Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མའི་མིག་ཆུ།

Posted on 2012-12-032012-12-04 By ཁ་བརྡ་ 20 Comments on ཏཱ་ལའི་བླ་མའི་མིག་ཆུ།

ནམ་མཁའ།

བོད་ཀྱི་གསར་གནས་ཁག་ནས་མཐོང་གསལ་ལ། ཏཱ་ལའི་བླ་མ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པའི་སྐབས།རྒྱ་གར་གསར་འགོད་པ་ཞིག་གིས་ཏཱ་ལའི་བླ་མ་མཆོག་ལ་རང་ལུས་མེ་སྲེགས་སྐོར་གྱི་དྲི་བ་དྲིས་ཏེ།ཁོང་གིས་གསུངས་ལན་གནང་དུས་༼རང་ལུས་མེ་སྲེགས་ཀྱི་གནས་ཚུལ་གོ་ཐེངས་རེ་ལ་ང་རང་མིག་ཆུ་ཤོར་གྱི་འདུག༽ཞེས་བཀོད་འདུག་པས། དེ་ནི་ཡིན་དང་ཡིན།

 

སྙིང་རྗེ་ཡི་བདག་ཉིད་ཅན་མཆོག་ཏུ་གྱུར་བའི་སྐྱེས་བུ་དམ་པ་ཁོང་།བོད་མི་ས་ཡ་དྲུག་གི་ཡ་ཐོད་ཀྱི་མིག་ཁོག་པའི་སྙིང་ལྟ་བུ་གཅིག་པོ་རེད། གཞི་བྱེས་བོད་མི་ཡོངས་ཀྱིས་གསོན་དུས་བདེ་སྡུག་ཞུ་ས་དང་འཆི་དུས་སྐྱབས་འཇུག་ཞུ་སའི་སེམས་རྟེན་ཡང་ད་ལྟའི་ཆར་ཁོང་གཅིག་པོ་ལུས་ཡོད།

དེས་རྐྱེན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་བྱིས་པ་ལོ་༡༤དང༡༥ཡན་འདབ་ནས་། རྒན་པོ་ལོ་དྲུག་བཅུ་མན་ནས་བཟུང་།མེ་ལྕེ་ཡི་ཀློང་དཀྱིལ་ནས་འབོད་སྒྲའི་ཐོག་མ་ནི། ཏཱ་ལའི་བླ་མ་བོད་ལ་ཕེབས་དགོས་ཞེས་བའི་ཚིག་འདི་རེད།

 

འདི་འདྲའི་སྙིང་སྟོབས་ཀྱི་མེ་ལྕེ་གྲངས་ཚད་མི་གཅིག་གི་ཚེ་སྲོག་ཤོར་བ་མ་ཡིན་པར་བོད་མི་༩༠ལྷག་གིས་རང་སྲོག་བློས་བཏང་བྱས་ཡོད་པའི་གྲངས་ཚད་འདི་ལྟ་བུ་ནི།

བོད་ཀྱི་ལོ་རྒྱུས་ནང་ཕར་བཞག་འཛམ་གླིང་སྟེང་འདི་འདྲའི་གྲངས་ཀ་མང་པོ་ཞིག་གིས་རང་ལུས་མེ་སྲེགས་གནང་བ་ད་ལྟ་བར་བྱུང་མྱོང་མེད།

 

བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོས་རང་གི་བྲང་ལས་མཆེད་པའི་བུ་ཕྲུག་དམར་རྗེན་དང་།རང་ཉིད་མི་ཚེ་འདིའི་གཉོར་སྐྱོང་བྱེད་མཁན་གྱི་དྲིན་ཆེན་ཕ་མ་དང་སྤུན་མཆེད།  རང་གི་མི་ཚེ་གཅིག་གི་བཟའ་ཟླ་སོགས་ཆ་ཚང་བློས་བཏང་གིས་ཚེ་སྲོག་མེ་རུ་སྒྲོན་པ་ནི།རྩི་ཤིང་ཞིག་འབར་བ་ལྟ་བུ་མ་རེད།འཇིག་རྟེན་འདིའི་སྟེང་ན་ཆེས་ཤིན་ཏུ་རིན་ཐང་ཆེ་བ་ཞིག་ཡོད་པ་ནི།མི་ཡི་ཚེ་སྲོག་མ་ཡིན་ནམ།ཆེས་ཤིན་ཏུ་རིན་ཐང་ཆེ་བའི་མི་ཡི་ཚེ་སྲོག་༩༠ལྷག་གིས་རང་དབང་འཐབ་རྩོད་དང་རང་གི་རྩ་བའི་བླ་མ་མཇལ་འདོད་ཀྱི་སྙིང་སྟོབས་ཕྱི་རུ་མངོན་ཏེ།ཡོད་ཚད་བློས་བཏང་བྱས་བ་མཐོང་དུས།མི་བསམ་བློ་ཐང་པོ་ཅན་ཡིན་ཚེ་མིག་ཆུ་མི་ཤོར་མཁན་སུ་ཡོད།

 

དཔེར་ན།བུ་ཕྲུག་མང་པོ་ཞིག་གི་ཨ་ཕ་བཙན་དབང་གིས་ས་མཐར་སྤྱུགས་ཏེ།ཕྱིར་རང་ཁྱིམ་དུ་ལོག་ཏུ་མ་བཅུགས་པར་མི་ཚེ་ཡི་མཐའ་འཇུག་ལ་སླེབས་དུས།བུ་ཕྲུག་ཚོས་རང་གི་ཨ་ཕ་མཇལ་འདོད་ཀྱི་སེམས་ཟློག་ཏུ་མེད་ཚེ།བུ་ཕྲུག་དང་ཚ་བོ་ཚ་མོ་སྤུན་མཆེད་ཉེ་རིང་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཕ་རྒན་ཕྱིར་རང་ཁྱིམ་དུ་ཕེབས་དགོས་ཟེར་ནས།རང་ལུས་མེ་སྲེགས་བྱས་ཚེ།ཕ་རྒན་གྱི་སེམས་ཁོང་ན་སྡུག་བསྔལ་ག་འདྲ་ཞིག་ཡོད་དམ།དེ་དང་གཅིག་མཚུངས་རེད།

 

གཉིས་པ།

 

འཛམ་གླིང་སྟེང་བྱུང་མེད་པའི་ལོ་རྒྱུས་གསར་བ་ཞིག་བོད་ནང་གི་གཞི་ལུས་མི་དམངས་ཚོས་།ལོ་རྒྱུས་ཀྱི་རྡོ་རིང་ཞིག་འཛམ་གླིང་མཐོ་སྒང་འདིའི་སྟེང་བཙུགས་ཀྱང་།ནུས་པ་ཞིག་མ་ཐོན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲི་བ་འདི་བོད་མི་གཞི་བྱེས་གཉིས་ཀྱི་སེམས་སུ་ཡོད།

ཡིན་ཡང་འཇིག་རྟེན་འདིའི་ཐོག་ན་དྲང་བདེན་ཟེར་བའི་གཏམ་འདི།ཚིག་སྟོང་སྐམ་པོ་ཞིག་གིས་མི་རིགས་ཉམ་ཆུང་དང་དྲང་མོ་ཅན་གྱི་མི་ལ་སེམས་གསོའི་ཚིག་ཞིག་ཡིན་པ་ལས།དེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ག་ལ་ཡོད།དེས་རྐྱེན་ང་ཚོ་བོད་མི་ཚོར་རྒྱབ་སྐྱོར་བྱེད་མཁན་ཞིག་ཕར་བཞག་ཐ་ན་དངོས་བོའི་གནས་ཚུལ་གྱི་དཀའ་ངལ་དག་རྒྱལ་སྤྱིའི་གསར་ལམ་ཁག་ཏུའང་ཚུད་ཐུབ་མེད།

 

རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་བྱུང་བར་འཛམ་གླིང་མི་དམངས་ཀྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་དགོས།དེ་ཤེས་པ་ལ་གསར་ལམ་ཁག་བརྒྱུད་དགོས།གསར་ལམ་ཁག་བརྒྱུད་པ་ལ་ང་ཚོས་གཞུང་དམངས་གཉིས་ཀྱིས་དྲིལ་བསྒྲགས་ཀྱི་ནུས་པ་དགོས། དྲིལ་བསྒྲགས་ཀྱི་ནུས་པ་ཐོན་པ་ལ་ཁ་ཞེ་གཉིས་མེད་ཀྱིས་བོད་ནང་གི་གཞི་ལུས་མི་དམངས་དང་ལུས་སེམས་གཉིས་ཀ་ཉེ་བོ་བྱེད་དགོས།གལ་སྲིད་ལུས་པོ་གཞི་ལུས་ཚོ་དང་ཁ་ཐག་རིང་ན་ཡང་སེམས་ཐག་ཀྱང་རིང་བོ་བྱས་ཏེ་ཚིག་གཅིག་གིས་ཡར་འདེད་མར་འདེད་བྱས་ཚེ་ནུས་པ་ཞིག་ཐོན་ག་ལ་ནུས།

 

དེས་རྐྱེན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་དབང་འཛིན་པ་རེ་ཟུང་གིས་ཀྱང་། ཆབ་སྲིད་ཀྱི་ཚིག་གཅིག་ཁོ་ན་བེད་སྤྱོད་གཏོང་བ་ལས་དེ་ལས་གཞན་པའི་ཚིག་ཞིག་དང་།ཐབས་ལམ་གསར་བ་ཞིག་ཡིད་ལ་འཆར་སྒོ་མེད་པ་གསལ་བོ་རེད། ཆབ་སྲིད་ཀྱི་ཚིག་གཅིག་པོ་དེ་ཡང་།རྒྱ་གཞུང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀྱིས་དཀྱིལ་བར་ན་རྐང་རྩེད་སྤོ་ལོང་བཞིན་ཡར་གཡུགས་མར་གཡུགས་བྱེད་བཞིན་ཡོད། 

ཆབ་སྲིད་ཀྱི་ཚིག་གཅིག་པོ་དེ་ནི་ལོ་ངོ་༥༠རིང་བོད་གཞུང་དང་རྒྱ་གཞུང་བར་ན་ཆེས་ཤིན་ཏུ་འགྲུལ་བཞུད་ཆེ་བའི་ཚིག་དེ་རེད།

བར་མཚམས་ན་སྡུག་བསྔལ་མྱོང་མཁན་གཙོ་བོ་གཞི་ལུས་བོད་མི་གྱུར་ཡོད་པ་ལས།བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་མིན།ངས་འདི་ལྟར་བཤད་ཚེ།མི་མང་པོ་ཞིག་གིས་དཀྲུགས་ཤིང་རྒྱག་གི་འདུག་ཟེར་ངེས་རེད། ཡིན་ཡང་ཅི་བཤད་ཀྱང་སྐད་ཆ་དྲང་མོ་བཤད་འདོད་སྐྱེས།

 

རྒྱུ་མཚན་ནི་རྒྱ་གར་དང་ནུབ་ཕྱོགས་སུ་གཞི་ཆགས་ཟིན་པའི་བོད་མི་མང་པོ་ཞིག  བོད་ལ་རང་དབང་ཐོབ་ཀྱང་ཕྱིར་བོད་ལ་ལོག་འདོད་མེད། གལ་སྲིད་ཁྱེད་ཅག་ཡིད་ཆེས་མེད་ན།རྡ་སའི་བདེ་དོན་དང་ཐད་བསྐོས་སྤྱི་འཐུས་ཟླ་བ་ཚེ་རིང་ལ་གསར་ཤོག་གིས་བཅར་འདྲི་བྱས་དུས།ཁོས་ཁོ་བོད་ལ་རང་དབང་ཐོབ་ཀྱང་བོད་ལ་ལོག་གི་མིན་ཅེས་

སལ་བོ་བཤད་ཡོད།  outlookindia.comའདིའི་ཐོག་ན་ཡོད།

འདིར་གསར་ཤོག་དེའི་མིང་དང་ཚིག་མདོར་བསྡུས་ཞིག་བྲིས་ན།

༼བཙན་བྱོལ་རི་སྒང་གི་དོགས་ཟོན༽

Dawa tserang. One of  most vocal supporters of this demand. Says.  Many more  Tibetans.including

Many  mps. Feel  that feill citizenship will  enable us. To  participate  politically  and  stand  for elections.  He candiduly  adds.  Even if  Tibet  were  to  become  free tomorrow . I am  not  sure  if  all  of  us here in dharamsala  would  want  to  go back. May would stay back.

 

༼ཟླ་བ་ཚེ་རིང་།སྤྱི་འཐུས་ཚུད་པའི་བོད་མི་མང་པོ་ཞིག་ལ་རྒྱ་གར་མི་སེར་གྱི་ལག་ཁྱེར་ཐོབ་པ་ཡིན་ན།ཁོང་ཚོ་ཡང་རྒྱ་གར་ཆབ་སྲིད་ནང་འཛུལ་ཞུགས་བྱེད་ཐུབ་ལ།འོས་ཤོག་ནང་ཀྱང་ལངས་ཆོག་པ་རེད། ཁོས་ད་དུང་།གལ་སྲིད་བོད་ལ་རང་དབང་སང་ཉིན་ཐོབ་ཀྱང་རྡ་སར་སྡོད་མཁན་ཚང་མ་ཕྱིར་བོད་ལ་ལོག་གི་མ་རེད།མང་པོ་ཞིག་རྡ་རམ་ས་ལར་འདུག་གི་རེད་༽ཟེར་བས་རང་གི་ཕ་ཡུལ་ལ་ཕྱིར་ལོག་འདོད་མེད་པ་ཞིག་གིས་བོད་ནང་གི་མི་དམངས་ཀྱི་བདེ་སྡུག་ལ་ཁ་ཞེ་གཉིས་མེད་ཀྱི་བསམ་གཞིགས་བྱེད་ཀྱི་རེད་དམ།  ཕྱིར་རང་གི་ཕ་ཡུལ་ལ་ལོག་འདོད་མེད་མཁན་ཞིག་གིས་ལས་ཀ་ཡང་དེའི་ཚོད་ཀྱིས་བྱེད་ཀྱི་རེད་འདོད།

རྡ་སའི་བདེ་དོན་ཟླ་བ་ཚེ་རིང་མི་ཤེས་མཁན་དང་ཁོའི་མིང་ཐོས་མ་མྱོང་མཁན་རྡ་ས་རུ་སུ་ཡོད།

རྡ་སའི་བདེ་དོན་ཟླ་བ་ཚེ་རིང་གིས་བཤད་པའི་སྐད་ཆ་འདིས།རྒྱ་གར་དང་ནུབ་ཕྱོགས་སུ་གཞི་ཆགས་ཟིན་པའི་བོད་མི་རིགས་མང་པོ་ཞིག་ལ་རིགས་འགྲེས་བྱས་ཆོག

སྤྱི་འཐུས་ཟླ་བ་ཚེ་རིང་གི་སྐད་ཆ་འདི་ནི་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཚོས་ཤེས་དགོས་བ་ཞིག་ཀྱང་ཡིན་ལ།བསམ་གཞིགས་བྱེད་དགོས་བ་ཞིག་རེད།

 

གཞུང་གི་དབང་འཛིན་པ་ཚོ་བོད་གཞི་ལུས་མི་དམངས་དང་ལུས་སེམས་གཉིས་ཀ་ཁ་ཐག་རིང་བོ་ཡོད་པ་གསལ་བོ་ཡིན།ངས་ཁྱེད་ཅག་ལ་རྒྱུ་མཚན་ཞིག་བཤད་ཆོག

བོད་ནང་ནས་རང་ལུས་མེ་སྲེག་གི་དོན་རྐྱེན་བྱུང་ཐེངས་རེ།དབང་འཛིན་པ་ཚོས་མར་མེ་ཁྲོམ་སྐོར་རེ་བྱེད་རྒྱུ་དང་བསྔོ་སྨོན་ལམ་རྒྱག་རྒྱུ་ལས་ཆབ་སྲིད་ཀྱི་ལས་འགུལ་གཞན་སྤེལ་བར་བསམ་གཞིགས་དང་ཡིད་ལ་འཁོར་གྱི་མེད།

 

ཐ་ན་རེབ་གོང་དང་ཆབ་ཆ་རུ་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་མང་པོས་སྡེབས་ལངས་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཀྱང་།བཙན་བྱོལ་གྱི་སློབ་ཕྲུག་དང་དབུ་འཛིན་ཚོས་ད་རུང་རྨི་ལམ་སྐྱིད་པོ་རང་དབང་ལུང་པ་ནས་བཏང་བསྡད་པ་ལས་གདུང་སེམས་མཉམ་བསྐྱེད་ཙམ་ཡང་བྱེད་ཀྱི་མེད།

འདི་དག་ཚང་མ་ཁོང་ཚོའི་སེམས་པ་དེ་ཡང་གཞི་ལུས་མི་དམངས་དང་ཁ་ཐག་ཤིན་ཏུ་རིང་བའི་རྟགས་ཡིན་པ་མ་ཟད།སེམས་ཁོང་ན་ན་ཟུག་ཆེན་པོ་ཞིག་མེད་པའི་རྟགས་གསལ་བོ་རེད།

ཕྱོགས་གཞན་ཞིག་ནས་གསལ་བོ་བཤད་ན།ཕྱི་ལོགས་ནས་དྲིལ་བསྒྲགས་ཀྱི་ནུས་པ་ཐོན་པ་ཞིག་མ་བྱས་བ་ཡང་གོང་གི་སྤྱི་འཐུས་ཟླ་བ་ཚེ་རིང་གི་སྐད་ཆ་དང་འབྲེལ་བ་ཤུགས་ཆེན་ཡོད་པར་སྙམ།

དེས་རྐྱེན་རང་ལུས་མེ་སྲེག་གི་གྲངས་ཚད་༡༠༠ལ་ཉེ་བའི་ད་རུང་འབར་དུ་འཇུག་རྒྱུ་ཡིན་ནམ།

མཚམས་འཇོག་བྱེད་ཐབས་དང་།ཡང་ན་འཐབ་རྩོད་ཀྱི་ངོ་བོ་གཞན་ཞིག་ལ་བསྒྱུར་ཐབས་བྱེད་རྒྱུ་ཡིན།གལ་སྲིད་ནུས་པ་ཞིག་ཐོན་ཡོད་ན་འགྲིག་དང་མ་འགྲིག་ཚིག་གང་ཞིག་བརྗོད་དགོས་མིན་མི་ཤེས་ཀྱང་།དཔའ་བོ་དང་དཔའ་མོ་ཚོའི་རེ་བ་དང་བོད་མི་ས་ཡ་དྲུག་གི་འདོད་དོན་འགྲུབ་མོད།འོན་ཀྱང་ནུས་པ་ཞིག་ཐོན་པའི་རྟགས་མཚན་ཞིག་ད་ལྟའི་ཆར་མི་འདུག 

 

མཚམས་འདིར་ཁྱེད་ཅག་གིས་ཉན་འདོད་མེད་པའི་སྐད་ཆ་ཞིག་བཤད་འདོད་སྐྱེས་སོང་།

ངས་འོག་ནས་བཤད་རྒྱུའི་སྐད་ཆ་འདི་ནི་དཀྲུགས་ཤིང་གི་ངོ་བོ་འཛིན་མཁན་ཚོས་དེ་ལྟར་བཟུང་ཀྱང་།ཕྲན་ལ་ཐབས་ཤེས་ཅི་ཡང་མེད་མོད།འོན་ཀྱང་ང་ཚོས་སྐད་ཆ་དྲང་མོ་བཤད་དགོས་ཅེས་དུས་རྒྱུན་བཤད་ཀྱི་ཡོད་པས་ངས་དྲང་མོ་བརྗོད་ཀྱི་ཡིན།

གལ་སྲིད་ཁ་སང་དེ་རིང་གི་མདོ་སྟོད་སྨད་གཉིས་ཀྱི་དཔའ་བོ་དང་དཔའ་མོ་ཚོས་མེ་སྲེག་གི་ལས་འགུལ་འདི་ལྷ་ས་ནས་འབར་ཡོད་ཚེ།གཞུང་གི་དབང་འཛིན་པ་དང་མི་རེ་ཟུང་གིས་༧གོང་ས༧་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་མཚམས་འཇོག་བྱེད་ཐབས་ལ་འབད་ཡོད་སྲིད།

རྒྱུ་མཚན་ནི།དཔེར་ན།༢༠༠༨ལོའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དེ་ཐོག་མར་མདོ་སྨད་རེབ་གོང་ནས་༢༠༠༨/༢/༢༡ཉིན་གྱི་ཕྱི་དྲོ་འགོ་བརྩམས་སྟེ།རེབ་གོང་གི་བོད་མི་སེར་སྐྱ་༢༠༠་མ་ཟིན་ཙམ་འཛིན་བཟུང་དེའི་མཚན་མོར་བྱས་ཡོད།དེའི་ཕྱི་ཉིན་ཚེས༢༢ཉིན་རེབ་གོང་གི་མི་དམངས་ཁྲི་ཕྲག་བརྒལ་བ་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་ཚོགས་སྟེ།འཛིན་བཟུང་བྱས་བའི་བོད་མི་རྣམས་ཀློད་གྲོལ་དགོས་བའི་འབོད་སྐུལ་ཉིན་གང་བོར་བསྡད་མཐར་ཁ་ཤས་ཞིག་ཀློད་གྲོལ་བཏང་བ་རེད།

 

ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་གཞུང་གི་བཀའ་སྤྱི་གཉིས་ཀྱིས་རེབ་གོང་མི་དམངས་ཀྱི་ཞི་བའི་ངོ་རྒོལ་དང་མི་དམངས་ཀྱི་ཚེ་སྲོག་ལ་རིན་ཐང་སྤུ་ཙམ་ཡང་མ་སྤྲད་པར་ལྷ་ས་ནས་༣/༡༤ལ་ཞི་རྒོལ་ཆེན་མོའི་འགོ་འཛུགས་ལ་ངོས་ལེན་བྱས་བ་རེད། འདི་ནི་དྲང་བདེན་གྱི་གཏམ་ཞིག་རེད་དམ།

ལྷ་སའི་ཞི་རྒོལ་དང་རེབ་གོང་གི་མི་དམངས་ཀྱི་ཞི་རྒོལ་བར་ལ་ཁྱད་ཤོར་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ།འདི་ལྟ་བུས་བྱེད་སྟངས་ལ་གཞིགས་ཚེ་ལྷ་ས་བ་ཞིག་གིས་མེ་སྲེག་ཚེ་མཚམས་འཇོག་བྱེད་ཐབས་དང་འཐབ་རྩོད་ཀྱི་ངོ་བོ་གཞན་ལ་བསྒྱུར་ཐབས་དང་།ཡང་ན་ཁོང་ཚོས་མཚམས་འཇོག་བྱེད་ཐབས་ལ་འབད་པ་བྱེད་རྒྱུ་ཐག་ཆོད་རེད་སྙམ། 

 

ཡིན་ཡང་༧གོང་ས༧་མཆོག་གིས་ཁོང་ཚོས་འདོད་པ་བཞིན་གསུངས་ལན་འབྱོན་པར་མི་འདོད།རྒྱུ་མཚན་ནི་ད་ལྟ་བར་དུ་མཚམས་འཇོག་དགོས་བའི་ཕྱོགས་ལ་ཚིག་གཅིག་ཀྱང་གསུངས་མེད།

གང་ལྟར་ངས་ཚིག་འགའ་བྲིས་བའི་གཏམ་འདིས་སུ་ལ་ཕོག་ཐུག་སོང་ན་ཡང་ང་རང་ཉིད་ཀྱི་འགན་ལེན་ཆོག་ལ།སྐྱོན་ཅི་བྱུང་ཀྱང་རང་ཉིད་ཀྱི་བསམ་ཚུལ་ཁོ་ན་ཡིན།

༡/༡༢/༢༠༡༢ལ་བྲིས།

 

སྣ་ཚོགས།

Post navigation

Previous Post: ཁ་བརྡའི་བགྲོ་གླེང་། “རང་སྲེག་ཐད་ཅི་བྱ་ཅི་འགབ།”
Next Post: ཕྱི་ཚེས་ ༢ ཉིན་མེར་བསྲེགས་གནང་བ་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ཀྱི་གནས་བསྡུས།

Comments (20) on “ཏཱ་ལའི་བླ་མའི་མིག་ཆུ།”

  1. གནམ says:
    2012-12-03 at 9:18 pm

    ལྷ་ས་ལྷ་ས་ཟེར་ནས་བྱིས་པ་ཞིག་ངུ་བཞིན་འདུག།
    གནད་དོན་མེད་པའི་གནད་དོན་ཞིག་གླེང་ནས་མི་རྒན་ཞིག་སྨྱོ་བཞིན་འདུག།
    ཨ་ཡོ་ཤུ་ཟིག་ལ།

  2. མེ་ཏོག་དཀར་པོ། says:
    2012-12-03 at 9:56 pm

    རིང་པོ་ཞིག་བྲིས་པའི་སྙིང་པོ་དེ་དཀྲུག་ཤིང་རྒྱག་ཡ་དེ་རེད་འདུག
    དགའ་བསུ་མེད།
    ཁྱོད་ཀྱང་བོད་མི་དགུ་བཅུ་ལྷག་གི་ཚེ་སྲོག་དེ་གཞིས་བྱེས་དང་ཆོལ་ཁ་དཀྲུག་རྒྱུའི་ཆེད་བེད་སྤྱོད་བྱེད་གིན་འདུག་པས་དོན་ལ་ཁྱོད་ཀྱང་ཁོང་ཚོའི་ཚེ་སྲོག་རྩེད་མཁན་དང་། ཁོང་ཚོ་དང་སྙིང་རིང་བ་ཞིག་རེད་ཟེར་འདོད།

  3. ལུང་རྟོགས། says:
    2012-12-03 at 10:16 pm

    མེ་དཀར་བདེན་་་ནམ་མཁའ་ཞེས་པ་འདི་ལ་ནམ་ཡང་བཀྲ་ཤིས་པ་ཞིག་བཤད་རྒྱུ་མེད།

  4. བོད་ཀྱི་བུ། says:
    2012-12-04 at 3:00 am

    ནམ་མཁའི་བདེན་པ་འདྲ་ཞིག་བཤད་འདུག བཙན་བྱོལ་གྱི་སྐུ་དྲག་ཚོ་ཕྱུགས་པོ་ཁང་བརྩེགས་ཀྱི་བདག་པོ་ཚོ་ནམ་ཡང་བོད་ལ་ལོག་འདོད་མེད་པ་བདེན་པ་རེད། ཁོང་ཚོ་བོད་ལ་རང་དབང་ཐོབ་ཡོང་བསམ་ནས་ཞེད་ཀྱི་ཡོད་པ་མ་གཏོགས་ནམ་ཡང་དགའ་ཡི་མེད། ད་དུང་མགོ་བདེ་དྲན་འཕྲུལ་གྱིས་ཁ་ཞེ་མི་མཐུན་པའི་ཟློས་གར་སྣ་ཚོགས་ཁྲབ་སྟེ་བོད་རང་དབང་འཐོབ་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད། ད་དུང་འདི་ཚོའི་ནང་ན་གསང་ཉུལ་པ་ཡང་མང་པོ་ཡོད། མདོར་ན། འདི་ཚོ་ཕྱོགས་ཞེན་གྱིས་རུལ་ཞིང་རང་དོན་ཁོ་ནས་ཚོས་བསྡད་ཡོད་པ་མ་གཏོགས་སྤྱི་དོན་ཞིག་གཞར་ཡང་བྱེད་ཀྱི་མེད། ད་མང་པོ་བཤད་ཀྱི་མིན།

  5. མེ་ཏོག་དཀར་པོ། says:
    2012-12-04 at 3:35 am

    རྒྱ་གར་ལ་ཞེན་གོག་ཡོད་པའི་རྒྱ་གར་བ་ཡིན་ན་རྒྱ་གར་ན་སྡོད་མཁན་ཡིན་པས་མ་ཁྱབ།
    བོད་ཀྱི་བུ། གསང་ཉུལ་བ་ཡོད་པ་ཤེས་ན་རྒྱ་གར་གསང་བའི་ལས་ཁུངས་ལ་ལན་སྤྲོད་རོགས།
    བོད་ལ་ལོག་མཁན་ཡིན་ན་ཡག་རྒྱུ་ཞིག་དང་མ་ལོག་མཁན་ཡིན་ན་སྡུག་རྒྱུ་ཅི་ཡོད།

  6. ཆོས་འཕེལ་དར་རྒྱས་ says:
    2012-12-04 at 4:44 am

    དྲང་མོ་བཤད་ན་མྱི་མི་དགའ་། དབྱིག་པ་བཤར་ན་ཁྱི་མི་དགའ་ཟེར་ན་དེ་སེམས་ལ་ཟུང་།

  7. པདྨ says:
    2012-12-04 at 5:31 am

    དེང་གི་དུས་འདིར་བོད་ས་གཞི་ཆེན་པོའི་པང་ནས་རྫུན་ཆོས་ཀྱི་མེ་མདས་མི་དམངས་ལ་གཙག་མཁན་ནི་ཟླ་ཚེ་ནི་མིང་བྱང་བརྗིད་པོ་ཅན་སྤྱི་མཐུས་དག་སྟེ།ཁྲེལ་བག་སྤུ་ཙམ་མེད་པར་ལེགས་དང་སྐུ་ཞབས་སོགས་ཀྱི་མིང་དེ།ཐ་ན་པོད་ཁུག་དང་པོད་ཕྲན།སྐད་འཕྲིན་སོགས་སུ་སྦྱར་ནས་ནང་ལོག་གི་རྒྱ་མི་ཀླད་རྡིབ་ཚོར་ནང་བའི་བསྟན་པ་ནི་ངོ་མཚར་བ་ཞིག་སྟེ་འདི་ལ་དད་པ་བྱས་ཚེ།ཚེ་ཕྱི་མ་ནི་མུན་ནག་གི་ནང་དུ་གློག་བཀར་བཀར་ནས་འགྲོ་བ་དང་ཁྱད་མེད་པ་ཞིག་ཏུ་བཤད་དེ།ཁོ་རང་ཚོ་ཉིན་བཞིན་འདི་ཕྱི་གཉིས་ཀྱི་བར་ནས་ཡར་རྒྱུགས་མར་རྒྱུགས་བྱེད་མཁན་འདྲ་ཞིག་ཏུ་གསུང་ནས་མགོ་སྐོར་ཡ་ང་བ་གཏོང་གི་ཡོད།རྨོངས་དད་ཅན་གྱི་རྒྱ་མི་དག་གིས་མཐའ་གཅིག་ཏུ་བརློམ་སྟེ་བཀུར་ཞིང་བསྟོད་པའི་མཐེ་བོང་བསྒྲེངས།སངས་རྒྱས་མི་ཡུལ་ལ་མངོན་སུམ་བྱོན་པ་ལྟ་བུ་ཞིག་ཏུ་དངོས་བཟུང་།བོད་མི་ཀླད་སྐྱོན་ཅན་དག་གིས་ཀྱང་རྒྱ་ཡུལ་ནས་རླུང་ལྟར་ལྡང་བའི་བསྟན་དགྲ་འདི་དག་གི་སྐམ་གྲགས་ཐོས་དུས།ཐམས་ཅད་བདེན་པ་ཞིག་དང་མཐའ་གཅིག་ཏུ་ཡང་དག་པ་ཞིག་ཏུ་ངོས་བཟུང་བ་མ་ཟད།ཚིག་ཐག་ཆོད་པོས་སྡོམ་ཚིགས་སྣ་ཚོགས་བཀོད་དེ་དྲ་བས་སྒང་ནས་སྤུར་བར་བྱེད་པ་ནི་སྤུ་མེད་པ་ཡི་ཕག་པ་ཡིས་སྐྱག་པ་བཟའ་བ་ལས་ཀྱང་མིག་རྫོབ་ཏུ་སྣང་བས།ཆོས་དང་རིག་གནས་ལོག་པར་སྨྲ་བའི་སྤྱི་མིང་ཅན་དག་དང་དེ་དག་གི་བསམ་བློའི་གཡོག་ཏུ་གྱུར་བའི་འཁོར་གཡོག་ཚང་མར་དགག་པ་ཚ་ནན་རྒྱག་རྒྱུ་ལས་གྲོས་ཁ་ཡོང་བའི་རེ་བ་མེད་པར་འདྲ།

  8. མང་ཐོས། says:
    2012-12-04 at 6:25 am

    སྐད་ཆ་རིང་པོ་ཞིག་བཤད་འདུག ཟླ་བ་ཚེ་རིང་ནག་པོ་བཟོ་འདོད་ཤུགས་ཆེ་ཙམ་འདུག

  9. ཨ་རིག་དགེ་མཐོང་གིས། says:
    2012-12-04 at 7:50 am

    ཐོག་མར་མགོ་བསླངས་དུས་བོད་ཀྱི་གནས་སྟངས་ལ་རྒྱུས་མངའ་དང་སེམས་ཁུར་ཅན་ཞིག་ཏུ་ཚོར། མཐར་སྒེར་དོན་ནམ་ཟླ་བ་ཚེ་རིང་ལ་སྙིང་ནད་ལྟ་བུ་ཞིག་གཞིར་བཟུང་སྟེ་ཆོལ་ཁའི་སྟེང་དུ་སོང་འདུག་ལ། ལྷག་པར་ཉིས་སྟོང་བརྒྱད་ཀྱི་ཞི་བའི་ངོ་རྒོལ་གྱི་སྣེ་འཁྲིད་མཁན་རྩོད་པ་ལྟ་བུར་གྱུར་ལ། ལྷ་ས་ལྷ་ས་ཞེས་བོས་ཀྱང་སྒེར་ནད་ཅིག་གིས་བཟི་སོང་བས་ནུས་ཤུགས་དབེན།

    ལྷག་པར་བོད་ནང་གི་དཔའ་བོ་ཚོས་༼ དེས་རྐྱེན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་བྱིས་པ་ལོ་༡༤དང༡༥ཡན་འདབ་ནས་། རྒན་པོ་ལོ་དྲུག་བཅུ་མན་ནས་བཟུང་།མེ་ལྕེ་ཡི་ཀློང་དཀྱིལ་ནས་འབོད་སྒྲའི་ཐོག་མ་ནི། ཏཱ་ལའི་བླ་མ་བོད་ལ་ཕེབས་དགོས་ཞེས་བའི་ཚིག་འདི་རེད།༽འདི་ཡང་སྐྱག་རྫུན་རང་རེད། བོད་ནང་གི་སྤུན་ཟླ་ཚོས་མེ་བསྲེགས་གཏོང་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ལབ་པ་ཏ་ལའི་བླ་མ་ཞེས་རྒྱ་ནག་གིས་འབོད་སྟངས་དེ་འདྲ་མི་གཅིག་གིས་ཀྱང་བཤད་མེད། གལ་སྲིད་དེ་ཡོད་ན་ཉིད་ཀྱིས་གང་བཤད་ཐབས་ཅད་ཚད་མར་གྲུབ་ཟིན་པ་ཡིན་པས་ང་ཚོས་ཁྱེད་རང་ལ་རྗེས་སུ་ཡི་རང་དང་ཡིད་ཆེས་བྱེད་རྒྱུ་རྐྱང་ཡིན། དེ་མིན་པར་དོན་མེད་སྒེར་དོན་ཞིག་གི་སླད་དུ་ཆོལ་ཁ་དང་གཞིས་བྱེས་ཀྱི་བར་དུ་དཀྲུགས་ཤིང་འཕངས་ན་ཁྱེད་ལ་ཐོབ་བྱ་ཅི་ཡོད། དེ་ཙམ་གྱིས་འཐུས་པར་བྱོས། རྗེས་སུ་འུར་རྒྱག་ན་ད་དུང་མང་བོ་འབྲི་རྒྱུ་ཡོད།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-12-04 at 8:57 am

    ༸གོང་ས་མཆོག་དང་། ཏྰ་ལའི་མཚན་གང་བྱུང་བེད་སྤྱོད་མེད་པར་མཁྱེེེན། །

  11. ཀརྡོ་གཉེར་ཕྱག་པ་ says:
    2012-12-04 at 9:00 am

    ཏྰ་བླ་མའི་སྤྱན་ཆབ་ཙམ་ཡང་། འབྲི་མི་མཁན་ཅིག་གིས། ༸གོང་ས་མཆོག་གི་མཚན་བེད་སྤྱད་པ་ནི་ག་ལ་འོས་སྙམ་པས་སོ། །

  12. རྒྱལ་མཚན་ says:
    2012-12-04 at 9:35 am

    ཧཧ

  13. རིན་ཆེན says:
    2012-12-04 at 9:43 am

    ཨ་རིག་དགེ་མཐོང་ལགས། ནམ་མཁས་གཞི་བྱེས་བར་ལ་དཀྲུགས་ཤིང་རྒྱབ་འདུག་གམ།
    རྡ་སའི་བདེ་དོན་ཟླ་བ་ཚེ་རིང་གིས་བཤད་པའི་གཏམ་ཚིག་བསྡུས་ཞིག་འདིར་བྲིས་འདུག དེ་ནི་དངོས་ཡོད་གནས་ཚུལ་རེད།ཟླ་ཚེ་ཡིས་ཡིད་ལ་དྲན་ནས་བཤད་ཐུབ་པ་མ་ཟད།གསར་ཤོག་ཐོག་ཕུད་ཐུབ་ཚེ།ནམ་མཁས་ཁོས་དེ་འདྲ་བཤད་འདུག་ལབ་ན་སྒེར་སྙིང་ནད་རེད་དམ། གལ་སྲིད་སྙིང་ཡིན་ན་སྤྱི་འཐུས་ཀྱི་ནོར་སྐྱོན་ལ་ཁོ་ནོར་འདུག་ལབ་མ་ཆོག་པ་རེད་དམ། ས་བྱི་ལོས་ཞི་རྒོལ་ཆེན་མོ་ཡང་ནམ་མཁས་བཤད་པ་དྲང་བདེན་གྱི་སྐད་ཆ་མ་རེད་དམ།སྐབས་དེར་ང་རང་ཡང་རྡ་ས་ན་ཡོད།སྐབས་དེར་དེའི་སྐོར་ལ་གླེང་སློང་ག་འདྲ་མང་པོ་བྱུང་སོང་མ་ཐོས་སམ། ཁྱེད་ཀྱི་སློབ་དཔོན་ཟམ་གདོང་བླ་མས་དབང་ཤེད་དང་ཕྱོགས་ཞེན་ཁོ་ནས་ལྷ་སའི་ཞི་རྒོལ་ནས་འགོ་བཙུགས་པ་བསྒྲགས་པ་མ་རེད་དམ། ད་རུང་ཁྱེད་ཀྱིས་འུར་རྒྱག་ན་མང་པོ་འབྲི་གི་ཡིན་ལབ་འདུག་པས་དྲི་བ་འདི་རེ་རེ་ལན་རྒྱོབ་དང་ནམ་མཁའ་དགོས་དོན་མི་འདུག་ངས་ལན་རྒྱག་འདོད་ཡོད།ཁྱེད་ལྟ་བུ་ཀླད་པ་རྡོ་ལྟ་བུ་དག་གིས་ནམ་ཡང་གོང་གིས་གང་བཤད་པ་ལེགས་སོ་ཟེར་རྐྱང་བྱས་བའི་དེ་རིང་འདི་ཤར་བ་རེད།དཀྲུགས་ཤིང་མགོ་ནས་རྒྱབ་ཡོད།དཀྲུགས་ཤིང་འབྱུང་སྟངས་འཁྱོགས་བཤད་བྱས་བའི་དཀྲུགས་ཤིང་ཐོན་པ་རེད།ས་བྱི་ཞི་རྒོལ་ཆེན་མོ་དེའི་ཚེས་གྲངས་འཁྱོགས་བཤད་བྱས་སྟབས།མདོ་སྨད་ཚོགས་འདུ་ཐོག་ནས་སྤྱི་འཐུས་སྤེན་པ་ཚེ་རིང་གིས་ཀྱང་ས་བྱི་ཞི་རྒོལ་ཆེན་མོ་མདོ་སྨད་ནས་འགོ་བརྩམས་པ་ཡིན་ལབ་སོང་བ་ཡིན།སྐད་ཆ་དེའི་ཕུགས་སུ་དྲང་མོ་མ་བྱས་བའི་རྟགས་མཚན་གསལ་བོ་རེད།ངས་འདོད་པ་ལ།ད་རུང་ནམ་མཁས་བཤད་པའི་སྐད་ཆ་ལ་ཚིག་འགའ་ཆད་འདུག་སྙམ།༧གོང་ས༧་མཆོག་གིས་སྤྱན་ཆབ་བཞུར་བ་དེ་རྒྱུ་མཚན་གཉིས་ཡོད་པར་འདོད།གཅིག་ཁྱེད་ཀྱིས་བཤད་པ་ལྟར་སྙིང་རྗེ་ཡི་དབང་གིས་རེད།གཞན་དེ་སྲིད་སྐྱོང་གིས་ཆབ་སྲིད་ལས་འགུལ་ལ་མཆོད་འབུལ་མ་གཏོགས་ཡིད་ལ་མ་དྲན་ཚེ་ཐུགས་ཕམ་བྱུང་བར་འདོད།སྐུ་མདུན་གྱིས་ཟུར་ཞིག་ནས་གསུངས་ན་འོས་འཚམས་མིན་པ་གསལ་བོ་རེད།དེས་རྐྱེན་སྤྱན་ཆབ་བཞུར་བ་རེད་འདོད་སོང་།དགེ་མཐོང་ངས་དྲི་བ་རེ་ལ་ལན་འདེབས་རོགས།

  14. ལུང་རྟོགས། says:
    2012-12-04 at 10:01 am

    ཁྱི་རྒན་འདི་ཚོས་ནང་རྩོད་མ་བཏོགས་མི་ཤེས་པ་ཅི་ཡིན་ནམ།

  15. མེ་ཏོག་དཀར་པོ། says:
    2012-12-04 at 11:00 am

    རིན་ཆེན་ལགས། ནམ་མཁས་ཟླ་བ་ཚེ་རིང་སྐོར་བཤད་པ་དངོས་ཡོད་ཡིན་དུ་ཆུག་མོད། མེ་རྒོལ་དང་སྲ་སྲེས་གཏོང་བ་འདི་དཀྲུག་ཤིང་རང་རེད་ཅེས་བརྗོད་དོ།། ཁ་ཆག་སྣ་རལ་ཚང་མ་འདིར་སྤུང་མི་རུང་།

  16. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-12-04 at 11:03 am

    དངོས་གནས་བདེན་པ་རེད་ཁ་དྲོ་རྒྱབ་བརྒྱ་ཆ་བརྒྱ་བོ་ཡོད་ད་ཡོད་སེམས་གཏིང་གི་སྙིང་གཏམ་དམར་རྗེན་པ་རེད་དྲན་གི་ཡོད་

  17. རིན་ཆེན says:
    2012-12-04 at 11:55 am

    མེ་དཀར་བླུན་པོ་སྤྱིར་ཁྱོད་ལྟ་བུ་ལ་གནས་ལུགས་བཤད་ཀྱང་ཉན་ཤེས་མཁན་དེ་མ་རེད།ནམ་མཁས་གང་ན་མེ་རྒོལ་ས་སྲེས་བྱས་འདུག ཁྱོད་ལྟ་བུ་མེ་དཀར་མ་རེད་མེ་ནག་རེད།ཁྱོད་ལྟ་བུས་གནས་ལུགས་བཤད་གང་ཤེས་ཐ་ན་ཉན་ཡང་ཤེས་ཀྱི་མི་འདུག་པས་ཚིག་འགའ་ཡང་བཤད་འདོད་སྐྱེས་མ་སོང་།

  18. ཁ་བ་འཚོ says:
    2012-12-04 at 12:17 pm

    འ་ཧ་བོ་ཨ་རིག་དགེ་མཐོང་།ད་ཁྱོད་འུ་གཉིས་ཀྱིས་ཆབ་སྲིད་ཤེས་ནི་མ་རེད།དེ་ལས་ཁྱོད་རང་གི་ངོ་དེབ་ཐོག་ནས་བུ་མོ་མཛེས་མ་ཚོ་ཨ་ཅེ་ཟེར་ཞོར་ཁ་རྩོག་ཤོད་ར་ཁྱོད་མཁས་ས་ཡང་དེ་རེད།ཁྱོད་དགའ་ས་ཡང་དེ་རེད།
    དེ་མིན་འདས་བའི་དུས་ཀྱང་ཁྱོས་ཤེས་པ་ཞིག་གོ་མ་མྱོང་།མ་འོང་པ་ཡང་ཁྱོད་འུ་གཉིས་ཀས་ཅང་ཤེས་ནི་མ་རེད་དྲིན་ཆེན་པོ།

  19. ཨ་རིག་དགེ་མཐོང་གིས། says:
    2012-12-04 at 12:27 pm

    ཁ་བ་འཚོས་ཁ་རོག་གེར་སྡོད་ཟེར་ན་གྲོགས་པོ་ཞིག་གི་ངོས་ནས་ཁུ་སིམ་མེར་འདུག དེ་མིན་ཟུར་མང་བོ་ནས་རིན་ཆེན་སོགས་ཀྱིས་དཀྲུགས་ན་འདོད་ཀི་ཡོད་ཁུ།

  20. དཀར་མཛེས་གངས་ཕྲུག་ says:
    2012-12-05 at 7:44 am

    དངོས་ཡོད་གནས་ལུགས་བཤད་ན་དཀྲོགས་གཏམ་རེད།།
    ཁ་འཇམ་བསྟོད་ར་བཏང་ན་སྤྱང་པོ་རེད།།
    ངོ་དགའ་སྤྲེལ་ལད་ཐུབ་ན་མཁསཔ་རེད།།
    འདི་གསུམ་འཇིག་རྟེན་ཁམས་ཀྱི་ཡོན་ཏན་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme