Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ལུགས།

Posted on 2020-04-282020-04-28 By ཁ་བརྡ No Comments on ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ལུགས།

འདབ་པ་ཚེ་དབང་མགོན་པོས།
 
སྔར་འགྲོ་བ་མི་ཆགས་པ་ནས་བཟུང་སྟེ་ཡ་ཐོག་གི་དུས་རབས་དང་། ཕྱིས་འཛམ་གླིང་དམར་ཆེན་གཉིས་པའི་རྗེས་སུ་གོ་ལ་གཅིག་གྱུར་ཆགས་པ་ནས་བཟུང་སྟེ། ད་ལྟའི་བར་དུ་བྱུང་མྱོང་མེད་པའི་ཏོག་དབྱིབས་ཀྱི་ཡམས་ནད་འདིས། གོ་ལ་ཧྲིལ་པོའི་སྤྱི་ཚོགས་རིམ་པ་དང་། ཤར་ནུབ་མི་གཅིག་པའི་ཡུལ་ཁམས་སོ་སོར། སྨན་པ་དང་། ཚན་རིག་པ། དཔལ་འབྱོར་རིག་པ་བ། ཆབ་སྲིད་པ་ཚོས་འགྲེལ་བརྗོད་དང་། ཚོད་དཔག་མི་ནུས་པའི་འགྲོ་བ་མིའི་འཚོ་གནས་ཀྱི་ཐད་ལ་ཆག་སྒོ་ཆེན་པོ་ཞིག་དང་། དེ་བཞིན་འབྱུང་འགྱུར་དོན་ལ་བསམས་ནའང་འཕོ་འགྱུར་ཆེན་པོ་ཞིག་ཐེབས་རྒྱུའི་གནས་སྟངས་ཤིག་བཟོས་སོ། དེ་ཡང་ཐོག་མར་ནད་ཡམས་འདིའི་འབྱུང་ཁུངས་དང་། ནད་ཀྱི་རྒྱུ་རྐྱེན། སློང་ཐབས་སོགས་ཀྱི་ཐད་ལ་ཡིད་རྟོན་རུང་བའི་ཤེས་རྟོགས་མི་ཐུབ་པ་དང་། རྒྱ་ནག་དང་། ཨ་རི་གཉིས་པོ་རུང་ཞིག་གིས་བཟོས་པའི་ཚན་རྩལ་གྱི་དམག་འཁྲུག་ཡིན་ལུགས་དང་། ཡང་སེམས་ཅན་གྱི་བརྒྱུད་ནས་བྱུང་བའི་ནད་ཡམས་ཤིག་ཡིན་ལུགས་སོགས་བཤད་དེ། རང་གཞན་ཚང་མ་ཡིད་རྨོངས་དགོས་པ་ཞིག་ལས་ཆ་འཇོག་འོས་པའི་གཏམ་ཞིག་བསྙད་རྒྱུ་མེད་དོ།

དེ་ཡང་ཐོག་མར་ནད་ཡམས་འདི་ནི། རྒྱ་ནག་གི་ལྷོ་རྒྱུད་ཀྱི་ས་ཁོངས་སུ་གཏོགས་པའི་མི་འབོར་ཡ་ས་བཅུ་གཅིག་འཚོ་གནས་བྱེད་སའི་ཝུ་ཧན་གྲོང་ཁྱེར་ནང་བྱུང་བ་དང་། དེའི་དུས་ཚོད་ཀྱང་སྤྱི་ཚོགས་འདུ་འཛི་ཆེ་བའི་དུས་ལོ་སར་ལ་འཁེལ་པ་མ་ཟད། གྲོང་ཁྱེར་དེ་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་ཏུ་འགྱུར་ལྡོག་དུ་མའི་ལེའུ་ལྡན་པའི་སྐྱོ་གར་གཉིས་ཀྱི་གར་སྟེགས་དང་། དེང་རབས་ཀྱི་ཚན་རྩལ་རྒྱས་པའི་ས་ཁུལ་ཞིག་འཆགས་ཡོད་ཕྱིར། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་འདྲ་མིན་དང་སློབ་ཕྲུག་མང་པོ་ཡོད་པས། ནད་ཡམས་འདི་ནི་རྩ་ཕུང་སྒང་ལ་མེ་སྟག་མཆེད་པ་བཞིན་དུ་འཛམ་གླིང་ས་ཕྱོགས་གང་སར་རིམས་ནད་ཀྱི་ས་བོན་ཆགས་སོ། དེ་བཞིན་ནད་ཡམས་འདི་རྒྱ་ནག་གི་ཝུ་ཧན་ནང་མཆེད་འགོ་འཛུགས་པའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་ནད་འདི་རྒྱ་ནག་གི་ཡུལ་དུ་ཁྱབ་པའི་ནད་ཡམས་ཙམ་ལས། གོ་ལའི་ཧྲིལ་པོར་ཉེན་ཁ་ཆེ་བའི་ནད་ཡམས་ཤིག་ད་དུང་ཆགས་མེད་ལུགས་དང་། ནུབ་ཕྱོགས་པའི་མི་རྣམས་ཀྱིས་ཀྱང་ནད་ཡམས་དེ། ཤར་ཕྱོགས་པའི་དཔལ་འབྱོར་ཞན་པའི་རྒྱལ་ཁབ་རྣམས་ལ་ཉེན་ཁ་ཡོད་ཀྱང་། ནུབ་ཕྱོགས་པའི་ལུང་པར་ཉེན་ཁ་མེད་རབས་དང་། དེ་བཞིན་ཨ་ཧྥར་རི་ཁའི་རྒྱལ་ཁབ་རྣམས་དང་། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་དག་ལ་ཡང་གནམ་གཤིས་ཚ་དྲོད་ཆེ་ཕྱིར། ཉེན་ཁ་མེད་རབས་སོགས་བཤད་ནས་སྡོད་དུས། ནད་ཡམས་འདི་རྒྱ་ནག་གི་ས་ཁོངས་ལ་ཡོངས་ལ་ཁྱབ་བོ། དེའི་རྗེས་སུ་རྒྱ་ནག་ཙམ་མ་ཡིན་པར་རིམ་པས་རྒྱལ་ཁག་གཞན་ལ་མཆེད་འགོ་འཛུགས་པ་དང་། སྐབས་དེར་ཨ་རིས་གཙོས་པའི་ཆབ་སྲིད་པ་ཚོས་ནད་ཡམས་འདི་རྒྱ་ནག་བཟོས་པ་ཡིན་ལུགས་དང་། རྒྱ་ནག་གཞུང་གིས་ཨ་རིའི་དམག་མིས་ཝ་ཧན་གྱི་གྲོང་ནང་ལ་ཁྱེར་ཡོང་བ་རེད་ཟེར་ནས། རིམས་ནད་འདི་ཨ་རྒྱ་གཉིས་ཀྱིས་ཆབ་སྲིད་ཀྱི་འཐབ་རྩོད་འབེན་ལ་བཙུགས་སོ།

སྐབས་དེ་ནས་བཟུང་རྒྱལ་ཁག་ཕན་ཚུན་རོགས་པ་བྱེད་རྒྱུ་དང་། ལམ་སྟོན་བྱེད་རྒྱུ་ཐད་ལ་ཆབ་སྲིད་ཀྱི་གནོད་ཤུགས་ཐེབས་ཏེ། གཅིག་གིས་གཅིག་ལ་འགྲན་བསྡུར་བྱེད་རྒྱུ་མ་གཏོགས་རོགས་པ་བྱེད་མཁན་མེད་པར་གྱུར་ཅིང་། དེའི་དབང་གིས་ནད་ཡམས་ཀྱི་ནུས་པ་སྤེལ་ནས། དཀྱིལ་ཤར་ཡུལ་གྲུ་ཁ་ཆེའི་རྒྱལ་ཁབ་རྣམས་དང་། ཡོ་རོབ་ཤར་ལྷོའི་མཚམས་སུ་མཆེད་འགོ་འཛུགས་སོ། དེ་དུས་ནུབ་ཕྱོགས་པ་རྣམས་ཀྱིས་རྒྱ་ནག་བཞིན་དུ་ཚོང་སྡེ་ཁག་དང་། གཞུང་གི་ལས་ཁུངས། གྲོང་ཁྱེར་དང་། གྲོང་བརྡལ། འགྲུལ་བཞུད་སོགས་མཚམས་འཇོག་བྱས་ཚེ་ཚོང་ལས་ཁག་ལ་གྱོང་ཁ་ཆེན་པོ་ཐེབས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒྱུ་ཡིན་རབས་བཤད་ནས། འགྲོ་འོང་གི་སྒོ་མི་གཅོད་རྒྱུ་དང་། རྒྱུན་གཏན་གྱི་བྱེད་སྒོ་རྣམས་ལ་འགྱུར་བ་མ་བཏང་པར་ནད་ཡམས་ཁ་གཏད་གཅོག་རྒྱུ་བཤད་པ་མ་ཟད། ཁ་རས་གྱོན་ན་ཉེན་ཁ་ཆེ་རབས་དང་། ལག་ཤུབས་གོན་ནའང་ཕན་ཐོགས་མེད་རབས། དེ་ལས་ལག་པ་མང་ཙམ་བཀྲུས་ན་དགེ་མཚན་ཆེ་བར་བཤད་ནས་བསྡད་དོ། དེ་བས་ཀྱང་ཁོ་ཚོས་བཤད་རྒྱུ་ཞིག་ལ་ནད་ཡམས་འདི་ནི་ལོ་ན་རྒན་པ་དང་། ཁོག་ནད་ཡོད་པ། ཤར་ཕྱོགས་པའི་མི་རིགས་ལུས་སྟོབས་ཞན་པ་རྣམས་ལ་མ་གཏོགས་ནུབ་ཕྱོགས་པའི་གཟུགས་སྟོབས་ཆེ་བའི་མི་རིགས་རྣམས་ལ་དེ་ཙམ་གྱི་ཉེན་ཁ་མེད་ཅེས་སྨྲས་སོ།

དེས་ན་ནུབ་ཕྱོགས་པའི་མི་རིགས་དང་། ཤར་ཕྱོགས་པའི་མི་རིགས་བར་བསམ་བློའི་འགལ་ཟླ་ཁྱད་མཚར་བ་ཞིག་བྱུང་བའི་ཁྲོད་དུ་ཏོག་དབྱིབས་ཀྱི་རིམས་ནད་འདི་ནི། ཡོ་རོབ་གླིང་ཆེན་གྱི་ས་ཁུལ་ཡོངས་དང་། ཨ་མེ་རི་ཁའི་གླིང་ཆེན་གཉིས་ལ་མཆེད་འགོ་འཛུགས་ཤིང་། ཨ་མེ་རི་ཁ་དང་ཡོ་རོབ་གཉིས་ཀྱི་བར་ལའམ་ལྟ་ཚུལ་མི་མཐུན་པ་ཞིག་བྱུང་སྟེ། ཨ་རིའི་སྲིད་འཛིན་གྱིས་ཡོ་རོབ་མཉམ་འབྲེལ་དང་གྲོས་བསྡུར་མ་བྱས་པར་མཁའ་ལམ་གྱི་འགྲོ་འོང་ཐམས་ཅད་བཅད་ནས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་དང་། རྒྱལ་ཁབ་ནང་གི་བྱེད་སྒོ་ཁག་ནི་རྒྱུན་ལྡན་ལྟར་འཇོག་རྒྱུའི་ཐག་གཅོད་བྱས་པ་དང་། སྐབས་དེར་ཨེ་ཏྲ་ལེ་ལ་ནད་ཡམས་ཤུགས་ཆེན་མཆེད་ནས་མི་འབོར་ས་ཡ་བཅུ་དྲུག་ཙམ་གཞུང་གི་བཀག་རྒྱ་འོག་ཏུ་ཚུད་དོ། ཡོ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་ནི་དཔལ་འབྱོར་ཉམས་པར་དོགས་ཏེ་རྒྱལ་ཁབ་ནང་ལ་བྱེད་སྒོ་ཁག་དང་། ཚོང་ལས་ཁག་མུ་མཐུད་ནས་སྒོ་ཕྱེ། དེ་བས་ཀྱང་ཁྱད་མཚར་ཞིག་ལ་ཧྥ་རན་སེ་རྒྱལ་ཁབ་ཀྱིས་མི་དམངས་ཀྱིས་ཁ་རས་གྱོན་མི་ཆོག་པ་དང་། ཚོང་ཁང་རྣམས་ཀྱིས་ཀྱང་ཁ་རས་བཙོང་མི་ཆོག་པའི་ཁྲིམས་བཙན་པོ་ཞིག་སྡོམ་འགོ་འཛུགས། རོ་ཡོབ་རྒྱལ་ཁབ་གཞན་རྣམས་ཀྱིས་ཁ་རས་གྱོན་ན་ཉེན་ཁ་ཆེ་རབས་དང་། དེ་ལས་ལག་པ་མང་ཙམ་བཀྲུས་ན་ལེགས་རབས་སོགས་བཤད་ནས། ནད་ཡམས་འགོས་སྟངས་དེ་ཆེད་མངགས་ཤར་ཕྱོགས་པའི་ལུང་པ་ཀུན་དང་འགལ་ཟླ་ལྟ་བུར་བགྱིས་སོ། བདུན་ཕྲག་གཅིག་གཉིས་ཀྱི་ནང་ལ་ཡོ་རོབ་རྒྱལ་ཁབ། Italy ཨེ་ཏྲ་ལེ་དང་Spain སེ་ཕན་France ཧྥ་རན་སེ། Germany འཇར་མེན་ནེ། དབྱིན་ཇི་དང་UK དབྱིན་ཇི་ Belgium བྷེ་ཇམ Netherlands ནེ་ཐར་ལེན་ཌུ་སུད་སེ་དང་། Switzerland སུད་སེ་ལེན་ཌུ Portugal པོར་ཇི་དགེ་སོགས་ཡོ་རོབ་ཡོངས་ལ་ནད་ཡམས་འདི་ཁྱབ་པ་མ་ཟད། ཨེ་ཏྲ་ལེ་དེ་ཧ་ཅང་གི་ཉེན་ཁའི་གནས་སུ་ལྷུང་པ་དང་། དེའི་དབང་གིས་ཡོ་རོབ་རྒྱལ་ཁབ་རྣམས་ཀྱིས་ཚོང་ལས་ཁག་དང་། མི་དམངས་འགྲོ་འོང་གི་བཀག་རྒྱ་བསྡམ་རྒྱུ་དང་། གཞུང་གི་བྱེད་སྒོ་གལ་ཆེ་བ་མ་གཏོགས་གནས་སྐབས་མཚམས་གཞག་རྒྱུའི་གསལ་བསྒྲགས་སྤེལ་བའོ།

དེའི་ཕྱིར་གནས་སྟངས་སེམས་མི་ཤེས་པ་ལྟ་བུར་ཡོ་རོབ་ཤར་ལྷོའི་ཁོངས་སུ་Italyཨེ་ཏྲ་ལེའི་རྒྱལ་ཁབ་ཏུ་ཏོག་དབྱིབས་རིམས་ཕོག་པའི་ནད་པ་ཉིན་རེ་ནས་ཉིན་རེ་ཇེ་མང་དུ་སོང་བ་དང་། ནད་པ་འདས་གྲོངས་ཀྱང་ཇེ་མང་དུ་སོང་སྟེ། ཡུལ་ལུང་མགོ་མཇུག་བར་གསུམ་དུར་ཁྲོད་ལ་འགྱུར་རྒྱུ་མིན་ནམ་བསམ་དགོས་པའི་གནས་ཚུལ་སྡུག་པོ་བྱུང་བ་དང་། ནད་པ་རྣམས་ཀྱི་བར་ལའང་རྒས་འཁོགས་དང་། གཞོན་སྐྱེས་ཀྱི་དབྱེ་བ་ཕྱེས་ནས། རྒས་འཁོགས་ཚོར་དབུགས་ལེན་འཕྲུལ་ཆས་གཙོ་བོར་མ་སྤྱད་པར། གཞོན་སྐྱེས་རྣམས་ལ་གཙོ་བོར་སྤྱད་ནས་རྒས་འཁོགས་ཕལ་ཆེ་བ་འཆི་འཇུག་པ་དང་། ལོ་ཆུང་ཚོར་དབུགས་ལེན་འཕྲུལ་ཆས་བེད་སྤྱོད་དེ་གསོན་ཐབས་བྱས་པའི་གནས་ཚུལ་ཡ་ང་བ་ཞིག་བྱུང་ཕྱིར། རྒྱལ་ཁབ་དེར་ཏོག་དབྱིབས་ན་ཚ་ཕོག་པའི་རྒས་འཁོགས་ཕལ་ཆེ་བ་ཞིག་ཏོག་དབྱིབས་ནད་ཀྱི་འཆི་བ་ལས་ཐར་མེད་དོ། དེ་བཞིན་Spainསེ་ཕན་ཡང་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དེ་གྱུར་པ་དང་། ནད་ཡམས་ཕོག་པའི་ནད་པའི་བར་ལ་ཡང་གོང་ལྟར་རྒན་གཞོན་གྱི་དབྱེ་བ་ཕྱེས་ནས། རྒས་འཁོགས་རྣམས་ལ་སྨན་བཅོས་དང་། དབྱུགས་ལེན་འཕྲུལ་ཆས་སོགས་མ་སྤྱད་པས་འཆི་བ་ལས་ཐར་མཁན་ནད་པ་རེ་གཉིས་ཙམ་ལས་བྱུང་མེད་ཅིང་། ནད་པ་འདས་གྲོངས་ཀྱང་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲལ་དུ་ཚུད་དོ། དེ་བཞིན་Franceདང་ཧྥ་རན་སེ་Germany འཇར་མན་ནེ་UK དབྱིན་ཇི་སོགས་ཀྱང་ཡོ་རོབ་ནང་དུ་ཏོག་དབྱིབས་ནད་ཡམས་ཚབས་ཆེན་ཕོག་པའི་རྒྱལ་ཁབ་རྣམས་གྱུར་པ་མ་ཟད། France ཧྥ་རན་སེ་རྒྱལ་ཁབ་ཀྱིས་ནད་པའི་གྲངས་འབོར་གྱི་ཐོ་གཞུང་ནང་ལ་ནད་པ་ཉུང་འཕྲི་བྱས་ནས། སེ་ཕན་རྒྱལ་ཁབ་དང་། ཨེ་ཏྲ་རྒྱལ་ཁབ་གཉིས་ཀྱི་གོང་ལ་ན་ཚ་འཕོག་མཁན་གྱི་གྲངས་འབོར་དེ་སོང་མེད་མདོག་བྱས་ཏེ། ནད་པའི་གྲངས་འབོར་ནང་ལ་ནད་པ་ཉིས་ཁྲི་མ་ཟིན་ཙམ་ཞིག་ཉུང་འཕྲི་བྱས་པ་དང་། ནད་པ་འཕར་ཚོད་ཀྱི་གྲངས་ཐོ་གཅོག་འཕྲི་བགྱིས་ཤིང་། རྒྱལ་ཁབ་ཀྱི་གསར་འགྱུར་ནང་ལ་དེ་རིང་དགོང་མོའི་ནད་པའི་གྲངས་ཐོ་རྣམས་སང་ཉིན་ཞོགས་པར་ཉུང་འཕྲི་བྱས་པའི་གནས་ཚུལ་ངོ་གནོང་དགོས་པ་ཞིག་ཀྱང་བྱུང་ངོ་།

དེ་བཞིན་ཨ་མེ་རི་ཁ་ནི་འཛམ་གླིང་གི་ཐོག་ལ་ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ནའང་། ད་རེས་ཏོག་དབྱིབས་རིམས་ནད་ཀྱི་ཐད་འཛམ་གླིང་གི་ཐོག་ལ་གནས་སྟངས་རྡུགས་ཤོས་དེ་གྱུར་ཅིང་། ནད་པ་ས་ཡ་བརྒལ་ནས་སྨན་ཁང་ནང་ལ་ནད་པ་ཛ་དྲག་མ་ཡིན་ཚེ། ཁ་ཡ་དང་བདག་སྐྱོང་མི་བྱེད་པ་དང་། ནད་པ་འདས་གྲོངས་ཀྱང་འཛམ་གླིང་གི་ཐོག་ཏུ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེ་གྱུར་རོ། དེ་ཡང་མངའ་སྡེ་འགའ་ཞིག་དང་གཞུང་གཉིས་ཀྱི་བར་ལ་ལྟ་ཚུལ་མི་མཐུན་པ་དང་། ཨ་རིའི་སྲིད་འཛིན་རང་ཉིད་ཀྱིས་ཁོ་པ་དེ་སྔོན་སྲིད་འཛིན་འོས་མིར་ལངས་པའི་སྐབས། རྒྱབ་སྐྱོར་དེ་ཙམ་དུ་མ་ཐོབ་པའི་ས་ཁུལ་ཁག་ལ་དུས་ཐོག་ཏུ་རོགས་སྐྱོར་དང་། དེ་བཞིན་སྨན་ཁང་གི་མཁོ་ཆས་ཀྱང་དུས་ཐོག་ལ་མ་གནང་བ་ལ་བརྟེན་ནས། ནད་ཡམས་དེ་ཁྱབ་ཆེན་པོ་མཆེད་པར་བཤད་དོ། དེ་བས་ཨ་རི་སྲིད་འཛིན་གྱིས་སྨན་པའི་སློབ་སྟོན་དང་། ཚན་རིག་པའི་སློབ་སྟོན་སོགས་ལ་ཉན་འཇོག་མ་བྱས་པར་གཞུང་རང་གིས་ལངས་ཕྱོགས་ཤིག་བཟུང་སྟེ། ནད་འགོག་དང་སྨན་བཅོས་བྱེད་ལུགས་ཤིག་འཛིན་པ་མ་ཟད། སྲིད་འཛིན་ལས་ཐོག་ལྔའི་སྨན་རམས་པ་ཡང་འཕྲོད་སྟེན་གྱི་སློབ་སྟོན་པའི་ལས་གནས་ནས་ཕྱིར་འབུད་གཏོང་ཐབས་བྱས་པའི་གནས་ཚུལ་བྱུང་ཡོད། དཔལ་འབྱོར་གྱི་གནས་སྟངས་ཐད་ལ་ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་སྐབས་སུ་དཔལ་འབྱོར་ཉམས་པ་ལས་ཀྱང་རྡུགས་པར་གྱུར་ནས་ལས་ཀ་ཤོར་བའི་མི་གྲངས་ས་ཡ་ཉི་ཤུ་རྩ་དྲུག་བྱུང་བ་དང་། དེ་བཞིན་མི་འབོར་ས་ཡ་དགུ་བཅུ་ལྷག་གིས་འཕྲལ་སེལ་རོགས་དངུལ་ཞུས་པའི་གནས་ཚུལ་སོགས་བྱུང་ཡོད་དོ།

དེས་ན་ནད་ཡམས་འདི་འཛམ་གླིང་གི་ས་ཕྱོགས་གང་སར་མཆེད་ཕྱིར། དེ་སྔོན་འགྲོ་བ་མིའི་ལོ་རྒྱུས་ནང་ལ། ཁྱིམ་སྡོད་ཀྱི་བཀག་རྒྱ་དམ་པོ་དང་། འཇིགས་སྣང་། དངངས་སྐྲག་སོགས་འདི་འདྲ་ཞིག་བྱུང་མྱོང་མེད་པ་མ་ཟད། དཔལ་འབྱོར་ཉམས་རྒུད་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཚབས་ཆེས་ཤོས་དེ་གྱུར་པ་དང་། རྒྱ་ནག་གིས་ནད་ཡམས་ཐོག་མར་བྱུང་བའི་དུས་ཚོད་ངོ་མ་དེ། གསང་བ་བྱས་རབས་དང་། ནད་པའི་འདས་གྲོངས་ལའང་དོགས་པ་ཡོད་ཟེར་ནས། རྒྱལ་ཁག་མང་པོའི་ལྟ་སྟངས་མི་ལེགས་པ་དང་། ཨ་རྒྱ་གཉིས་ཀྱི་གནས་སྟངས་དེ་འདས་པའི་ལོ་ངོ་གཉིས་གསུམ་གྱི་གོང་ནས་བཟུང་ཡག་པོ་ཞིག་མེད་པའི་སྒང་ལ། ད་རེས་ནད་ཡམས་འདིས་ཨ་མེ་རི་ཁའི་ལོ་རྒྱུས་ནང་དུ་ཕམ་ཉེན་ཆེ་ཤོས་གྱུར་དེ་ཡོད་ཕྱིར། ཨ་རྒྱ་གཉིས་ཀྱི་འཐབ་རྩོད་མུ་མཐུད་ནས་གནས་རྒྱུ་ཡིན་མིན་དེ་སུ་ཞིག་གིས་ཚོད་དཔག་ཐུབ་མེད་པའི་ཕྱིར། ད་དུང་བཀའ་ངལ་ཇི་ཙམ་འཕྲོད་མིན་གྱི་ཐད་ལའང་སུ་ཞིག་གིས་བརྗོད་མི་ཤེས་པའི་གནས་སུ་གྱུར་ཡོད་དོ། །

བསམ་ཚུལ།

Post navigation

Previous Post: པཎ་ཆེན་སྣང་བ་མཐའ་ཡས།
Next Post: སེམས་ཀྱི་སྙན་ངག་ལ་སོ་བཏབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme