Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐ་མག་བཅད་ཟིན། ཆང་རག་སྤངས་ཟིན།

Posted on 2014-09-112014-09-11 By ཁ་བརྡ་ 5 Comments on ཐ་མག་བཅད་ཟིན། ཆང་རག་སྤངས་ཟིན།

འབའ་སྲས།

ཐ་མག་དཀར་དཀར་འཐེན་པས་གློ་བ་ནག །
ཆང་རག་མང་མང་འཐུང་བས་མཆིན་པ་ལྡར།།
ཚེ་ཡི་གཤེད་མར་གདེངས་པའི་དགྲ་བོ་གཉིས།།
དམ་བཅའ་རལ་གྲིའི་རྩེ་ནས་དར་ལ་བརྫངས།།

ཐ་མག་འཐེན་པས་གློ་ལུད་ཇེ་མང་རེད།།
ཆང་རག་འཐུང་བས་མཆིན་ནད་ཇེ་སྡུག་རེད།།
རང་གི་སྲོག་ལ་རྒོལ་བའི་དགྲ་ཟླ་གཉིས།།
ད་རུང་གྲོགས་སུ་གཅེས་ན་སྨྱོན་པ་རེད།།

ཐ་མག་འཐེན་པས་འབྱོར་བ་ཇེ་ཞན་རེད།།
ཆང་རག་འཐུང་བས་ཆང་སྐྱོན་ཇེ་མང་རེད།།
ཁྱིམ་ཚང་གྲོགས་ལ་གནོད་པའི་གཏེ་བོ་གཉིས།།
ས་འོག་རིམ་པ་དགུ་ཡི་དར་ལ་བཅུག །

ཐ་མག་རིན་གོང་ཟླ་རེར་ཇེ་མཐོ་རེད།།
ཆང་རག་འགྲོ་སོང་ཉིན་རེར་ཇེ་མང་རེད།།
འབྱོར་བའི་རྐུན་པོ་ཐེའུ་རང་མ་གཏོང་གཉིས།།
བདག་གི་ཁྱིམ་ཚང་འདི་ལ་འཁོར་ས་མེད།།

ཐ་མག་རིན་པས་རྒྱབ་ལ་གོས་ཤིག་གྱོན།།
ཆང་རག་རིན་གྱིས་ཁ་ལ་ཟས་ཤིག་ཟ།།
ཁ་རྒྱབ་གཉིས་ལ་ཕན་པ་འདི་ན་ཡོད།།
རང་ལ་ཕན་ཞིང་གཞན་གྱིས་བལྟས་ན་ཡག །

ལོ་ངོ་ཉི་ཤུར་འགྲོགས་པའི་ཆང་ཐ་མག །
དེ་རིང་ནས་བཟུང་གཏན་དུ་བདེ་མོ་བྱོས།།
ཁྱོད་གཉིས་དྲན་པའི་གདུང་བ་བདག་ལ་མེད།།
ད་བར་འགྲོགས་ནས་ཞེན་ཁ་ལོག་སོང་ངོ་།།

༡༤/༠༩/༡༡ ལམ་བར་ནས།

སྙན་ངག

Post navigation

Previous Post: གལ་ཆེའི་གནད་དོན་གསུམ།
Next Post: གསོན་ལྤགས་བཤུ་བཞིན་པའི་བོད།

Comments (5) on “ཐ་མག་བཅད་ཟིན། ཆང་རག་སྤངས་ཟིན།”

  1. གནམ says:
    2014-09-11 at 9:46 am

    ཧ་ཧ་ཧ། བཟང་གི་བཟང་གི། ཆང་དུད་གཉིས་ཀ་གཅོད་ཐུབ་ན་ཨ་མའི་བུ་ཡིན། རྒོད་མའི་རྟེའུ་ཡིན། ཁ་དོན་ལ་འགྱུར་བ་མེད་པར་བཀྲེས་བདེ་ལེགས་ཡོད།
    དར་ལ་བཅུག་དང་བརྫངས་ཟེར་ན་ཅི་རེད།

  2. ཀླུ་སྨྱོན། says:
    2014-09-11 at 11:06 am

    ༄༅། །ཟབ་ཏིག་རྒྱ་མཚོ་ལས༔ སྙིགས་མའི་གང་ཟག་རྣམས་ཀྱི་བདུད་སྟོབས་ཐ་མ་ཁ་བཙན་ཐབས་སུ་གཅོད་པའི་མན་ངག་བཞུགས༔

    Dakini script བླ་མ་དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ སྙིགས་མའི་འགྲོ་བ་ཐར་ལམ་བར་གཅོད་ནི༔ ཐན་ལྟས་ཀུན་འདུས་བདུད་སྟོབས་ཐ་མ་ཁ༔ འདིས་ནི་ས་ལམ་བར་གཅོད་བཀྲ་མི་ཤིས༔ སྔོན་ཚེ་རྒྱ་གར་འཕགས་ཡུལ་གནས་མཆོག་ཏུ༔ སྟོན་པ་བླ་མེད་མཉམ་མེད་ཐུབ་དབང་གིས༔ སྡེ་སྣོད་རྣམ་བཞིའི་ཆོས་འཁོར་བསྐོར་བའི་སྐབས༔ བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས༔ ཐོ་བརྩམས་བར་ཆད་རིམ་གསུམ་བཏང་བའི་དུས༔ མཉམ་མེད་ཐུབ་དབང་སྲས་འཁོར་བཞུགས་པའི་ཕྱོགས༔ མཁྱེན་བརྩེའི་རང་གཟུགས་ཡེ་ཤེས་མེ་འབར་བས༔ བདུད་ཀྱིས་གླགས་ལྟ་སྐབས་ཆོལ་མ་རྙེད་ཕམ༔ དེ་དབང་བདུད་རྣམས་ཤིན་ཏུ་སྙིང་ཕམ་ནས༔ མི་བཟོད་ཁྲག་གི་མཆི་མ་ས་ལའང་༔ ལན་བདུན་ལྷུང་མོད་སྨོན་ལམ་འདི་ལྟར་བཏབ༔ འདི་ཡི་འབྲས་བུ་ཡངས་པ་ཅན་ཕྱོགས་སུ༔ མེ་ཏོག་སྔོ་ལེབ་ཁྲུ་གང་ཙམ་འཁྲུངས་ནས༔ ཟ་མི་ཉན་པར་དབང་པོ་སྣར་བཏང་བས༔ དེ་མོད་ཉོན་མོངས་དུག་ལྔའི་སྣ་ཁྲིད་ཅིང་༔ བརྒྱད་ཁྲི་བཞི་སྟོང་རྒྱས་ཤིང་གོའུ་ཏ་མའི༔ བསྟན་པའི་འདུལ་ཁྲིམས་མ་ལུས་ཉམས་པར་ཤོག༔ ཅེས་པ་སྨོན་ལམ་བདུད་ཀྱིས་རབ་བཏབ་པས༔ དེ་ཕྱིས་ཡངས་ཅན་ཕྱོགས་ཡུལ་སར་སྐྱེས་པ༔ བདུད་བློན་ཁྲག་མདོག་བུ་མོ་ཆོས་འཆོལ་གཉིས༔ འདོད་པས་གདུང་ཞིང་དེ་དྲུང་འཚོགས་ཉལ་དུས༔ ཁྲག་མདོག་སྔོན་མཐོང་ཆོས་འཆོལ་མ་འདི་བརྗོད༔ བདུད་རྒྱལ་ཆེན་པོའི་དྲུང་དུ་འདི་འབུལ་ན༔ ཐུགས་མཉེས་གོའུ་ཏམ་བསྟན་པ་བཤིག་འཆོལ་བའི༔ རྫས་འབུལ་ཕྱིར་དུ་བདུད་རྒྱལ་དྲུང་ཕུལ་ཞུས༔ བདུད་རྒྱལ་ཤིན་ཏུ་མཉེས་ནས་འདི་ལྟར་བརྗོད༔ ཨ་ལ་ལ་ཧོ་མཚར་རོ་ངོ་རེ་མཚར༔ ལྔ་བརྒྱ་ཐ་མར་གོའུ་ཏམ་བསྟན་པ་ནི༔ བཤིག་བྱེད་རྫས་མཆོག་འདི་རྙེད་ངོ་མཚར་ཆེ༔ ཁྲག་མདོག་ཆོས་འཆོལ་ཁྱེད་གཉིས་གུས་དགས་བསྟོད༔ ཅེས་བརྗོད་བདུད་བློན་ཕོ་མོས་གཙོ་མཛད་པའི་༔ བདུད་དམག་འབུམ་དང་སྲིན་མོ་ལྔ་བརྒྱ་ལ༔ ཐ་མ་ཁ་བསྐུར་རྒྱ་གར་བྱང་གི་ཕྱོགས་༔ ཚོང་འདུས་འཚོགས་སར་མངགས་ཤིང་སྨོན་ལམ་ནི༔ འབྲས་བུ་འདི་ཡི་བསྟན་པ་འཛམ་གླིང་ཁྱབ༔ གོའུ་ཏམ་རྗེས་འཇུག་འབངས་ཆུང་ཕོ་མོ་ཡིས༔ འདི་ལ་སྤྱོད་ཅིང་དང་པོ་དབང་པོ་དངས༔ སེམས་དང་འདོད་ཆགས་ཞེ་སྡང་གཏི་མུག་འཕེལ༔ ཉོན་མོངས་ཚོགས་རྣམས་ཤིན་ཏུ་རྒྱས་པར་ཤོག༔ དམ་པའི་ཆོས་ནུས་མ་ལུས་འདིས་འཇོམས་ཤོག༔ མཐའ་རུ་གོའུ་ཏམ་བསྟན་པ་རབ་བཤིག་ཅིང་༔ བདུད་སྡེ་ཉོན་མོངས་ཚོགས་རྣམས་རྒྱས་པར་ཤོག༔ ཅེས་པའི་སྨོན་ལམ་བཏབ་ཅིང་ཚོང་འདུས་སུ་༔ ཁྱེར་ནས་ཀུན་གྱིས་ཉོས་ཤིང་སྣ་ལ་སྤྱོད༔ ཉོན་མོངས་ཚོགས་རྒྱས་འདོད་པ་རབ་འབར་ཞིང་༔ རིམ་བཞིན་རྒྱ་བོད་ཀུན་ལ་དར་བ་ཡིན༔ འདི་ནི་ཉེས་པ་ཤིན་ཏུ་ལྕི་བ་ཡིན༔ བདག་གི་རྗེས་འཇུག་རྣམས་ཀྱིས་འདི་མི་སྤྱོད༔ དྲི་ཙམ་ཕོག་ན་ཐིག་ནག་དམྱལ་བར་འགྲོ༔ ཁྱད་པར་དགེ་འདུན་ནང་ན་སྤྱོད་པའི་མི༔ གསང་སྔགས་བརླག་ཅིང་དམྱལ་བའི་གཏིང་རྡོ་ཡིན༔ དྲི་ཙམ་དཀྱིལ་འཁོར་ཕྱི་ནང་མདུན་སྤེལ་ན༔ ཐིག་ནག་ངུ་འབོད་རོ་མྱག་འདམ་དུ་ཚུད༔ ཉོན་མོངས་རབ་སྤེལ་དུག་ཟས་སུས་སྤྱོད་ན༔ དུས་གསུམ་རྒྱལ་བས་བྱ་ཐབས་རབ་བྲལ་བས༔ དེ་ཕྱིར་ཐ་མ་ཁ་འདི་སྤོང་བར་མཛོད༔ ཀུན་གྱིས་སྔོ་དྲི་ལ་ནི་ཉེས་མེད་ཟེར༔ མཚར་ཕྱིར་རྩེད་མོ་ལྟ་བུས་བདུད་ཟས་སྤྱོད༔ ད་ལྟ་བཟང་པོ་ལྟར་འདུག་ཕྱི་མ་ལ༔ ཐིག་ནག་ངུ་འབོད་རོ་མྱག་འདམ་ཚུད་དུས༔ བདེ་སྐྱིད་ངོ་མཚར་ཨེ་འདུག་བསམ་མནོ་ཐོངས༔ ད་ལྟ་སངས་རྒྱས་བསྟན་པ་གནས་དུས་སུ༔ མགོ་བོ་ན་ཙམ་དཀོན་མཆོག་གསུམ་མཁྱེན་དགོས༔ བདུད་ཟས་སྣར་སྤྱོད་ཉོན་མོངས་ཆེར་རྒྱས་ནས༔ བསྟན་པར་རྨ་འབྱིན་མགོན་མེད་སྙིང་རེ་རྗེ༔ དེ་ཕྱིར་བདུད་ཟས་སྤོངས་ཞིང་དམ་ཆོས་སྤྱོད༔ སྤངས་ན་ཡོན་ཏན་ཕུན་ཚོགས་རབ་འཕེལ་ཞིང་༔ འདི་བདེ་ཕྱི་བདེ་བདེ་ནས་བདེ་བར་འགྲོ༔ དེ་ཕྱིར་སྙིང་ལ་ཆོངས་མཛོད་རྗེས་འཇུག་རྣམས༔ དུས་སུ་འགྲོ་ལ་ཕན་ཕྱིར་འདི་བརྗོད་དོ༔ ས་མ་ཡ༔

    བདུད་ཟས་ཐ་མ་ཁ་བཙན་ཐབས་སུ་གཅོད་པའི་མན་ངག་ནི༔ རང་ཉིད་སྟོན་པ་ཕྱག་ན་རྡོ་རྗེ་གསལ༔ ཤངས་གཡས་འཇམ་དཔལ་གཡོན་པ་སྤྱན་རས་གཟིགས་༔ གསལ་བའི་འོད་ཟེར་རྒྱལ་སྲས་ཚོགས་སྤྱན་དྲངས༔ ཐུགས་རྗེས་བྱིན་རླབས་སྡུག་བསྔལ་ཚོགས་འཇོམས་ཤིང་༔ བདེ་ཆེན་ཡེ་ཤེས་ཆེན་པོའི་གཟི་བརྗིད་འབར༔ བདུད་ཚོགས་དཔའ་ཞུམ་དབང་འདུས་བསམ་ངན་ཞི༔ བསམ་ཞིང་གསང་སྔགས་སྙིང་པོ་འདི་བརྗོད་དོ༔

    ཨོཾ་ཝ་གི་ཤྭ་རི་མཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བདུད་སྲིན་ཐ་མ་ཁ་ལ་མཱ་ར་ཡ་ཕཊ༔

    སྟོང་བཟླས་ནུས་པས་བསྐྱེད་རིམ་གཟེར་ཐེབས་ན༔ བདུད་ཟས་ཡིད་ལ་དྲན་ཙམ་མི་འབྱུང་ངོ་༔ བདེན་རྫུན་ལག་ལོངས་རབ་ཏུ་གསལ་བར་འགྱུར༔ མ་འོངས་སྙིགས་དུས་སྡེ་ལྔ་བདོ་བའི་ཚེ༔ རྗེས་འཇུག་དམ་ལྡན་རེ་ཟུང་ཡོད་སྲིད་ན༔ འདི་བརྩོན་བདུད་སྲིན་འཚེ་བའི་གཡུལ་ལས་རྒྱལ༔ ང་སྤྲུལ་སྙིང་རྗེ་ཅན་གྱིས་འདི་སྤེལ་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

    གཏེར་མིང་འཇིགས་བྲལ་མཐུ་སྟོབས་གླིང་པས་ཕབ་པའོ། འདིའི་ལུང་བརྒྱུད་ནི། གཏེར་ཆེན་ཉིད་ལས། རྒྱལ་སྲས་སྐལ་བཟང་བསྟན་འཛིན་གྱིས་གསན། དེས་བདག་བྱ་བྲལ་སངས་རྡོ་རྗེ་ལ་བསྩལ་བའོ། །

  3. ཀརྡོ་གཉེར་ཕྱག་པ་ says:
    2014-09-11 at 12:33 pm

    ཆང་གིས་ཡིད་ཀྱི་རྣམ་རྟོག་ངན་ཀུན་སློང་བར་འགྱུར། །
    དུད་པས་ལུས་ཀྱི་གློ་མཆིན་མགྲིན་སོགས་ནད་གཞིར་འགྱུར། །
    མ་འཐུང་མ་འཐེན་པ་དང་ཕྱིས་སུ་བཅད་པ་ཡིས། །
    ནད་ཉུང་ལུས་བདེ་སེམས་སྐྱིད་མི་ཚེ་དོན་ལྡན་འགྱུར། །

  4. བསམ་ཤེས། says:
    2014-09-11 at 4:49 pm

    ཆང་དང་དུ་བའི་སྐྱོན་རེད་དམ། གང་ཟག་ཤ་རུས་ཅན་གྱི་སྐྱོན་རེད། མི་ལུས་འདི་ལ་བསམ་བློ་ཡག་པོ་བཏང་ན། བཀྲ་ཤིས་པ་རྐང་གཅིག་ལ་བཀྲ་མ་ཤིས་པ་རྐང་སྟོང་གིས་མཁྱུད་པ་ལྟ་བུ་ཞིག་མ་རེད་པས། གང་ལྟར་ཉིན་གཅིག་ཤི་ལེ་རེད། གསོན་པོར་སྡོད་དུས་བློ་གུ་ཡངས་པོ་བྱེད། བཟའ་བཏུང་ཚང་མར་ཚོད་བྱས་ན་སྐྱོན་མིན་འདུག དཔེར་ན། དུ་བ་ཐོག་མ་འཐེན་མཁན་ཨ་རིའི་གདོད་མའི་མི་རྣམས་རེད། ཁོང་ཚོ་དུ་བ་འཐེན་དུས་ཚོད་ཡོད་པས། ཁོང་ཚོའི་ནང་ལ་སྐྲན་ནད་ཤིན་དུ་ཉུང་།

    ཆང་ནི་ང་ཚོ་གསང་སྔགས་ཉམས་ལེན་པ་ཚོར་མེད་དུ་མི་རུང་བ་རེད། མགོ་རྒྱལ་བ་རྡོ་རྗེ་འཆང་ནས་མཇུག་དྲ་འབུ་ཨ་ཕྱི་ཆོས་སྒྲོན་བར་ལ་ཉིན་ལྟར་ཆང་མ་འཐུང་ན་མ་འགྲིགས། དེ་གསང་སྔགས་ཀྱི་རྫས་མེད་དུ་མི་རུང་བ་རེད། ང་ཚོའི་ནང་ལ་མཆིན་པ་ན་མཁན་ཧ་ལམ་མེད། གཙོ་བོ་ཚོད་བྱེད་དགོས། མ་རེད་པས།

    ལུས་ལ་སྐྱོན་ཡོད་ཚད་སྤངས་དགོས་ན་ལྟོ་དང་མོ་དང་གོས་དང་གནས་དང་མལ་དང་གཉིད་དང་དབང་པོ་ཚང་མ་སྡོད་མི་དགོས་སམ།།

  5. བསམ་ཤེས། says:
    2014-09-11 at 4:51 pm

    སྡོད་མི་དགོས་སམ་དེ་སྡོམ་མི་དགོས་སམ་ལ་སྒྱུར་རོགས། ཡ་ད་ཨ་ཕྱི་ཡིན་དཱ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme