Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐ་མག་འཚོལ་དུ་ཕྱིན་པས་ Gandhi རྙེད་པ།

Posted on 2013-03-30 By ཁ་བརྡ་ 2 Comments on ཐ་མག་འཚོལ་དུ་ཕྱིན་པས་ Gandhi རྙེད་པ།

བསྟན་འཛིན་ཉིན་བྱེད།

ང་ལ་ཁམས་པའི་གྲོགས་པོ་འགའ་ཤས་ཡོད།
ཁོང་ཚོ་ཚང་མ་ལོ་ཤས་སྔོན་བོད་ནས་བཙན་བྱོལ་དུ་ཕེབས་པ་ཤ་སྟགས་རེད།
མང་ཆེ་བ་རྡ་ས་གསོག་སྒར་སློབ་གྲྭ་ནས་བོད་དབྱིན་སློབ་སྦྱོང་མཐར་སོན་རྗེས་ད་ཆ་གངས་སྐྱིད་གཡས་གཡོན་དུ་གནས་བཅའ་ནས་བསྡད་ཡོད།
གཅིག་ཤོས་ནི་བོད་གཞུང་གི་ལྟེ་གནས་གལ་ཆེ་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་ལ།
ཁོང་དང་ངེད་གཉིས་ཐོག་མར་གྲོགས་པོར་གྱུར།
གྲོགས་པོ་ཆགས་སྟངས་ནི་ངེད་གཉིས་སྲིང་སྤོལ་ལ་དགའ་བ་མ་ཟད།
སྲིང་སྤོལ་ཡག་པོ་རྒྱག་གི་ཡོད་པས་ཡིན།

ཁོང་ནི་མདོ་སྟོད་མིའི་ཆོལ་ཁ་ནས་མ་རེད་ཟེར་ན་སུས་ཀྱང་ཡིད་མི་ཆེས།
གང་ཡིན་ཟེར་ན། ཁོང་ནི་ཕོ་གསར་ལོ་ན་གཞོན་ཞིང་། གཟུགས་སྟོབས་ཧ་ཅང་ཆེ་བ།
ཁོགས་པ་ཡངས་ཞིང་།
ལྷག་པར་གླུ་ལེན་པར་དགའ་བ་མ་ཟད་སྐབས་རེ་སྙན་ངག་གཏིང་ཟབ་ཀྱང་འབྲི་ཐུབ།

ནམ་རྒྱུན་ང་དགོང་མོའི་ཟས་ལ་རོལ་རྗེས་ཁོ་ཚོའི་སྡོད་ཤག་ཏུ་ཡང་སེ་འགྲོ་གི་ཡོད།
དེའི་རྒྱུ་མཚན་ནི་ཐ་མག་འཐེན་ཆེད་དང་ཁ་བརྡ་བྱེད་ཆེད་ཡིན།
འོན་ཀྱང་ཉེ་བའི་ཆར་ཁོང་ཚོའི་སྡོད་ཤག་ཏུ་འགྲོ་མ་ཐུབ།
དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ།
ང་རང་ལུས་པོ་བདེ་ཐང་མེད་པའི་རྐྱེན་གྱིས་རེད།
ལྷག་པར་དུ་ངས་ཐ་མག་འཐེན་རྒྱུ་ཇེ་ཉུང་དུ་བཏང་སྟབས་འགྲོ་རྒྱུའི་དགོས་པ་ཡང་དམིགས་བསལ་མ་མཐོང་།

ཡིན་ནའང་ངས་གྲོགས་པོ་ཚོ་དྲན་པ་བརྗེད་མེད་ལ།
ཁོང་ཚོའི་མཉམ་ཐ་མག་འཐེན་པ་དང་། ཟ་མ་མཉམ་བཟའ་བྱེད་པ།
ཁ་བརྡ་ཀུ་རེ་བྱེད་པ་སོགས་ཡང་ཡང་དྲན་གསོ་བྱེད།
དེ་བས་ཉིན་ཤས་སྔོན་ཁོ་ཚོའི་སྡོད་ཤག་ཏུ་ཐེངས་གཅིག་བསྐྱོད་པ་ཡིན།
སྟབས་མ་ལེགས་པ་ཞིག་ལ་གྲོགས་པོ་གཅིག་མ་གཏོགས་གཞན་ཚོ་སྡོད་ཤག་ཏུ་མཐོང་རྒྱུ་མི་འདུག
ཁོང་ཚོ་ཚང་མ་ཕྱིར་འཁྱམ་འཁྱམ་དུ་སོང་འདུག
གཅིག་ཤོས་སྡོད་ཤག་ཏུ་ཡོད་པ་དེ་ནི་དུས་རྒྱུན་ཕྱིར་འཁྱམ་སོགས་བྱེད་རྒྱུ་དགའ་པོ་ཞེ་དྲགས་མེད།
ཁོ་རང་གི་གཤིས་རྒྱུད་ནི་ philosopher ནང་བཞིན་ཡོད་ལ།
དུས་རྒྱུན་དཔེ་རྙིང་གཏིང་ཟབ་དེ་འདྲ་ཀློག་སྟེ་སྡོད་རྒྱུ་དགའ་བ་མ་གཏོགས་གླུ་ལེན་པ་སོགས་ངས་ཞེ་དྲགས་མཐོང་མ་མྱོང་།

ངས་ཁོ་པར་ཁྱེད་ལ་ཐ་མག་ཅིག་འབྱིན་རྒྱུ་ཨེ་ཡོད་ཅེས་སྐད་ཆ་དྲིས་མོད།
ཁོང་ལ་ཐ་མག་རྐང་གཅིག་ལས་མེད་པ་མ་ཟད་དེ་འཐེན་ཚར་འདུག
ང་ལ་ཉོབ་སྣང་ཞིག་སྐྱེས་མོད།
གློ་བུར་དུ་ངའི་མིག་ཟུང་ཁོའི་དཔེ་དེབ་ཞིག་གི་སྟེང་དུ་ལྷུང་།
དཔེ་དེབ་དེ་ནི་བདག་ཉིད་ཆེན་པོ་ Gandhi
བརྩམས་པའི་རྒྱ་གར་གྱི་རང་དབང་ཞེས་པ་བོད་ཡིག་ཐོག་ཕབ་སྒྱུར་བྱས་པ་དེ་རེད།

ངས་ཁོང་ལ་དེབ་དེ་གཡར་པོ་ཞུས་ཏེ་རང་ཁྱིམ་དུ་ལོག
ངས་དེབ་དེ་དམིགས་བསལ་ཀློག་འདོད་བསྐྱེད་པའི་རྒྱུ་མཚན་ཅི་ཡིན་ཅུང་ཙམ་ཞུས་ན་འདི་ལྟར་ཏེ།
སྤྱིར་ངས་དབྱིན་ཡིག་ཤེས་ལ། དཔེ་དེབ་དེ་དབྱིན་ཡིག་ཐོག་ནས་བཀླག་ཐུབ།
ཡིན་ནའང་ཆེད་མངགས་བོད་སྒྱུར་ཞུས་པ་དེ་བཀླགས་པའི་རྒྱུ་མཚན་ནི་བོད་སྒྱུར་དེ་བཞིན་དེབ་ཀྱི་མ་དཔེ་
Gujarati སྐད་ནང་རྩོམ་བྲིས་གནང་པ་དང་ནང་དོན་ཐག་ཉེ་བར་མེད་དམ་སྙམ། དེ་ཡང་
Gujarati སྐད་ཡིག་ནི་དབྱིན་ཡིག་ལྟར་མ་ཡིན་པར་་བོད་ཡིག་བཞིན་ཁུངས་གཏུགས་ས་གཙོ་བོ་ནི་
Sanskrit ཡིན་ཟེར།
གཅིག་བྱེད་ན་ང་རང་ཤར་གླིང་ཨེ་ཤ་ཨའི་ཞེན་ཁོག་གིས་སླུས་པ་ཡིན་སྲིད།

གང་ལྟར་སྒྱུར་པ་པོས་དེབ་འདི་བཞིན་ཧ་ཅང་གོ་བདེའི་ངང་བོད་སྒྱུར་ཞུས་འདུག་པ་མ་ཟད།
ནང་དོན་ཆ་ནས་ཀྱང་ཆད་ལྷག་གཅིག་ཀྱང་སོང་མེད་པ་འདྲ་པོ་ཞིག་རང་བཞིན་གྱིས་ཚོར་སྣང་བྱུང་ལ།
དེབ་ཀྱི་རྒྱབ་ཤའི་ཇུས་འགོད་ཀྱང་ཧ་ཅང་མཛེས་པས་སུས་ཀྱང་བལྟས་ཚེ།
སྒྱུར་པ་པོ་དང་ཇུས་འགོད་པ་དེ་བཞིན་དཔེ་དེབ་ཐོག་ཕྱག་ལས་གནང་མཁན་ཚང་མས་ལྷག་བསམ་རྣམ་དག་གིས་དཔར་བསྐྲུན་ལེགས་གྲུབ་ཞུས་པ་གསལ་ལེར་མངོན་ཐུབ།

རྒྱ་གར་རང་དབང་ཞེས་པའི་དཔེ་དེབ་དེ་ནི་བདག་ཉིད་ཆེན་པོ་ Gandhi
དང་ཁོང་གི་གྲོགས་པོ་ཞིག་གིས་དབར་རྒྱ་གར་གྱི་ཕུགས་བསམ་ཐོག་གླེང་མོལ་བྱས་པའི་མཇུག་བྲས་ཤིག་ཡིན་ལ།
དེའི་ནང་བརྗོད་གཞི་གཙོ་བོ་ཁག་ཅིག་ངོ་སྤྲོད་ཞུས་ན་འདི་ལྟར་ཏེ།
རྒྱ་གར་གྱི་རང་དབང་ཇི་ལྟར་ཤོར་བའི་སྐོར་དང་།
རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ངོ་མ་ཅི་ཡིན།
རྒྱ་གར་གྱི་རང་དབང་བསྐྱར་གསོ་ཇི་ལྟར་ཐུབ་མིན།
ཨི་ཏ་ལི་དང་རྒྱ་གར་རང་དབང་འཐབ་རྩོད་ཀྱི་ཁྱད་པར།
བདེན་པའི་ཨུ་ཚུགས་དང་དེང་རབས་འཕྲུལ་ཆས་སོགས་སོ།

སྤྱིར་བདག་ཉིད་ཆེན་པོའི་འཚེ་བ་མེད་པའི་ལྟ་གྲུབ་ནི་འཛམ་གླིང་ཡོངས་སུ་མཐོང་ཐོས་མྱོང་རྒྱུ་ཡོད་པ་ཞིག་ཡིན་ཞིང་།
ལྷག་པར་དུ་རྒྱ་གར་དང་རང་རེའི་བོད་རིགས་བཙན་བྱོལ་སྤྱི་ཚོགས་ཁྲོད་ལྟ་གྲུབ་དེའི་སྐོར་གོ་ཐོས་མ་མྱོང་མཁན་ནི་ཉིན་མོའི་སྐར་མ་དང་འདྲའོ་ཞེས་བརྗོད་ན་འུད་གཏམ་དུ་མི་འགྲོ།
ཡིན་ནའང་བདག་ཉིད་ཆེན་པོའི་ལྟ་གྲུབ་ཕྱོགས་ཡོངས་ནས་གོ་རྟོགས་ཡོད་མཁན་ཧ་ཅང་དཀོན་ལ།
ཡོངས་གྲགས་སུ་ང་ཚོར་གོ་རྟོགས་ཡོད་པའི་ཁོང་གི་འཚེ་བ་མེད་པའི་ལྟ་གྲུབ་ནི་དབང་འཛིན་མི་སྣའི་ནག་ནོག་གི་དྲི་མས་མ་འགོས་པ་ཞིག་གཏན་ནས་མིན་ཏེ།
དཔེར་ན་ང་ཚོའི་སྣང་བརྙན་དུ་འཇོག་པའི་བདག་ཉིད་ཆེན་པོ་ནི་དུས་རྟག་ཏུ་འཚེ་བ་མེད་པའི་ལམ་ལ་ཞུགས་པ་དང་མཐའ་གཅིག་ཏུ་འཚེ་བར་ངོ་རྒོལ་ཡོད་ཚུལ་དེ་ཡིན་པ་རེད།
ཡིན་ནའང་དོན་དངོས་ཐོག་དེ་ལས་ཅུང་རྙོག་གླེང་ཆེ་བ་ཡོད་དེ།
དཔེར་ན་བདག་ཉིད་ཆེན་པོས་འཚེ་བ་དང་བག་འཁུམས་གཉིས་ལས་ཅི་ཞིག་འདེམས་དགོས་སམ་ཞེས་བཀའ་དྲིས་གནང་སྐབས་བཀའ་ལན་གནང་བ་གཤམ་གསལ།

གལ་སྲིད་ང་ཚོར་འཚེ་བ་དང་བག་འཁུམས་གཉིས་ལས་གཞན་ཅི་ཡང་འདེམས་རྒྱུ་མེད་པའི་གནས་སྟངས་ཤིག་ཏུ་ལྷུང་ཚེ།
ངས་འཚེ་བ་འདེམས་ཞེས་སློབ་སྟོན་བྱེད་རྒྱུ་ཡིན།
རྒྱ་གར་གྱིས་བག་འཁུམས་སུ་སྡོད་དེ་རང་ཉིད་ཀྱི་ཆེ་མཐོང་རྡོག་རོལ་དུ་གཏོང་བ་དེར་ཅི་ཡང་མི་བྱེད་པར་བལྟས་ཏེ་བསྡད་པ་ལས་མཚོན་ཆ་ཐོག་སྟེ་ཆེ་མཐོང་སྲུང་སྐྱོབ་བྱེད་པ་དེ་ཡག་ཅེས་དང་།

ཡང་ཁོང་གིས།

འོན་ཀྱང་ངས་འཚེ་བ་མེད་པ་ནི་མཐའ་གཅིག་ཏུ་འཚེ་བ་ལས་རླབས་ཆེ་བ་དང་།
ཉེས་ཡངས་དགོངས་སེལ་བྱེད་རྒྱུ་ནི་ཉེས་ཆད་ལས་ནུས་སྟོབས་ཆེ་བ་ཡིན་ཅེས་གསུངས་ཡོད།

གོང་གསལ་ཟུར་འདོན་ཞུས་པའི་བདག་ཉིད་ཆེན་པོའི་བཀའ་ལུང་ལས་གསལ་པོར་རྟོགས་ཐུབ་པ་ནི།
ཁོང་གི་འཚེ་བ་མེད་པའི་ལྟ་གྲུབ་ནི་དཀར་པོ་དཀར་རྐྱང་ཡང་མིན་པ།
ནག་པོ་ནག་རྐྱང་ཡང་མིན་པ་མགོ་རྙོག་གཏིང་ཟབ་ཀྱི་ལྟ་གྲུབ་ཞིག་ཡིན་པར་སྨོས་ཅི་དགོས།
དེར་བརྟེན་ང་ཚོས་ཁོང་གི་ལྟ་གྲུབ་ལ་ཞིབ་ཚགས་སློབ་སྦྱོང་བྱས་པ་ཙམ་དུ་མ་ཟད་ལྟ་གྲུབ་ཀྱི་ནང་དོན་ཁག་ཉིན་རེའི་མི་ཚེའི་ནང་ལག་བསྟར་ཉམས་མྱོང་གཏིང་ཟབ་བྱས་རྗེས་གཞི་ནས་ཁོང་གི་ལྟ་གྲུབ་ཀྱི་དགེ་སྐྱོན་ཅི་ཡིན་གླེང་མོལ་ཁྱབ་བསྒྲགས་བྱེད་པ་མ་གཏོགས།
གང་བྱུང་མང་བྱུང་འཚེ་བ་མེད་པའི་སྐོར་གཏམ་བཤད་དང་རྒྱབ་སྐྱོར་སྐྱོན་བརྗོད་སོགས་བྱེད་ན་ཕུགས་རྒྱང་རིང་པོར་ཕན་ཐོགས་ཨེ་ཡོད་སྙམ།

དེ་བས་ཀློག་པ་པོས་བདག་ཉིད་ཆེན་པོའི་འཚེ་བ་མེད་པའི་ལྟ་གྲུབ་ལ་མཁྱེན་རྟོགས་ཡོད་ཚེ་རྒྱ་གར་རང་དབང་ཞེས་པའི་བོད་སྒྱུར་དཔེ་དེབ་དེ་ངེས་པར་དུ་བཀླག་དགོས།
གཅིག་བྱེད་ན་དཔེ་དེབ་འདིའི་རྐྱེན་པས་ཁྱེད་ལ་ཟང་ཟིང་འཚེ་བས་རློམས་པའི་མི་ཚེའི་ཁྲོད་རང་དབང་གི་སྒོ་མོ་གསར་པ་ཞིག་ཕྱེ་སྲིད།
དེ་འདྲ་མ་བྱུང་ནའང་བཙན་བྱོལ་དུ་འཚར་ལོང་བྱུང་བའི་གནས་བབ་རྐྱེན་པས་བོད་ཡིག་སྦྱོང་རྒྱུར་འཐུས་ཤོར་དུ་སོང་མཁན་ཚོར་དཔེ་དེབ་དེ་ལ་བརྟེན་ནས་འཚེ་བ་མེད་པའི་ལྟ་གྲུབ་དང་འབྲེལ་བའི་བོད་ཡིག་ཐ་སྙད་གསར་པ་འགའ་ངེས་འདྲོངས་ཡོང་རྒྱུའི་ཕན་ཐོགས་ཡོད་དོ།།

སྙན་ངག

Post navigation

Previous Post: སྡོང་ལོ་ལྗང་ཁུ་ཞིག་ལ་གྲོས་བཏབ་པ།
Next Post: དྲ་གྲོགས་གནམ་ལ་གླེང་མོལ་།

Comments (2) on “ཐ་མག་འཚོལ་དུ་ཕྱིན་པས་ Gandhi རྙེད་པ།”

  1. རྡོ་རྗེ་བཀྲ་ཤིས་ says:
    2013-03-30 at 1:02 pm

    རེད་རེད། ཁྱེད་ཀྱིས་སྒྲུང་སྙན་མོ་ཞིག་བྲིས་འདུག ཨ་མའི་བུ་ཁྱོད་ལྟ་བུ་རེ་ཟུང་བཙན་བྱོལ་ནང་ལ་ཡོང་དགོས་པ་འདུག དེབ་དེ་ན་ག་སངས་རྒྱས་བསྟན་དར་དང་བསྟན་འཛིན་དོན་ཡོད་གཉིས་ཀྱིས་བསྒྱུར་ཅིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་བཏབ་པ་རེད།

  2. སྤྲུལ་སྐུ་རྫུན་མ་ནས་ says:
    2013-03-30 at 2:36 pm

    ང་ནི།
    ཁྱེད་ལ་རེ་བ་ཡོད་མཁན་ཞིག་ཡིན། གང་ཡིན་ཟེར་ན། བཙན་བྱོལ་ནང་གི་འཚར་ལོངས་བྱུང་མཁན་ཁྱེད་འདྲ་བ་ཡོད་ན། བློ་གྲོས་འཕེལ་བྱེད་རང་རེད། ངོ་མ་ཡིན། ང་ནི། ཁྱེད་རང་གི་ལྟ་ཚུལ་དང་བསམ་བཞིག་བྱེད་སྟངས། དེ་ལས་ཀྱང་ལྟ་སྟངས་ཡོད་པ་དེས་ཡིད་རྟོན་འཕེལ་གྱི་འདུག
    མ་ཟད། སྐད་རིགས་ཀྱིས་བཀག་རྒྱ་མེད་པས་ངོ་མ་རེ་བ་འདུག དེའི་ནང་ནས་བོད་རང་གི་རྣམ་དཔྱོད་ལྡན་པ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་སོགས་འཚོལ་ཞིབ་བྱེད་སྟངས་ཀྱིས། ངའི་ཚིམ་སོང་།
    ཨ་མའི་བུ་ཉིན་བྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme