་མི་ཡོངས་ལ་སྐུལ་སློང་བྱེད་འདོད་ཀྱི།།
    འདུན་པ་འདི་ཉིད་སྲ་ཞིང་འཁྲེགས་པོ་ཡིན།།

  3. ཇོ་མོ་གླང་མ says:
    2010-09-02 at 11:57 pm

    ལྷ་ཀླུ་གཉན་གསུམ་ལ་ཕུལ་བའི་རེ་གླུ།།

    ཕྱི་རྒྱལ་མགོ་སེར་ཡུལ་དེ་ན།།
    ཁྱེད་ལ་སེམས་ཤུགས་དེ་འདྲ་ཞིག།
    ཡོད་པ་ཙམ་གྱི་ཡིད་མ་ཚིམ།།
    ད་དུང་ཁྱེད་ལ་ལས་བྱ་ཡོད།།
    ཁྱེད་ཀྱི་བུ་རྒྱུད་གཙང་མ་ཞིག།
    སྤེལ་བ་ཁྱེད་ཀྱི་ལས་འགན་ཡིན།།
    མགོ་སེར་བུ་ཌྷམོའི་རྐུབ་ལ་བལྟས།།
    རིགས་རྒྱུད་གཙང་མ་མ་སྦེལ་ན།།
    རང་གི་རིགས་ལ་ཞེན་པ་དང།།
    དུངས་པའི་ལྷག་བསམ་དཀར་པོ་དེ།།
    ཁྱོད་དང་མཉམ་དུ་རྫོགས་འགྲོ་བ།།
    དེ་འདྲ་སོང་ཙང་ད་ལྟ་ནས།།
    བུ་རྒྱུད་སྤེལ་ན་མི་ལེགས་སམ།།
    ཐུབ་ན་བུ་རྒྱུད་གཙང་མ་ཞིག།
    འདི་ནི་ང་ཡི་རེ་བ་ཡིན།།
    བོད་མི་ཚང་མའི་བསམ་དོན་རེད།།
    དབང་ཆ་གཙོ་བོ་ཁྱེད་ལ་ཡོད།།
    ལག་བསྟར་བཀོད་མིན་ཁྱེད་རང་རེད།།
    ང་ཚོས་དྲན་སྐུལ་བྱས་པ་ཡིན།།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-09-03 at 2:34 pm

    ཇོ་མོ་གླང་མའི་སྙིང་གི་གཏམ་དེ་དག།
    ཐོས་ན་སེམས་པ་དགའ་བའི་གཏམ་ཡིན་ཡང་།།
    ལས་ངན་འཁྱམ་པོ་ང་ཡི་རིགས་རྒྱུད་ནི།།
    སྔ་ནས་གཞན་གྱི་རིགས་སུ་བཏབ་ཟིན་པས།།
    དེ་ཡི་ཆེད་དུ་སེམས་དང་བསམ་པ་ཡིས།།
    གྲོགས་ཁྱེད་འདྲ་བའི་སྤུན་ཟླ་གང་ཡོད་ལ།།
    འཐོལ་ལོ་གཤེགས་ཤིག་ཟེར་ནས་ཞུ་རྒྱུ་དང་།།
    ཞོར་ནས་རང་གི་ལུས་ཀྱི་ཅི་འཁྱོག་དང་།།
    སེམས་ཀྱི་ནུས་པའི་གང་ཡོད་ཚོར་བ་རུ།།
    སྤུངས་ནས་རིགས་ཀྱི་སྲུ་ཞུ་གང་ནུས་ཤིག།
    མིག་ཟུང་ཀླད་བརྟག་མ་འཁོར་བར་དུ་ལ།།
    ཅི་དྲགས་གང་དྲགས་ཤིག་ལ་ང་ཡིས་འབད།།
    དེ་ཡི་རམ་འདེགས་སྤུན་ཟླ་ཁྱེད་ཅག་གིས།།
    དུས་རྒྱུན་བྱེད་པར་རེ་སྐུལ་ནན་ཏན་ཞུ།།
    ཕྱི་རོལ་གླིང་ལ་དགའ་ནས་ཡོང་མེད་ཀྱང་།།
    རྐྱེན་སྣ་གང་མང་ཞིག་གི་མནར་གཅོད་ཁྲོད།།
    བྱེས་ཡུལ་དེ་ནས་བསྡད་ཡུན་རིང་ན་ཡང་།།
    དེ་ཡི་ཚོད་ཀྱི་འདུག་ས་བརྟེན་ཡུལ་ཞིག།
    ཡོད་རེ་ཐང་ཡང་སེམས་ཀྱི་རེ་འདོད་ཞིག།
    འགྲུབ་པའི་ཕྱོགས་སུ་རེ་བ་ཕྲ་སོང་བས།།
    འདི་འདྲའི་ལམ་དུ་རང་དབང་མེད་པར་ལྷུང་།།
    ལྷུང་ཡུལ་འདི་ནས་ཨམ་ཚིག་བསྡམ་ཞོར་དུ།།
    རིགས་ཀྱི་དུངས་པ་ཟབ་མོ་དྲ་ངོས་ནས།།
    རིགས་ཀྱི་སྤུན་ཟླ་ཡོངས་ལ་གླེང་བཞིན་ཡོད།།

  5. ཐོན་མའི་སྨྱུག་གུ says:
    2010-09-08 at 10:45 am

    ༄༅། དེ་རིང་2010་སྤྱི་ཟླ་9་ཚེས་8་ནི་ཐོག་མར་ངེད་ཁ་བརྡའི་འཁོར་ཡུག་ཏུ་ཚུད་པའི་ཉིན་མོ་ཡིན་པས་གྲོགས་པོ་རྒན་པ་ཐམས་ཅད་ལ་ངེད་ནས་གུས་འདུད་དང་བཀྲ་ཤིས་བདེ་ལེགས་ཞུ།
    ཤར་ལྷོ་ནུབ་བྱང་སོགས་ཕྱོགས་བཅུར་བཞུགས་པའི་ལྗགས་ཡངས་པ་དག་ས་ཁད་རིང་བ་དང་། མཛད་འཕྲིན་རྒྱས་པས་དུས་སྐབས་ནམ་ཡིན་ལ་ཡང་ཡང་མཇལ་འཛོམས་དཀའ་མོད། འདི་ལྟའི་དྲ་རྒྱས་རིན་ཐང་ཅན་གྱི་གསུང་རྩོམ་དག་ལེགས་པར་བསྡུས་ཏེ་མཁས་བརྒྱར་མཆོད་པ་དང་། བརྒྱ་ཕྲག་མུན་སེལ་སྒྲོན་མེ་བར་སྣང་དུ་བཏེགས་པར་ལེགས་སོ་འབུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme