Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མ་སྐུ་རྐྱང་དུ་འཇོག་འདོད་ཨེ་རེད།

Posted on 2012-09-132012-09-14 By ཁ་བརྡ་ 9 Comments on ཏཱ་ལའི་བླ་མ་སྐུ་རྐྱང་དུ་འཇོག་འདོད་ཨེ་རེད།

ནམ་མཁའ།

རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་ཚོ་བསླུ་བྲིད་ཐེངས་གཉིས་པ་དེ་བྱེད་འདོད་བྱུང་ཡོད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ནང་དུ་རྒྱ་གཞུང་གིས་བསླུ་བྲིད་དང་པོ་བྱས། དེ་ཡང་༥༩ལོར་བཙན་བྱོལ་དུ་ཡོང་བའི་བོད་མི་རྣམས་ཕྱིར་ཕ་ཡུལ་དུ་གཏན་འཇགས་ཀྱིས་ཡོང་ཚེ། ཁོང་ཚོར་ཁང་པ་རེ་གསར་རྒྱགས་བྱས་པ་དང་།ཁོང་ཚོའི་བུ་ཕྲུག་དབྱིན་ཡིག་ཅུང་ཟད་ཤེས་མཁན་ཚོར་སློབ་དགེ་དང་གཞུང་གི་ལས་བྱེད་ཀྱི་བཀོད་སྒྲིགས་སོགས་བྱས་ཡོད།

ཁ་ཤས་ཞིག་དེ་འདྲ་ལ་མགོ་བོ་འཁོར་ནས་མི་ཚེ་ཡི་མཐའ་འཇུག་བར་དུ་རྒྱ་གཞུང་གིས་གང་ཞིག་བཤད་པ་ལ་མི་འདོད་པ་ན་ཡང་དགའ་བའི་རྣམ་འགྱུར་བསྟན་ཞོར་དུ་ལུས་ཡོད། ཡིན་ཡང་ཁོང་ཚོའི་སེམས་པ་དེ་རྒྱ་གཞུང་གིས་བསླུ་བྲིད་བྱས་ཐུབ་ཡོད་མེད་གང་ཡིན་ཀྱང་།བོད་ནང་གི་གཞི་ལུས་མི་དམངས་ཚོས་ཁོང་ཚོར་གཟིགས་སྟངས་ལ་ཡག་པོ་བྱུང་མེད། རྒྱུ་མཚན་ནི་གཞི་ལུས་མི་དམངས་ཀྱི་བསམ་བློའི་ནང་ཏྰ་ལའི་བླ་མ་གཡུགས་ནས་ཡོང་བཞག་པ་རེད་ཟེར་ནས་བལྟ་སྟངས་དང་མཐོང་སྣང་རྩ་བ་ནས་བཟང་པོ་ཞིག་བཟུང་མེད།འདིའི་གནས་ཚུལ་བོད་ཆོལ་ཁ་གསུམ་དུ་བྱུང་ཡོད།

འོན་ཀྱང་ཁ་ཤས་ཞིག་རང་གི་ཕ་མ་གཉེན་འཕྲད་བྱས་ཏེ་ཕྱིར་རྒྱ་གར་དུ་སླེབས་པ་ཚོ་གཞི་ལུས་མི་དམངས་ཀྱི་དགའ་མོས་བྱེད་བཞིན་ཡོད་པ་རེད།མི་སུ་ཡིན་ཡང་རང་གི་ཕ་ཡུལ་དང་ཕ་མ་གཉེན་ཉེ་ཐུགས་འཕྲད་བྱེད་འདོད་པ་མིའི་ཆོས་ཉིད་རེད། གཏན་འཇགས་ཀྱིས་བོད་ནང་ཕྱིར་ལོགས་པ་ཚོར་གོང་དུ་བཤད་པ་བཞིན་བྱུང་བ་མ་ཟད།རྒྱ་གཞུང་གིས་ས་གནས་གསར་ཤོག་སོགས་སུ་འགྲེལ་བཤད་ཀྱང་འདྲ་མིན་བྱས་ཡོད། འགྲེལ་བཤད་འདི་དག་ནི་ཕྱིར་བོད་དུ་གཏན་འཇགས་ཡོང་མཁན་ཚོས་བཤད་པ་ཡིན་མིན་ཐེ་ཚོམ་རེད། གང་ལྟར་བཙན་བྱོལ་ནང་གི་བོད་མི་ཚོ་ཕྱིར་བོད་ནང་དུ་ལོགས་ཐབས་སུ་བསླུ་བྲིད་ཀྱི་རྨི་ལམ་ཞིག་བཏང་ཡང་།རྒྱ་གཞུང་གི་རྨི་ལམ་ལྟར་འགྲུབ་ཐུབ་མེད།

དེ་རིང་ཡང་བསྐྱར་རྒྱ་གཞུང་གིས་ཉིན་གུང་གི་རྨི་ལམ་གསར་བ་ཞིག་གཏོང་གི་ཡོད་པ་རེད། དེ་ཡང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ནང་།རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་བའི་བོད་མི་ཚོ་བསླུ་བྲིད་བྱེད་འདོད་ཀྱིས་གཡོ་ཐབས་ཞིག་གི་འགོ་བརྩམས་བཞིན་ཡོད། ཁ་སང་དུས་བབ་གསར་ཤོག་ཐོག་ཕུད་པའི་༼བཙན་བྱོལ་བར་རྒྱས་ལས་ཁུངས་རྒྱག་འཆར༽འདིའི་ནང་བཤད་པ་ལྟར་ན་རྒྱ་རིགས་དང་བོད་རིགས་སོགས་ཕྱི་སྡོད་པ་རྣམས་ཕྱིར་རྒྱལ་ནང་དུ་ལོག་ཆོག་པའི་ཆོག་མཆན་དང་།མ་ཟད་རྒྱ་རིགས་ཤེས་ཡོན་ཅན་ཚོར་ལས་ཀ་ཡང་བཀོད་སྒྲིགས་བྱེད་ཚུལ་སོགས་བཤད་འདུག འདི་ནི་ཕྱི་སྡོད་རྒྱ་རིགས་རྣམས་ཐབས་ཀྱིས་འགུགས་ཐབས་ཁོ་ན་ཞིག་ཡིན།

དེ་བཞིན་ང་ཚོའི་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྒན་གཞོན་ཚོར་འགུགས་ཐབས་སུ་ཡང་སྣེ་ལེན་གྱི་ལས་ཁུངས་རྒྱག་འཆར་བཤད་འདུག་མོད།འོན་ཀྱང་འདིའི་དམིགས་ཡུལ་དངོས་དེ་བཙན་བྱོལ་ནང་སྟོང་པ་བཟོ་འདོད་པ་དེ་ཡིན་ལ།མ་ཟད་རྒྱ་གཞུང་གིས་ནམ་རྒྱུན་ཏཱ་ལའི་བླ་མ་ཁྱོད་སྐུ་རྐྱང་དུ་ལྷག་གི་རེད་ཟེར་བའི་ཚིག་དེའི་དོན་ལ་ལག་ལེན་བྱེད་འདོད་པ་དེ་རེད། ཡིན་ཡང་འདི་ནི་རྒྱ་གཞུང་གི་ཉིན་གུང་གི་རྨི་ལམ་རང་ཡིན་པ་ལས་འགྲུབ་ཐུབ་པའི་རེ་བ་ཞིག་མི་འདོད།ངས་འདི་ནས་ནམ་རྒྱུན་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡིན་པས་དགོངས་འགལ་མེད་པར་ཞུ། དེ་ནི་གསར་འབྱོར་ཞེས་བའི་མིང་འདི་བེད་སྤྱོད་བྱེད་རྒྱུ་ཡིན།

ང་ཚོ་གསར་འབྱོར་བ་ཚོ་ཡང་རང་ལ་དཔལ་འབྱོར་དང་ཕྱོགས་མང་པོ་ཞིག་ནས་ནུས་པ་ཆེན་པོ་མེད་ན་ཡང་།བོད་མི་རིགས་ཀྱི་བདེ་སྡུག་འདི་དང་༧གོང་ས༧་མཆོག་ལ་དད་གུས་བླ་ན་མེད་པ་བཅངས་ཏེ།ཁ་ལ་དཔགས་པའི་སོ་ཞེས་བའི་དཔེ་ལྟར་རང་ནུས་གང་ལྕོགས་ཀྱིས་ཞབས་ཞུ་སྒྲུབས་བཞིན་ཡོད།ལྷག་པར་དུ་ཡང་རྒྱ་གཞུང་ལ་བོད་རྒྱ་སྐད་ཡིག་གིས་སྨྱུག་གུའི་མཚོན་ཆ་རྒྱ་གཞུང་ལ་གཏད་མཁན་ཡང་ཕལ་ཆེར་གསར་འབྱོར་བ་ཡིན། འདི་དག་ཚང་མ་རིམ་གྱིས་རྒྱ་གཞུང་གིས་གཡོ་ཐབས་སྤྱད་དེ་བཀུགས་ནས་གྲགས་མེད་དུ་བཟོ་འདོད་དེ་རེད་སྙམ།ཡིན་ཡང་གསར་འབྱོར་བ་ཚོའི་སེམས་ནང་དུ་ཡང་ཕ་བོང་ཟེགས་མས་སྐྱོར་ཞེས་པའི་དཔེ་བཞིན་སོ་སོའི་སེམས་ནང་ནམ་ཡང་༧གོང་ས༧་མཆོག་བློས་གཏོང་ཐབས་མེད། གལ་སྲིད་བོད་ལ་ཕྱིར་ཕྱིན་པའི་གྲོགས་པོ་དང་གྲོགས་མོ་ཚོ་ཡང་རྒྱ་གཞུང་གིས་གཡོ་ཐབས་སྤྱད་འགུགས་ཐབས་བྱེད་བཞིན་ཡོད་སྲིད་མོད།འོན་ཀྱང་ཁོ་རང་ཚོའི་སེམས་དེ་ནམ་ཡང་འགུགས་ཐབས་མེད།སེམས་འགུགས་མ་ཐུབ་ཚེ་ལུས་པོ་བཀག་ཀྱང་ཐབས་ཤེས་དེ་ཙམ་མེད།

དེས་རྐྱེན་རྒྱ་གཞུང་གིས་ཏྰ་ལའི་བླ་མ་སྐུ་རྐྱང་དུ་འཇོག་འདོད་པའི་གཡོ་ཐབས་དེ་ང་ཚོ་ཚང་མས་གང་གཟབ་བྱེད་དགོས་བར་སྙམ། ཡིན་ཡང་གསར་འབྱོར་བ་ཉུང་ཤས་རེ་ཟུང་ཞིག་རྒྱ་གཞུང་གིས་བསླུ་བྲིད་བྱས་ཡོད་སྲིད།ཁ་ཤས་ཞིག་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་རྒྱལ་དུ་བཏང་།དེ་གར་ནས་རྒྱ་ཡི་གཞུང་ཚབ་ཁང་གི་གསོལ་མགྲོན་བཤམས་ཏེ་བཀུགས་པ་མ་ཟད།དེང་སང་བོད་ནང་ན་ཡང་རྒྱ་གཞུང་གིས་གསོ་ཕག་བཞིན་བསྡད་ཡོད་པ་ཡང་གོ་ཐོས་འདུག གང་ལྟར་མང་པོ་ཞིག་ལུས་འགུགས་ཐུབ་ན་སེམས་མི་འགུགས་པ་ང་རང་ཡིད་ཆེས་ཡོད། ༢༠༠༨་ནས་བཟུང་བོད་མི་གཞི་བྱེས་གཉིས་ཀྱི་སེམས་སུ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་མ་ཟད། རྨ་ཁའི་ཐོག་ལ་ཚྭ་ཆུ་ཉི་མ་རེ་རེ་བཞིན་ལྡུགས་བཞིན་ཡོད་པས་སེམས་ཀྱི་ན་ཟུག་དེ་རུས་པའི་གཏིང་ལ་ཕྱིན་ཡོད། གང་ལྟར་ཡང་དེ་རིང་རྒྱ་གཞུང་གིས་བཙན་བྱོལ་བར་ལས་ཁུངས་རྒྱག་འཆར་གྱི་དམིགས་ཡུལ་ཐེངས་གཉིས་པ་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་རེད།

སྣ་ཚོགས།

Post navigation

Previous Post: མ་འོངས་པའི་བོད།
Next Post: ཨེ་མ། ཨིན་བོད་ཀྱི་འགྱུར་འདི་གཉི༷ས་བསྡུར་ནས་གཟིགས་དང་།

Comments (9) on “ཏཱ་ལའི་བླ་མ་སྐུ་རྐྱང་དུ་འཇོག་འདོད་ཨེ་རེད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 11:04 pm

    ་་་་་་ དེ་གར་ནས་རྒྱ་ཡི་གཞུང་ཚབ་ཁང་གི་གསོལ་མགྲོན་བཤམས་ཏེ་བཀུགས་པ་མ་ཟད།དེང་སང་བོད་ནང་ན་ཡང་རྒྱ་གཞུང་གིས་གསོ་ཕག་བཞིན་བསྡད་ཡོད་པ་ཡང་གོ་ཐོས་འདུག གང་ལྟར་མང་པོ་ཞིག་ལུས་འགུགས་ཐུབ་ན་སེམས་མི་འགུགས་པ་ང་རང་ཡིད་ཆེས་ཡོད།
    ༢༠༠༨་ནས་བཟུང་བོད་མི་གཞི་བྱེས་གཉིས་ཀྱི་སེམས་སུ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་མ་ཟད། རྨ་ཁའི་ཐོག་ལ་ཚྭ་ཆུ་ཉི་མ་རེ་རེ་བཞིན་ལྡུགས་བཞིན་ཡོད་པས་སེམས་ཀྱི་ན་ཟུག་དེ་རུས་པའི་གཏིང་ལ་ཕྱིན་ཡོད།
    གང་ལྟར་ཡང་དེ་རིང་རྒྱ་གཞུང་གིས་བཙན་བྱོལ་བར་ལས་ཁུངས་རྒྱག་འཆར་གྱི་དམིགས་ཡུལ་ཐེངས་གཉིས་པ་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་རེད། ཟེར།

  2. ཁ་བ་འཚོ says:
    2012-09-14 at 1:34 am

    བདེན་པ་རེད།བོད་མི་གཞི་བྱེས་གཉིས་ཀྱི་སེམས་དེ་རྒྱ་གཞུང་གིས་བསླུ་བྲིད་བྱེད་ཐུབ་པའི་རེ་བ་ནམ་ཡང་མེད།ཡིན་ཡང་རེ་ཟུང་ཞིག་དེང་སང་བོད་ཕྱི་ནང་གཉིས་སུ་ཁ་རྒྱ་གཞུང་ལ་འཁོར་ཡོད་མོད།དེ་ནི་ཧ་ཅང་ཉུང་ཤས་ཞིག་རེད་།

  3. མངའ་རིས་ཕྲིན་ལས། says:
    2012-09-14 at 2:50 am

    རྒྱ་གཞུང་ལ་འཁོར་རྒྱུ་དེ་བཙན་བྱོལ་གཞུང་གི་ལང་ཕྱོགས་རྒྱལ་བའི་བཀའ་དང་དགོངས་པ་ལམ་དབུ་མ་ཞེས། དེང་སང་གཞོན་ནུ་ཚང་ལ་སྨ་འབེབས་དང་ཁ་བརྡུང་བྱེད་མཁན་ཚོ་ལ་དགོས་ཡ་དེ་མ་རེད་པས། འདི་ནས་དབུ་མ་ལབ། ཕ་ནས་འབྲེལ་འཐུད་ལབ། ཐུན་མོང་ལས་ཁུངས་གཉེར། མགྱོགས་པོ་ལོག་བཅུག་ས་རེད། དབུ་མའི་གྲུབ་འབྲས་རེད། དེ་ལ་བཤད་མི་ཉན་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་འདི་ཚོ་རེད་ཟེར་ནས་ཡང་ཁ་བརྡུང་རགས་ཡོང་ངོ་། །

  4. གླིང་དཀར་ལྷ་རྗེས། says:
    2012-09-14 at 4:50 am

    ད་ཆ་ངེད་ཚོས་མང་གཙོ་རེད་ལ་གཏམ་བརྗོད་རང་དབང་ཡིན། ཡིན་ནའང་གང་བྱུང་མ་བཤད་ན་ལེགས། དེ་ཡང་འགན་འཁྲི་དགོས་པའི་མང་གཙོའི་སྲིད་བྱུས་ཞིག་ཡིན།

  5. ལྷ་དབང says:
    2012-09-14 at 7:52 am

    ཞ་དམར་དང་ཤུགས་ལྡན་ཚོགས་པ་ཟེར་ནང་ཁུལ་དབྱེ་འབྱེད་བྱེད་བསྡད་ན་ཉེན་ཁ་རེད

  6. རྩ་འགབ་ཚང་། says:
    2012-09-14 at 8:23 am

    དེ་ནི་བོད་བཙན་བྱོལ་པ་ཚོར་གོ་སྐབས་བླ་མེད་ཅིག་རེག་པ་མ་རེད་པས། ང་ཚོར་རྒྱ་མི་གཞུང་སྒེར་གཉིས་ལ་འབྲེལ་བ་བཙུགས་སྐད་ཆ་བཤད་ནས། རྒྱ་ནག་དྲག་གཞུང་ལ་འགྱུར་བ་གཏང་རྩིས་ཀྱི་རྨི་ལམ་གཏོང་གིན་ཡོད་པ་མ་རེད་དམ། ད་རྨི་ལམ་མངོན་འགྱུར་གྱི་གོ་སྐབས་དེ་ཤར་པ་རེད། གཞུང་སྒེར་སུ་ཡིན་ཡང་གྲ་སྒྲིགས་ཨང་གསར་གྱིས་དང་། དེ་ནི་བོད་བཙན་བྱོལ་བའི་ལངས་ཕྱོགས་དང་། བོད་དོན་སྒྲུབ་ཐབས་ཀྱི་སྲིད་ཇུས་ཟླ་མེད་པ་ཞིག་ཡིན་པ་ཐག་ཆོད་སོང་པ་རེད། དེའི་ཕྱིར་རྒྱ་གཞུང་གིས་ཀྱང་ང་ཚོའི་ལངས་ཕྱོགས་དེར་སྟབས་བདེ་བཟོ་བ་མིན་འགྲོ་བསམ་ཆོག་པ་རེད།

  7. སྐྱིད་ཆུ་ཚང་། says:
    2012-09-14 at 12:14 pm

    དབུ་མ། ལ་ན་མོ།།

  8. གླིང་གེ་སར་ says:
    2012-09-15 at 6:32 am

    ད་དབུ་མི་ལས་ཁང་གི་གྲུབ་འབྲས་ཡིན་འགྲོ་། བོད་རང་བཙན་ནི་ལབ་མི་ཆོག་།ལབ་ཀྱང་ཕན་མེད་རེད་ཟེར་། བོད་ཀྱི་གཞོན་ནུ་ཚོགས་པ་དང་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་འགྱུར་ཁང་གཉིས་སུ་ངན་སུ་བཟང་།

  9. lhamotsering says:
    2012-09-15 at 2:44 pm

    གཞོན་ནུ་གཙོ་བྱས་བའི་རང་བཙན་འཐབ་རྩོད་པ་དང་བོད་མིའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལས་སོགས་གང་ཡིན་ཡང་དམིགས་ཡུལ་གཅིག་བཟུང་སྟེ།རྒྱ་གཞུང་གི་གཡོ་ཐབས་འདི་ལ་མཉམ་འཇོག་བྱེད་དགོས་བར་འདུག ལྷག་པར་དུ་སྲང་ལམ་བར་གྱི་སྐད་ཆ་དག་༧གོང་ས༧་མཆོག་གི་སྙན་ལམ་དུ་མི་ཞུ་རྒྱུ་འདི་གལ་ཆེན་རེད།
    ༧གོང་ས༧མཆོག་གི་སྙན་ལམ་དུ་འདྲ་མིན་བཅོ་བརྒྱད་ཞུ་མཁན་ཚོས་ནམ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྤྱི་ཚོགས་ཀྱི་འགྲོ་ལུགས་ཡག་པོ་ཤེས་ཀྱི་མེད་མཁན་དག་ཡིན་པ་གསལ་བོ་རེད།གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་ཞེས་པ་ལྟར་རང་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme