Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏེ་ལོ་རིན་པོ་ཆེ་མཆོག་ལ་བཅར་འདྲི།

Posted on 2015-02-072015-02-07 By རེབ་གོང་བཀྲ་ཤིས། 22 Comments on ཏེ་ལོ་རིན་པོ་ཆེ་མཆོག་ལ་བཅར་འདྲི།

གློག་བརྙན་།

Post navigation

Previous Post: མཚན་མོར་རོལ་དབྱངས་ལ་ཉན་པ།
Next Post: མཁན་ཆེན་བསོད་ནམས་དོན་གྲུབ་དང་བཀའ་མོལ་ཡིད་ཀྱི་མུན་སེལ།

Comments (22) on “ཏེ་ལོ་རིན་པོ་ཆེ་མཆོག་ལ་བཅར་འདྲི།”

  1. སྤུ་གྲི་རེག་གཅོད། says:
    2015-02-07 at 1:09 am

    ༄།་་ཧོར་ཟླ་དང་པོའི་ལོ་སར་གྱི་སྐོར་།
    བོད་ཡུལ་ཁྲག་ལ་སྦྱོར་བའི་ལྟས་ངན་གྱི་དུས་ཚིགས་ནག་པོ་ལ། བོད་མིའི་ལྷ་ལྟར་སྒོམ་པའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ།
    དགའ་བ་ལ་སྐྱིད་པ་ལ་བོད་ཡུལ་མཐའ་དམག་གི་འཇོམས་པའི་ཧོར་ཟླའི་ཉིན་མོ་འདི་ཚེས་སོང།
    དགའ་བ་ལ་སྐྱིད་པ་ལ་བོད་ཡུལ་ཁྲག་ལ་སྦྱོར་བའི་ཧོར་ཟླའི་ཉིན་མོ་འདི་ཚེས་སོང།
    དགའ་བ་ལ་སྐྱིད་པ་ལ་ཕ་མེས་གྱི་ཚེ་སྲོག་འཕྲོག་པའི་ཧོར་ཟླའི་ཉིན་མོ་འདི་ཚེས་སོང།
    དགའ་བ་ལ་སྐྱིད་པ་ལ་སྐྱབས་གནས་ཀྱི་ཆོས་སྡེ་གཏོར་བའི་ཧོར་ཟླའི་ཉིན་མོ་འདི་ཚེས་སོང།
    དགའ་བ་ལ་སྐྱིད་པ་ལ་བོད་ཡུལ་མུ་གེས་བསྐལ་པ་ཤར་བའི་ཧོར་ཟླའི་ཉིན་མོ་འདི་ཚེས་སོང།
    བོད་མི་ཡོད་དོ་ཅོག་གི་ཧོར་ཟླ་དང་པོའི་དགའ་སྟོན་རོལ་བའི་རེ་སྒུག་ཆེ་པོ་ཞིག་བྱེད་སྲོལ་འདུག། ཧོར་ཟླ་དང་
    པོའི་ལོ་སར་དེའི་ནང་དོན་རྟོགས་མཁན་ཧ་ཅང་ཉུང། མི་མང་པོ་ཞིག་གི་ཧོར་ཟླ་དང་པོ་འདི་བོད་ཀྱི་བཀྲ་ཤིས་
    པའི་ཉིན་མོ་ཞིག་ཡིན་ཤག་བྱེད་ཀྱི་འདུག། དེ་ལ་རེ་སྒུག་དང་གྲ་སྒྲིག་རྒྱས་བཤམས་སོགས་བྱེད་པར་རྒན་གཞོན་
    ཆུང་གསུམ་ཚང་མ་དགའ་སྤྲོས་ངང་བྲེལ་བྲེལ་ཚུབ་ཚུབ་ཀྱི་ཟླ་ཕྱེད་ཙམ་འདས་ཀྱི་ཡོད། ཁྱེད་རྣམ་པས་ཧོར་ཟླ་
    དང་པོའི་ལོ་སར་ལ་དགའ་དགོས་པའི་རྒྱུ་མཚན་ཨེ་ཤེས། ཡང་ན་རྨོངས་དད་ཀྱི་མུན་ཁྲོད་དུ་ལོང་འགྲོས་བྱེད་
    ཀྱི་ཡོད། ཡང་ན་ཤེས་བཞིན་དུ་བོད་ཡུལ་ཁྲག་ལ་སྦྱོར་ཅིང་ཕ་མེས་དམར་གསོད་བྱས་པའི་དུས་ངན་གྱི་དུས་
    ཚིགས་ལ་དགའ་སྟོན་བྱེད་ཀྱི་ཡོད། ཧོར་ཟླ་ཟེར་བའི་ལོ་སར་འདི་བོད་མི་རིགས་ལ་མཚོན་ན་ལྟས་ངན་པ་དང་
    ཡིད་སྐྱོ་དགོས་པའི་དུས་ཚེས་ཞིག་རེད། སྤྱི་ལོ ་༨༤༡་ལྕགས་བྱ་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོར་འུ་དུམ་
    བཙན་པོ་ལྐོག་མདའ་བརྒྱབ་ནས་བཀྲོངས། དེ་ནས་བཟུ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ནས་བོད་
    ཁམས་སིལ་བུར་འཐོར། དེ་ནས་ལོ་༣༧༥་རྗེས་སུ་ཧོར་དམག་གི་བོད་ལ་ཟ་ཁ་གཏད་ནས་བཀྲ་མི་ཤིས་པའི་
    དུས་ཚིགས་དེ་མགོ་བོ་ཚུག་པ་རེད། {{གུ་ཤྲི་བབློ་བཟང་ཚེ་དཔལ་གྱིས་མཛད་པའི {{ ཧོར་ཆོས་འབྱུང་ལས}}
    བོད་ཀྱི་ཤར་ཕྱོགས་ས་ཁུལ་ཁམས་མི་ཉག་གིཡུལ་དུ། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་རང་ལོ་ང་ལྔ་
    རབ་བྱུང་བཞི་བའི་མེ་བྱི༡༢༡༦ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་
    བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་དེའི་དུས་སྐབས་དེར་
    བོད་མི་དམར་གསོད་ཚད་ལས་བརྒལ་བ་གཏོང་ཞིང། བོད་ཡུལ་དམར་གསོད་ཆེ་མོའི་དུས་སྐབས་ཡང་ཟེར།
    རབ་བྱུང་བཞི་པའི་མེ་ཕག༡༢༢༧ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་
    ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་བརྩིས་ཏེ་ལོ་
    མགོར་བསྒྱུར་བ་ནས་བཟུང་ཧོར་ཡུལ་དུ་ལོ་མགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་བ་རེད། མི་ཉག་རྒྱལ་པོའི་
    རྒྱལ་ས་ཐ་མ་ནི་ལྒ་ཅུ་སྔོན་མདོ་ཡིན། ཆུ་ལ་མི་ཉག་སྐད་དུ་སུ་ཅུ་ཟེར། ཆུ་བོ་འདུས་མདོ་ལ་ཅུ་སྔོན་མདོ་ཞེས་
    པ་དང་ད་ལྟ་ཁམས་མི་ཉག་ལ་མང་པོ་ཡོད། ལྒ་ནི་བོད་ཀྱི་རུས་ཆེན་ལྒ་ལས་མཆེད་པའི་མི་ཉག་གིས་ཡུན་རིང་
    བཟུང་བའི་ཡུལ་ལ་རུས་མིང་གིས་དེ་སྐད་གྲགས། མདོ་སྟོད་ཁམས་ཀྱི་མི་ཉག་རྒྱལ་པོའི་རྒྱལ་ས་ནི་དར་རྩི་
    མདོ་སྟེ། མི་ཉག་སྐད་དུ་དར་ནི་གོས་དར་དང་རྩི་ནི་སྨན་གྱི་དོན་ཡིན་པས། རྒྱ་བོད་བར་གོས་དར་དང་སྨན་
    རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་གྲགས། {{དུང་དཀར་ཚིག་མཛོད་ལས།}}. དེ་རྗེས་སྤྱི་ལོ་༡༢༤༠་
    ལོར། སོག་པོ་རྒྱལ་པོ་གོ་དན་གྱིས་བློན་པོ་དོར་ལྟ་ནག་པོ་བོད་དུ་མངགས་ཏེ། མདོ་སྟོད་དང་། མདོ་སྨད། སོག་
    ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་བསད་པ་དང་། ཁང་བ་མེར་བསྲེག་པ། རྒྱུ་ནོར་འཕྲོག་པ་སོགས་
    བསྲེགས་གསོད་འཕྲོག་གསུམ་བྱེད་བཞིན་དབུས་གཙང་དུ་ཐོན་ཏེ་རྭ་སྒྲེང་དགོན་པར་གནོད་པ་ཚབ་ཆེན་བཟོས།
    འཕན་རྒྱལ་ལྷ་ཁང་མེརབསྲེགས། ཉིན་གཅིག་ལ་གྲྭ་བ་ལྔ་བརྒྱ་ལྷག་དམར་གསོད་ཆེན་པོ་བྱས་། སྟོད་ལུང་འབྲི་
    ལུང་དགོན་འདི་ལོ་རྒྱུས་རིང་བའི་དབང་དུ་བྱས་ན་ཐོག་མར་གཉའ་ཁྲི་བཙན་པོའི་དུས་སྐབས་སུ་ཕྱག་བཏབ་པ་
    ཞིག་ཡིན། ཁྱད་པར་དུ་ལོ་རྒྱུས་སྨྲ་བའི་དབང་པོ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཚིག་
    མཛོད་ཆེན་མོ་ལས། “ཞང་སྟོན་མཆོད་ཁང་། སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་
    ཚོའི་ལྷོ་ངོས་རི་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་གཉའ་ཁྲི་བཙན་པོའི་
    སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས་(རྨེའུས)ཕྱག་བཏབཔའི་སྟོད་ལུང་ཞང་
    སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། ཞེས་གསལ་འདུག། རྗེས་སུ་སོག་བློན་དོར་རྟ་ནག་པོས་གཏོར་བརླགས་
    གཏོང་འདུག། བོད་ཁམས་ཡོངས་སུ་དགོན་པ་
    དང་སྡེ་གྲོང་ཧ་ཅང་མང་པོ་བསྲེགས་གཏོར་དང་སྐྱ་སེར་རྒན་གཞོན་བྱིས་པ་དང་བཅས་པ་བསྲེགས་གཏུབས་
    ཀྱི་བོད་ཡུལ་ཕྱེད་བརླགས་ཏུ་གཏོང་ནས་ཡ་ང་བའི་གནས་སྟངས་དེའི་ནང། སྡོད་གནས་ཀྱི་མཁར་དང་འཚོ་
    རྟེན་གྱི་ས་ཞིང་ཕྱུག་སོགས་ཚང་མ་ལ་ཧོར་དམག་གི་འཇིགས་པ་བྱུང་ནས་མུ་གེ་ཆེ་མོ་ཤར་ཞིང་མི་རྣམས་ཀྱི་
    སོག་ཚིག་དང་ཀོ་བ་སོགས་ཟ་དགོས་པའི་གནས་སྟངས་སུ་གྱར་འདུག། དེ་རྗེས་སྤྱི་ལོ་ ༡༢༥༣ ལོར་ཀུབ་ལའི་
    ཁཱང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་མངའ་རིས་དང་བཅས་པ་ཕུལ་རྗེས་བོད་དུ་
    ས་སྐྱས་དབང་བསྒྱུར་བྱས་པ་ནས་བཟུང་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་བརྩི་དགོས་པའི་བཀའ་ཕབ་སྟེ་བོད་
    ཀྱི་ལོ་གསར་ཧོར་ལུགས་ལྟར་གཏོང་སྲོལ་འདི་བྱུང་བ་ཡིན། བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་
    ཧོར་ཟླ་དང་པོ་ལ་ལོ་མགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད། དེ་ནས་བཟུང་རིམ་བཞིན་མདོ་དབུས་
    ཁམས་གསུམ་ས་ཁུལ་མང་ཆེ་བའི་ནང་ཧོར་ཟླ་དང་པོ་ལ་ལོ་སར་གཏོང་སྲོལ་གྱི་གཤིས་ངན་རྒྱུན་འབྱམས་
    སུ་སོང་བ་རེད། དུས་ཡུན་གང་འཚམས་སོང་རྗེས་ཧོར་ཟླ་དང་པོའི་ལོ་གསར་འདིས་བྱུང་རིམ་བོད་མི་མང་
    པོ་ཞིག་གི་ཤེས་ཀྱི་མེད། ཡག་ཉེས་ཀྱི་ལོ་རྒྱུས་ཅི་ཡང་ཧ་མི་གོ་བར་རྨོངས་འགྲོས་ཀྱི་ཧོར་ཟླ་དང་པོ་འདི་བཀྲ་
    ཤིས་པའི་དུས་ཚིགས་ཞིག་ལ་ངོས་འཛིན་བྱེད་མཁན་ཡང་མང་པོ་འདུག། ཧོར་ཟླ་དང་པོ་འདི་བཀྲ་ཤིས་པའི་
    དུས་བཟང་ཞིག་མ་རེད་། བོད་ཡུལ་ལ་སོག་པོས་ཁྲག་གི་འཁོར་ལོ་བསྐོར་ནས་བོད་ཤར་ཕྱོགས་ཀྱི་མངའ་སྡེ་
    ཞིག་འཇོམས་ཤིང་ཁོ་ཚོ་ལ་རྒྱལ་ཁ་ཐོབ་པའི་དགའ་སྟོན་རྟེན་འབྲེལ་བྱས་པའི་ཉིན་མོ་ཞིག་རེད། དེ་ང་ཚོ་བོད་
    པ་ཚང་ལ་མཚོན་ན་ལྟས་ངན་གྱི་དུས་ངན་ཞིག་ལས་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཞིག་མ་རེད། ལེགས་
    ཉེས་མི་ཤེས་པའི་བོད་མི་འདི་དག་ལ་བདག་གི་བསམ་དཀར་གྱི་དགྲ་གྲོགས་ལེགས་ཉེས་མི་འཛུར་བའི་ཕྱིར་
    དུ་བྲིས་པ་ཡིན།། དྲ་མིང་ཁ་བའི་ཡུལ་གྱར་བའམ། དངོས་མིང་གཡུང་དྲུང་བློ་གྲོས་ཀྱི་སྤྱི་ལོ་༢༠༡༥་ལོའི་ཟླ་བ་
    ༢་པའི་ཚེས་༥་ཉིན་བྲིས།

  2. སྤུ་གྲི་རེག་གཅོད། says:
    2015-02-07 at 1:12 am

    བཀྲ་ཤིས་བདེ་ལེགས།

  3. སྤུ་གྲི་རེག་གཅོད། says:
    2015-02-07 at 1:12 am

    བདེ་མོ་ཡིན་ནམ།

  4. ཇུས་ཏོག says:
    2015-02-07 at 9:19 am

    ལོ་འཁོར་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་ནས་་འཛམ་གླིང་གི་མི་ཚང་མས་་
    ཟླ་བ་དང་པོའི་ཚེས་,གཅིག་ལ་ལོ་ོ་གསར་(NEW .YEAR)..བཏོང་གི་ཡོད་རེད་དེ་བོད་པ་གཅིག་པོ་མ་རེད་ཚང་མ་རེད་།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-02-07 at 9:31 am

    བཙན་པོ་ཆོས་རྒྱལ་ཁྲི་རལ་སྐུ་བཀྲོངས་པ་ནས་བཟུང་བོད་སིལ་བུ་འཐོར་འགོ་ཚུགས་ཟིནད་པ་རེད་དོ།།

  6. ཇུས་ཏོག says:
    2015-02-07 at 9:43 am

    གླང་དར་མེད་ན་ད་ལྟ་འང་བོད་ལ་རྒྱལ་པོའི་ལམ་ལུགས་བསྡད་་ཡོད་པ་ངས་
    ཐག་གཅོད་ཐུབ་།
    གླང་དར་གྱི་བོད་ཀྱི་རྒྱལ་པོའི་ལམ་ལུགས་ལ་འཇུག་བསྡོམས་རྒྱབ་པ ་རེད་ལ་བོད་མི་གསར་བརྗེའི་ལག་ཁྱེར་་གནང་རྒྱུ་ཡོད་ན་གླང་་་དར་ལ་གནང་
    དགོས་པ་རེད་།ཧ་ཧ་ཧ ཨ་རོ་སྐུ་རྩེད་ཡིན་ད།

  7. སྤུ་གྲི་རེག་གཅོད། says:
    2015-02-07 at 11:38 am

    བོད་རྒྱལ་པོའི་ལམ་ལུགས་མཇུགས་བསྡོམས་ལ་མ་བསྡོམས་པར་བསྡད་འདུག། ས་སྐྱས་དང་ཕག་གྲུ་གཙང་སྡེ་ཚང་མའི་
    སྐབས་རྒྱལ་པོའི་ལམ་ལུགས་རེད། དེ་རྗེས་དགེ་ལྡན་པའི་སྐབས་དེ་དང་བཞིན་ཡིན་པས་མ་ཚད་དགེ་ལྡན་པའི་སྲིད་དབང་
    སྒེར་འཛིན་ལམ་ལུགས་རེད། བློ་སེང་སྲིད་སྐྱོང་སྐབས་རྒྱལ་པའི་ལམ་ལུགས་མཇུག་རྫོགས་ལ་མ་རྫོགས་པ་འདི་རེད།

  8. ཁ་བའི་ཡུལ་གྱར་བ། says:
    2015-02-07 at 11:50 am

    རྒྱ་ནག་གཞུང་གི་བོད་རང་བཙན་མིན་པའི་སྒྲུབ་བྱེད་གཙོ་བོ་ཡང་རྒྱལ་རབ་སྐབས་སུ་སོག་རྒྱལ་ཇེང་གེར་ཧན་ནས་བཟུང་བོད་སོག་པོའི་མངའ་ཞབས་ཡིན་པའི་སྒྲུབ་བྱེད་བཀོད་ཀྱི་ཡོད། སོག་པོའི་བོད་ཡུལ་གསོད་སྲེག་འཕྲོག་གསུམ་བྱས་པ་དག་དམྱལ་བ་མི་ཡུལ་ལ་འཕོས་པ་ནང་བཞིན་བྱུང་ཡོད་ཚུལ་ལོ་རྒྱུས་ནང་གསལ་།

  9. སྤུ་གྲི་རེག་གཅོད། says:
    2015-02-07 at 11:52 am

    སོག་པོ་སོག་པོ་མ་ལབ་བོད་ཡུལ་འཇོམས་པའི་བདུད་རེད།

  10. གངས་ཕྲུག། says:
    2015-02-07 at 12:05 pm

    སོག་དམག་བོད་ལ་སླེབས་ནས་བཟུང་བོད་ཀྱི་ཟང་ཟིན་ཡོད་ཚོད་སོག་པོ་དང་འབྲེལ་བ་ཡོད། བོད་ཁ་འཐོར་བཏང་མཁན་གྱི་ཕྱིའི་མི་རིགས་སོག་པོ་ལས་སྡུག་བ་ཞིག་བོད་ལ་བྱུང་མྱོང་མེད། དེ་ནས་རྒྱ་ནག་པོ་དང་དམར་པོ་རེད།

  11. BONPO says:
    2015-02-07 at 12:23 pm

    བོད་ཡུལ་དུ་གཏོར་བཅོམ་འདྲ་མིན་བྱེད་མཁན་སོག་པོ་དེ་ཚོ་མང་ཆེ་བ་སོག་པོའི་ཇག་ཚོགས་དུམ་བུ་དེ་འདྲ་ཡིན་ས་རེད། ཁོ་ཚོས་སྐབས་འགར་ཕན་ཡང་ཐོག། སྐབས་འགར་གནོད་སྐྱོན་ཡང་ཆེན་པོ་བཏང་ཡོད་པ་རེད། དེ་ཚོའི་སྐོར་བོད་པ་ཚོས་ཁངས་ར་ལོས་འདོན་ཆོག །
    སོག་པོ་ཚང་མ་ལ་བོད་ཡུལ་དུ་མི་གསོད་ཁྲག་སྤྱོར་བྱས་པའི་སྐྱོན་འགེལ་བྱས་ན་འགྲིག་གི་ཨ་ཡོད་ན། སོག་པོའི་ནང་དུ་ཆོས་ལུགས་འདྲ་མིན། འདོད་པ་འདྲ་མིན་ཀྱི་མི་སྤུས་མ་གསེར་འདྲ་བ་དེ་འདྲ་ཡང་མང་པོ་ལོས་ཡོད། །

    ཡང་གཅིག་བསམས་ན་སོག་པོའི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པ་དམག་དཔོན་དགའ་ལྡན་ཚེ་དབང་ཞུ་བ་དེས་མགོ་འཁྲིད་ནས། ལ་དྭགས་ལ་འཚེ་མེད་ཞི་བའི་དམག་མ་བརྒྱབས་ན་སྟོད་མངའ་རིས་ཕལ་ཆེར་དེང་སང་རྒྱ་གར་འཕགས་པའི་མངའ་ཁོངས་སུ་གྱུར་ཡོད་ཉེས་འདུག ཏོག་ཙམ་མ་གཏོགས་གངས་རིན་པོ་ཆེ་དང་མཚོ་རིན་པོ་ཆེ་དེ་ཚོ་ཨོམ་མ་ནི་པད་མེ་ཧུང་ཆགས་གྲབ་བྱས་འདུག་བ། །
    གང་ལྟར་སོག་པོ་ཚང་མ་ལ་དབྱུག་གེ་ལེབ་བརྡུང་མ་གནང་རོགས་ཟེར་ནས་ཞུ་འདོད་པ་ཡིན། སོག་པོའི་ནང་དུ་བོན་པོ་ཡང་མང་པོ་ཡོད། དེ་བཞིན་དེང་སང་ཆོས་ལུགས་འདྲ་མིན་སྣ་ཚོགས་པ་མང་ཡོད་པ་རེད། །

  12. བོད་ཁམས་སྡེ་ says:
    2015-02-07 at 12:24 pm

    ཁ་བའི་ཡུལ་གྱར་དང་སྤུ་གྲི་རེས་གཅོད་གཉིས་མི་གཅིག་ཡིན་ནམ་།

  13. ཁྱུང་སེ། says:
    2015-02-07 at 12:24 pm

    བོད་ཀྱི་ལོ་རྒྱུས་གོད་ཆག་འབྱུང་རྐྱེན་གཙོ་བོ་ནང་དགྲ་རེད་་་དེ་ཡང་ཆོས་ལུགས་མི་སྣས་བྱས་པ་རེད། རང་ཉིད་ཀྱི་ཆོས་ལུགས་དར་སྤེལ་སྲ་བརྟན་གཏོང་ཆེད་དུ་རྒྱལ་ཁབ་གཞན་གྱི་དམག་སྣ་ནང་དུ་གདན་འདྲེན་ཞུས་པ་ཤ་སྟག་རེད། འོན་ཀྱང་དབང་ཆ་ཆེ་ཆུང་གི་དབང་གིས་ཞྭ་དམར་ལས་གོར་དམག་སྣ་འདྲེན་བྱས་རེད་ཟེར་ནས་བོད་དུས་འགྱུར་མ་བྱུང་བའི་གོང་དུ་ཞྭ་དམར་པའི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པར་བྱས་པ་རེད་བཙན་བྱོལ་དུ་འབྱོར་ནས་ཀྱང་ཞྭ་དམར་རིན་པོ་ཆེར་བོད་མི་ཚོས་ལྟ་སྟངས་ལེགས་པོ་བྱས་མེད། ངོ་ཐོག་བྱས་ན་སོག་དམག་དང་རྒྱ་དམག་ཧོར་དམག་ལས་སོགས་ནང་དུ་གདན་དྲངས་མཁན་ཚང་མ་ཆོས་བྱེད་མི་སྣ་དང་་་་ཅོ་རིའི་སྐད་དུ་གེར་སྤྱོད་རིང་ལུགས་པ་དང་བྲན་གཡོག་ལམ་ལུགས་དང་སྲིད་དབང་སྒེར་འཛིན་པ་དེ་ཚོས་བྱས་པ་ཤ་སྟག་རེད།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-02-07 at 1:46 pm

    འདས་པ་ཐམས་ཅད་དྲན་པའི་ཡུལ། །
    ད་ལྟ་སྐུ་ཚབ་སོག་རིགས་བསྐོས། །
    མ་འོངས་བོད་སོག་གཅིག་འགྱུར་དགོས། །
    རྔ་ལ་དཔག་པའི་འཆམ་འཕག་དགོས། །

  15. སྤུ་གྲི་རེག་གཅོད། says:
    2015-02-07 at 3:58 pm

    སོག་པོ་ནང་ཆོས་ལུགས་ག་རེ་ཡོད་རེད་ལབ་ཀྱི་མེད། ཆོས་ལུགས་ག་རེ་ཡིན་ཡང་གཙོ་བོ་བོད་མི་རིགས་ལ་གནོད་པ་བྱེད་མཁན་ཞིག་ཡིན་ན་དེ་བོད་མི་རིགས་ཀྱི་དགྲ་བོ་རེད། དཔེར་ན་འཛམ་གླིང་ཐོག་བོད་ལ་སྔ་ཕྱི་བར་གསུམ་དགྲ་བཟོ་མཁན་སྡུག་ཤོས་སོག་པོ་དང་རྒྱ་ནག་གཉིས་རེད། བོད་ཁམས་སྡེ་དགེ་ལགས་། ངས་གོང་གི་རྩོམ་དེ་སྐད་འཕྲིན་ནང་ནས་བླང་བ་ཡིན། ཁ་བའི་ཡུལ་གྱར་བ་ང་གཉིས་གཅིག་པ་ངོས་འཛིན་བྱེད་མིན་ཁྱེད་རང་གི་དོན་དག་རེད། དེ་ལ་ངས་གསལ་བཤད་ཞུ་ཡ་མེད།

  16. ཇུས་ཏོག says:
    2015-02-07 at 10:11 pm

    །འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
    མ་འོང་མདུན་བསུ་བྱེད་པ་རྒན་འཁོག་བློ་།
    ད་ལྟ་ལག་ལེན་བལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ་།

  17. ཇུས་ཏོག says:
    2015-02-07 at 10:32 pm

    རྒྱལ་པོའི་ལམ་ལུགས་ཟེར་བ་དེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ལ་གོ་དགོས་པ་རེད་། ལུང་ཆུང་རེ་ལ་དཔོན་ཆུང་ཡོད་ཚད་དང་བླ་སློབ་ཆོས་ཡོན་འབྲེལ་བའི་རིགས་ལ་རྒྱལ་པོའི་མིང་གོ་གནས་ཆེ་མཐོང་སོགས་ནམ་ཡང་རག་གི་མ་རེད་། བློ་སེང་མང་གཙོའི་འགོ་འཁྲིད་རེད་འོོས་་བསྡུའི་ལམ་ནས་་བསྐོས་པ་རེད་། ཤེས་སོང་ངམ་དྲ་གྲོགས་ཚོ་།

  18. སྤུ་གྲི་རེག་གཅོད། says:
    2015-02-08 at 12:07 am

    རྒྱལ་པོ་སྲིད་འཛིན་གང་ཡིན་ཡང་རྒྱལ་ཁབ་གང་ཡིན་པ་དེའི་སྤྱི་ལ་དབང་བ་ཞིག་རེད། མི་འདྲ་ས་དེ་རྒྱལ་པོ་ཡིན་ན་རྒྱལ་ཁབ་ཀྱི་དོན་དག་རང་ཉིད་གཅིག་པུས་རང་སྣང་གང་དྲན་ཐག་གཅོད་བྱེད་པའི་དབང་ཚད་ཡོད་པའི་ཐོག། ཆོས་རྒྱུད་དང་ཁྱིམ་ཚང་བྱེ་བྲག་པ་ཞིག་གི་སྲིད་དབང་སྒེར་བདག་བྱེད་མཁན་གྱི་རིང་ལུགས་པ་དག་ལ་རྒྱལ་པོའི་རིང་ལུགས་ཟེར།

  19. སྤུ་གྲི་རེག་གཅོད། says:
    2015-02-08 at 12:16 am

    བོད་གཞུང་ངོས་ནས་སོག་པོ་ལ་ག་དུས་ཡིན་ཡང་དམིག་གསལ་མཐོང་ཆེན་གནང་གི། རྗེས་སུ་རྒྱ་མི་ལ་ཡང་མཐོང་ཆེན་བྱེད་ཤས་ཆེ།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-02-08 at 12:32 am

    རྒྱ་བོད་ཧོར་གསུམ་གཅིག་ཏུ་མཐུན་པའི་དུས། །
    རྒྱ་བོད་ཧོར་གསུམ་གཅིག་འོག་གཅིག་དབང་དུས། །
    རྒྱ་བོད་ཧོར་གསུམ་ཡ་བྲལ་སྡོད་པ་ལས། །
    རྒྱ་བོད་ཧོར་གསུམ་མཐུན་འབྲེལ་བཙུགས་ན་ལེགས། །

  21. ཀརྡོ་གཉེར་ཕྱག་པ་ says:
    2015-02-08 at 7:40 am

    མ་འོངས་རྒྱལ་གར་རྒྱལ་སར་བོད་ཀྱི་དོན་གཅོད་ལོ་ཆེན་རིན་པོ་ཆེ་མཆོག
    https://www.facebook.com/UNFFT/photos/a.333916994824.145934.331825884824/10152776729869825/?type=1&theater

  22. ས་མཐའི་མིག་ཆུ། says:
    2015-02-08 at 2:21 pm

    འདི་གུང་ཁྲན་ཏང་གི་གསར་འགྱུར་ཡིན་པ་འདྲ། ཉེ་ཆར་དཀྲོག་ཤིང་གི་མགོ་གཙོ་བྲ་གཡབ་བླ་མར་སྐད་ཆ་དྲིས་པའི་གཏམ་འཆལ་འདི་ལ་ལན་གསལ་པོ་ཞིག་དགོས་ཡོད་དེ་མིན་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པར་སྨྲ་འབེབས་བྱས་པ་དེ་དུས་ནམ་ཡང་བཟོད་ཐབས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme