Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ནད་ཡམས་ལས་ཐར་ཐབས་ཀྱི་སྲུང་བྱ།

Posted on 2020-04-062020-04-06 By ཁ་བརྡ 1 Comment on ཏོག་དབྱིབས་ནད་ཡམས་ལས་ཐར་ཐབས་ཀྱི་སྲུང་བྱ།

འབྲོང་རྒན།
 
ཏོག་དབྱིབས་ནད་ཡམས་འདི་དངོས་གནས་ཞེད་སྣང་ཚ་བོ་འདུག འཛམ་གླིང་ཧྲིལ་བོའི་ཚེ་སྲོག་ནད་ཡམས་འདིས་ཁྱེར་ཐལ། ནད་པའི་གྲངས་ཀ་ཉིན་རེ་ནས་ཉིན་རེར་འཕར་འགྲོ་གིན་འདུག མི་དམངས་རྣམས་ཀྱིས་ད་ལྟ་ག་རེ་བྱེད་དགོས་མིན་མ་ཤེས། སེམས་པ་འཁྲུགས། རེ་བ་ཟད། དངངས་སྐྲག་ནང་ལུས་འདུག

སྲིད་དོན་པ་ཚོས་ཕན་ཚུན་ལ་ཡ་ལ་འཛུགས་རེ་བྱེད་གིན་ཡོད། སྲིད་འཛིན་ཁྲོམ་ཕུའུ་ལ་ཁ་དན་ཚིག་ལ་མི་གནས་མཁན་ཞེས་ཚང་མས་སྐྱོན་འཛུགས་བྱེད། ནེའུ་ཡོག་མངའ་སྡེའི་བློན་ཆེན་གྱིས་ཨ་མེ་རི་ཀས་ཁ་བཏུམ་བཟོ་བཞིན་མེད་པ་ཁ་སང་མ་གཏོགས་ཤེས་མི་འདུག ནད་ཡམས་འདི་ལ་ཇི་ལྟར་རྒོལ་ལན་བསློག་རྒྱུར་སུ་ལའང་ཐབས་ཤེས་དང་ནུས་པ་མི་འདུག
ཚོང་པ་ཁ་ཤས་ཀྱིས་ནད་ཡམས་ཀྱི་དམག་འཁྲུག་འདི་ལས་ཕྱུག་འགྱུར་གྱི་གོ་སྐབས་འཚོལ་བཞིན་ཡོད། ཁོང་ཚོས་བཟའ་ཆས་དང་ཁ་བཏུམ་གྱི་གོང་ཚད་སྤར། ཁ་སང་ 3M ཚོང་ལྷན་གྱིས་སྐར་བདུན་གྱི་ཁ་བཏུམ་སྒོར་བདུན་བྱས་ཏེ་རྒྱལ་ཁབ་གཞན་ན་བཙོང་བཞིན་ཡོད། ད་དུང་ཁ་ཤས་ཀྱིས་ཚན་རིག་དང་གཏན་ཚིགས་ཀྱི་རྒྱབ་ལྗོངས་ཡོད་མེད་གང་ལྟར་ཡང་། ཉ་ཉོག་མཉམ་བསྲེས་ཀྱི་གཏམ་གླེང་དང་རྩོམ་ཡིག་སྤེལ་བཞིན་ཡོད།

ནམ་རྒྱུན་བྱམས་སེམས་དང་བརྩེ་བས་ཕྱུག་པའི་མི་ཁ་ཤས་ཀྱིས། རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་འདུག སྨན་པ་དང་སྨན་ཞབས་པ་ཚོས་གང་ནུས་ཅི་ལྕོགས་ཀྱིས་ནད་པའི་ཚེ་སྲོག་སྐྱོབ་ཐབས་བྱེད་གིན་ཡོད། འདི་ནི་དངོས་ནས་བཤད་ན་ང་ཚོའི་རེ་བ་ཆུང་ཆུང་ཞིག་ཡིན།
དངོས་ནས་བཤད་ན། ཐེངས་འདིའི་ནད་ཡམས་ལས་མཐར་ཐུབ་ནི་ང་ཚོ་མི་རེ་ངོ་རེ་ལ་རག་ལས་ཡོད། དེ་བཞིན་ཏུ་ནད་ཡམས་འདི་སྔོན་འགོག་བྱེད་སྤྱད་ཀྱི་ཐབས་ཤེས་ཡག་ཤོས་ནི། མི་ཚོགས་ལ་འབྲེལ་འདྲིས་མི་བྱེད་རྒྱུ་དེ་རེད། དེ་ནི་ནད་ཡམས་འདི་འགོག་སྤྱད་ཀྱི་སྨན་ཡག་ཤོས་དེའང་རེད། འདི་ང་ཚོས་སྒྲུབ་མི་ཐུབ་པ་ཞིག་གཏན་ནས་མིན། དེ་བས་ནང་ལ་འཛུལ། མི་ལ་འབྲེལ་འདྲིས་མ་བྱས་ན་ཁྱེད་ལ་ནད་ཡམས་འདི་མི་འགོ་བ་རེད་འདུག གལ་སྲིད་ཁྱེད་རང་ཕྱི་ལ་འགྲོ་དགོས་བྱུང་ན། ཁ་བཏུམ་དང་། ལག་འབོབ་གྱོན་རྒྱུ་དེ་གལ་ཆེ་ལ། ཕྱིར་ནང་ལ་ལོག་སྐབས་ཀྱང་། ཁྱེད་རང་ཐལ་རྡུལ་འཚུབ་པའི་རླུང་ནག་ཞིག་གི་ནང་དུ་ཕྱིན་ཏེ་ཕྱིར་ནང་ལ་ལོག་པ་ནང་བཞིན། ཕྱི་ལྭ་དེ་བརྗེ། གདོང་དང་ལག་པ་ཡག་པོ་འཁྲུད་དགོས། འདི་ནི་རང་གི་བསྲུང་བྱ་གལ་ཆེན་དེ་རེད།

གལ་སྲིད་ཁྱེད་ལ་ནད་ཡམས་འགོས་བའི་ནདརྟགས་མངོན་ཚེ། གང་མགྱོགས་སྨན་ཁང་དུ་སོང་ནས་རྟགས་དཔྱད་བྱེད་དགོས།
ནད་ཡམས་འདི་ལ་རང་གི་དངོས་ཐད་ཀྱི་སྨན་འདི་ཞེས་པ་ཞིག་མེད་མོད། དེང་སང་ཕྱི་ལུགས་ཀྱི་སྨན་ལ། གཤམ་གྱི་སྨན་འདི་གཉིས་བཀོལ་སྤྱོད་གཏོང་བ་ཆེས་མང་བ་ཡིན། hydroxychloroquine (HCQ) and chloroquine (CQ) སྨན་འདི་གཉིས་དང་མཉམ་དུ་འཚོ་བཅུད་ཀྱི་སྨན། Vitamin C, Vitamin D3 and zinc བཅས་བཏང་ན་ཕན་ཞིང་། སྨན་འདི་དག་བསྟེན་ཞོར་དུ་དབུགས་འབྱིན་གྱི་རྔུབ་སྦུག་བཀོལ་ན་ནད་བཅོས་རམ་འདེགས་བྱེད་ཐུབ་ཚོད་འདུག

ནད་ཡམས་འདི་ལ་བོད་སྨན་གང་དག་བསྟེན་ན་དགེ་མཚན་ཆེ་ཞེ་ན། མང་སྦྱོར་དང་། ལོ་གྱོན་མ། འཕྲུལ་ཐང་བཅས་བཏང་ན་ཕན་ཐོགས་ཡོད་པར་འདོད། དེ་བཞིན་ད་དུང་ལུས་སེམས་ཀྱི་སྦྱོང་བརྡར་དང་འཚོ་བཅུད་ལ་དོ་སྣང་བྱས་ན་དེ་བས་ཕན། འདི་དང་མཉམ་དུ་ནམ་རྒྱུན་ནས་ཤིང་མངར་དང་ལྒ་སྐྱ་མཉམ་བསྲེས་ཀྱི་ཇ་འཐུང་ན་ཕན་ཐོགས་ཡོད།

ནད་ཡམས་འདི་ད་དུང་ལུས་ལ་ན་ཚ་གཞན་ཡོད་མཁན་དང་། གཟུགས་སྟོབས་ཞན་པ། ཡང་ན་གཟུགས་པོའི་མེ་དྲོད་ཞན་མཁན་གྱི་མི་ལ་ལྷག་ཏུ་ལྡང་བཞིན་ཡོད་ན། ཟ་མ་ཚ་བོ་དང་དུག་ལོག་དྲོན་པོ་གྱོན་རྒྱུ་དེ་བས་གལ་ཆེ། ཟ་འཐུང་རན་པར་སྤྱོད་པ་དེ་ནི་མིའི་གཟུགས་པོ་ལ་ཕན་ཞིང་། རབ་ཡིན་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བུ་ལྟ་བུ་རང་བློས་ལྕོགས་ཚོགས་ཀྱིས་བློ་སྦྱོང་དང་། དེ་མ་ནུས་ན་རང་གི་ནུས་ཚོད་ཀྱིས་ཉམས་ལེན་གང་ཞིག་བྱས་ཀྱང་དེས་ཁྱེད་ཀྱི་སེམས་ལ་ཕན། དེ་གཉིས་ནི་ཁྱེད་ཀྱིས་སྒྲུབ་མི་ཐུབ་པ་ཞིག་གང་ནས་ཡིན། ང་ཚོ་བོད་པ་ཚོ་རྒན་གཞོན་མེད་པར་ནང་པའི་ཆོས་ལ་དོ་སྣང་གང་འཚམ་ཡོད་ཅིང་། ད་ནི་དེ་དག་རང་རྒྱུད་ལ་སྦྱོར་བའི་དུས་ལ་བབས་ཡོད། ནན་ཏན་དུ་བཤད་རྒྱུ་ཞིག་ལ། མི་ཚོགས་ལ་འབྲེལ་འདྲིས་མི་བྱེད་པར་རང་ཉིད་ཁེར་རྐྱང་དུ་སྡོད་རྒྱུ་ནི་སྨན་གྱི་མཆོག་ཏུ་གྱུར་བ་དེ་རེད་ལ། བྱེད་ཐབས་འདི་དངོས་གནས་བཤད་ན་སྒྲུབ་མི་ཐུབ་པ་ཞིག་རྩ་བ་ནས་མིན་ལ། རང་ཉིད་ནད་ཡམས་འདི་ལས་ཐར་ཐབས་ཀྱི་བསྲུང་བྱ་ཡག་ཤོས་ཡིན་པའང་གསལ་བོ་རེད།

ཁ་སང་། ཨ་མེ་རི་ཀའི་འཇོན་ཧ་ཀན་སློབ་གླེང་གིས་བཤད་པ་ལྟར་ན་ནད་ཡམས་ཀྱི་བརྒྱ་ཆ་བཞི་དེང་སང་དྲག་བསྐྱེད་དུ་འགྲོ་བཞིན་འདུག་ཟེར།
ནད་ཡམས་འདི་རིགས་མང་ཆེ་བ་ཞིག་དགུན་ཁར་ཡོང་གིན་ཡོད་པ་དང་། གནམ་གཤིས་ལ་དྲོད་སླེབས་རྗེས་ཡལ་འགྲོ་བའི་ལོ་རྒྱུས་ཡོད། ད་ཐེངས་ཀྱི་ནད་ཡམས་འདིའང་ན་ནིང་སྤྱི་ཟླ་བཅུ་གཉིས་པའི་ནང་འགོ་བཙུགས་ཤིང་། ད་ནི་དཔྱིད་ཀའི་དུས་ལ་བབས་ཤིང་གནམ་གཤིས་ཡང་ཉིན་རེ་ནས་ཉིན་རེར་དྲོ་རུ་འགྲོ་བཞིན་ཡོད་པས། ག་ལེར་ནད་ཡམས་འདི་ཡལ་འགྲོ་གི་རེད་བསམ།

བསམ་ཚུལ།

Post navigation

Previous Post: ཏོག་དབྱིབས་ནད་དུག་གི་གཉེན་པོ་མི་ཐག་བར་གཅོད།
Next Post: ཉིན་ཐོ།

Comments (1) on “ཏོག་དབྱིབས་ནད་ཡམས་ལས་ཐར་ཐབས་ཀྱི་སྲུང་བྱ།”

  1. འབྲོང་བུ་སོག་ཚ། says:
    2020-04-07 at 5:41 pm

    ཨ་རིའི་སྲིད་འཛིན་ཁ་དན་ཚིག་ལ་མི་གནས་མཁན་ཡིན་ན། གནས་མཁན་དེ་སུ་རེད། རྒྱ་ནག་དམར་ཤོག་གི་སྲིད་འཛིན་དེ་ཨེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme