Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་གླེང་བ།

Posted on 2010-02-11 By དགེ་རབ་ 6 Comments on ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་གླེང་བ།

སྙན་བཟང་གཡུང་དྲུང་ཚེ་རིང་།

tintinautibettibetainཏིན་ཏིན་(ཀྲིན་ཀྲིན)བོད་པ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་ནི་ཡུ་རོབ་རྒྱལ་ཁབ་བྷེལ་རྗམ་གྱི་ཧར་རྗེ་ཟེར་བ་ཞིག་གིས་བྲིས་ཤིང་། ༡༩༥༨ལོར་བྷེལ་རྗམ་དུ་དཔར་སྐྲུན་བྱས་པ་ཞིག་རེད། བརྙན་དེབ་འདི་དཔར་སྐྲུན་བྱས་ནས་ད་ལྟའི་བར་དེབ་གྲངས་ས་ཡ་མང་པོ་བཀྲམས་ཤིང་། དེབ་འདིའི་འགྱུར་ཡང་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་ཡོད་ཅིང་། ཡིན་ན་ཡང་། སྐུ་ཞབས་ཧར་རྗེ་ལགས་ཀྱིས་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་གཅིག་པུ་བྲིས་ཏེ་སྙན་གྲགས་རྒྱས་པ་ཞིག་མིན་འདུག ཏིན་ཏིན་ཞེས་པའི་བྱིས་པ་ཆུང་ཆུང་ཞིག་དང་ཁྱི་དཀར་པོ་གཉིས་གཙོར་བཞེངས་ཀྱིས་ཏིན་ཏིན་ཟླ་བའི་ཐོག་ཏུ་ཕྱིན་པ། ཏིན་ཏིན་ཨ་མི་རི་ཀར་ཕྱིན་པ་སོགས་སྣ་ཚོགས་སུ་ཡོད་ཀྱང་། དེབ་འདིའི་རྩོམ་པ་པོ་སྐུ་ཞབས་ཧར་རྗེ་ལགས་ཀྱིས་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་ནི་བརྙན་དེབ་གཞན་པ་ཁག་ལས་དམིགས་བསལ་བ་ཞིག་དང་། ང་རང་དགའ་སྣང་ཆེ་ཤོས་ཀྱི་བརྙན་དེབ་གཅིག་པུ་དེ་ཡིན་ཞེས་གསུངས། ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་བོད་ཅེས་པའི་ཐ་སྙད་འདི་ཡང་གསར་དུ་ཤེས་པར་གྱུར། ནུབ་ཕྱོགས་པ་ཚོས་བོད་ཟེར་ནའང་འདྲ། ཧི་མ་ལ་ཡའི་རི་རྒྱུད་དུ་མི་རྒོད་ཟེར་བའི་སེམས་ཅན་འཇིགས་སྣང་ཙན་ཞིག་ཡོད་པ་ལ་མཚར་སྣང་སྐྱེས་པའི་ལོ་རྒྱུས་བྱུང་ཡོད་པ་འདྲ། ཕྱིས་སུ་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་འདི་རྒྱ་ནག་གི་སྐད་དུ་བསྒྱུར་པ་དང་། སྐབས་དེར་དེབ་མིང་བཟོ་བཅོས་ཀྱིས་ཏིན་ཏིན་ཀྲུང་གོའི་བོད་དུ་ཕྱིན་པ་ཞེས་པའི་དེབ་མིང་གསར་པ་ཞིག་ཀྱང་བཏགས་འདུག
བརྙན་དེབ་འདིའི་བརྗོད་བྱ་ནི་ཐོག་མར་སྐུ་ཞབས་ཧར་རྗེ་ལགས་ཀྱིས་རྟོགས་བཟོའི་རིག་པ་ལ་བརྟེན་ནས། ཐོག་མར་དཔའ་ངར་ལྡན་པའི་ཏིན་ཏིན་ཞེས་འབོད་པའི་བྱིས་པ་ཆུང་ཆུང་ཞིག་དང་། ཏིན་ཏིན་གྱི་རྗེས་གར་སར་འདེད་མཁན་གྱི་ཁྱི་དཀར་པོ་ཆུང་ཆུང་ཞིག ཧ་སྒྲོ་ཁུ་ཟེར་བའི་མི་སྣ་རྒན་པ་ཞིག་གསར་སྐྲུན་བྱས་ཏེ། ཉིན་ཞིག ཏིན་ཏིན་དང་ཁྱི་དཀར་པོ་གཉིས་གུང་གསེང་ནས་ཕྱིར་ལོག་དུས། ཏིན་ཏིན་གྱི་གྲོགས་པོ་ཧ་སྒྲོ་ཁུས་བལ་ཡུལ་དུ་གནམ་གྲུ་ཞིག་གངས་ཁྲོད་དུ་ཟགས་པའི་གསར་འགྱུར་བཤད་པ་དང་། ཉིན་དེར་ཏིན་ཏིན་གྱི་རྨི་ལམ་ནང་དུའང་གྲོགས་པོ་རྙིང་བ་ཆཱང་རྨིས་པ་དང་། རྨི་ལམ་ནང་དུ་ཆཱང་གིས་ཏིན་ཏིན་ལ་རོགས་པ་བྱེད་དགོས་པའི་རེ་བ་བཅངས་བཞིན་ཡོད་པ་འདིས། ཏིན་ཏིན་གྱིས་བློ་གཅིག་སེམས་གཅིག་གིས་བལ་ཡུལ་དང་། བལ་ཡུལ་ནས་གངས་ཁྲོད་དུ་གྲོགས་པོ་ཆཱང་འཚོལ་བར་འགྲོ་རྒྱུར་ཐག་བཅད་པ་དང་། ཁོང་དང་མཉམ་དུ་ཁྱི་དཀར་པོ་དང་གྲོགས་པོ་ཧ་སྒྲོ་ཁུ་གཉིས་ཀྱང་མཉམ་བསྐྱོད་གནང་། གློ་བུར་དུ་གངས་ཁྲོད་ཀྱི་ཁོང་གསེང་ཞིག་ནས་གྲོགས་པོ་རྙིང་བ་ཆཱང་རྙེད་པ་དང་། དེ་ནས་ནང་པའི་དགོན་པ་ཞིག་དང་མཇལ་བ། དེ་གའི་དགེ་སློང་ཚོས་རེ་ཞིག་དཀའ་ངལ་ནང་དུ་ལྷུང་བའི་ཏིན་ཏིན་གྱི་སྲོག་བསྐྱབས་ཤིང་། རྗེས་ནས་གངས་ཁྲོད་དུ་མི་རྒོད་(མི་དྲེལ)ཅིག་དང་གདོང་ཐུག་བརྒྱབ་པའི་སྐོར་སོགས་རི་མོ་དང་མཉམ་དུ་བྲིས་བསྡེབས་ཀྱིས་མཇུག་གྲུབ་པར་བྱས་པ་ཞིག་རེད།
ཉེ་ཆར་ངས་ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་བོད་འགྱུར་མ་ཞིག་མཐོང་བ་དང་། ངས་རང་གི་བུ་ཆུང་ལ་བསམས་ཏེ་བརྙན་དེབ་བོད་འགྱུར་མ་འདི་ཉོས་ཤིང་། བོད་འགྱུར་མ་འདི་སུས་བསྒྱུར་པ་དང་དེའི་གོ་རིམ་སོགས་ལ་གསལ་ཁ་ཅི་ཡང་བཏོད་མི་འདུག་ལ། བརྙན་དེབ་ཀྱི་གཤམ་དུ་ཀས་ཏར་མན་ཞེས་པའི་མིང་ཞིག་ཡོད་པ་འདི། ངས་མི་མིང་ཡིན་ནམ་ས་མིང་ཡིན་མིན་གྱི་དབྱེ་བའང་མ་ཤེས། རྩད་གཅོད་ཀྱང་བྱས་མེད། བརྙན་དེབ་ཀྱི་ཁ་ཕྱེ་ནས་མགོ་ནས་མར་བྐླགས་པ་ཡིན། འགྱུར་འདིའི་རྩོམ་གཤིས་ལ་བརྟགས་ན་བོད་པ་ཞིག་གི་རྩོམ་གཤིས་མིན་པའི་ཐོག རྩོམ་གཤིས་མི་ལེགས་པ་དང་། བརྡ་སྤྲོད་ཀྱི་ནུས་པ་ཤོར་བ། དུས་གསུམ་གྱི་རྣམ་གཞག་འཁྲུགས་པ། སྐད་ཆའི་སྒྱུ་རྩལ་ཞན་པ་སོགས་མཐོང་དུས།
སེམས་མི་སྐྱིད་པའི་ཐོག མུ་མཐུད་དུ་ྐློག་པ་ལ་ཡི་ག་འགག་པར་གྱུར། དེ་ནས་མགོ་དང་དཀྱིལ་དང་མཇུག་ནས་བམ་ྐློག་རེ་བྱས་ནས་མཇུག་གྲུབ་པར་བྱས། ངས་ྐློག་ཞོར་དུ་ཐོ་འགོད་འགའ་བྱས་པ་ནི། དཔེར་ན། ཁྱི་རྒན་སྤངས་བཞག ཁྱི་ལ་མིང་འདི་འདྲས་བཏགས་ཡག་གི་བསམ་བློ་ཆོ་མེད། བརྙས་མ་རྐོ་དང་། ངས་ཁྱེད་རང་གཉིས་ཡ་གིར་ག་རིའི་དོན་ཕེབས་ཡོད་ཟེར། མེ་མེད་ཁྱུར་བཏང་བ་བཞིན་ཁ་འཚིག་སོང་། ང་འཚལ་གནང་གི་ཡོད་པ་འདྲ། ངས་མི་ཤི་ཚར་བ་ཅིག་གི་དོན་དག་ལ་ཁྱེད་རང་གི་སྲོག་བྱས། དམྱལ་ལའི་ཕྱི་རྒན་ཚད་བཙུགས། ང་ཁྱེད་རང་ལ་ག་ལེར་བཞུགས་ཟེར་ཀ་ ཡོང་ཡིན། ཡིན་ནའི་ཁྱེད་རང་གིས་རྡོག་སྒྲིལ་ག་རེ་རེད། ང་མར་འདྲེད་ཏག་ཤོར་ནས་ཟུར་ཅོག་ལ་ཟགས་སོང་ སྟབས་ཡག་ག་ཞིག་དེར་ར་གེ་རོ་གེ་མི་འདུག ཆཱང་གིས་མིང་ཨས། དེ་ཡིན་ན་ཁྱེད་རང་བདེན་པ་དོན་པ་རེད། ང་ཁོ་ལ་ཞེད་ཨས། ངས་ཁོ་ལ་བྱེའུ་དཀྲོག་ཡ་གསོབ་གཟུག་དེ་བསྟན་ཆོག དེ་ག་རང་། སྤར་རྒྱབ་ཡ་མ་རྗེད་བ་གྱིས། གནམ་གྲུ་ཕར་ཚུར་དཔེ་རང་གཡུགས་གིས། ཟེར་བ་སོགས་བགྲང་གིས་མི་ལངས་སྟབས། སྐད་གྲགས་ཅན་གྱི་བརྙན་དེབ་འདི་འདི་ལྟར་བྱས་ཏེ་བསྒྱུར་བ་ཡོད་པ་ལ་བློ་ཕངས་པ་ཞིག་བྱུང་།
སྤྱིར་བརྙན་དེབ་འདིའི་རིགས་སུ་གྱུར་པ་དག་ལ་ནུབ་ཕྱོགས་ཀྱི་བྱིས་པ་ཚོས་སྤྲོ་སྣང་བྱེད་ཀྱི་འདུག་ལ། མཚར་ཉམས་དང་བཅས་ཏེ་ཡང་ཡང་ྐློག་གིན་ཡོད། ང་ཚོའི་བོད་པའི་བྱིས་པ་ཚོ་ཡང་དེ་བཞིན་ལས་མ་འདས་ནའང་། ང་ཚོར་བརྙན་དེབ་ཁ་ཤས་ཤིག་མ་གཏོགས་མེད། སྐལ་བཟང་མཁས་གྲུབ་ལགས་ཀྱིས་བྱིས་སྒྲུང་བྲིས་པའི་ནང་དོན་རེ་རེར་གཞིགས་ཏེ། བོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཅན་ཚེ་དོན་གྱིས་རི་མོ་སྦྱར་བའི་བརྙན་དེབ་དེ་དག་རེད། སྐབས་འདིར། ངའི་སེམས་ལ་ནུབ་ཕྱོགས་ལུང་པར་མཚོན་ན་བྱིས་པ་ཚོར་རྩོམ་པ་པོ་ཡོད་པ་རེད་ལ། བྱིས་སྒྲུང་འབྲི་མཁན་གྱི་རྩོམ་པ་པོ་ཡོད། ད་དུང་བྱིས་སྒྲུང་སྒྱུར་མཁན་གྱི་ཆེད་ལས་པའང་ཡོད། ཕྱག་ལས་འདི་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་གོས་གཏམ་གསུམ་སོགས་ཀྱང་བདེ་བླག་ཏུ་ཡོད་པ་སོགས་ཀྱང་དྲན་བྱུང་།

རྩོམ་རིག

Post navigation

Previous Post: བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཆབ་སྲིད་ཚིག་སྦྱོར་འགའ་ལ་དཔྱད་པ།
Next Post: ང་མྱི་མ་རེད། མྱི་འབག་ལ་འཁེན་འདུག

Comments (6) on “ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་གླེང་བ།”

  1. གཅན་བཟོད་རྒྱམ། says:
    2010-02-12 at 1:11 am

    སྙན་བཟང་བས་ཏིན་ཏིན་བོད་ལ་ཕྱིན་པའི་བརྙན་དེབ་ངོ་སྤྲོད་བྱས་བར་དགའ། ད་ཏིན་ཏིན་བོད་ལ་ཕྱིན་པའི་བརྙན་དེབ་སྒྱུར་གནང་ན་ཅི་འདྲ་རེད། ཕ་རེ་སི་ན་དེ་སྒྱུར་བའི་དུས་ཚོད་ཁོམ་པ་ཨེ་ཡོད་དམ།

  2. མདའ་ཚན་པ། says:
    2010-02-12 at 9:48 am

    དེ་བསྒྱུར་ཚར་ཡོད་པ་རེད།

  3. lala says:
    2010-02-12 at 1:04 pm

    ཏིན་ཏིན་བོད་དུ་ཕྱིན་པའི་འགུལ་རིས་གཟིགས་འདོད་ཡོད་ན། འདི་ན་འདུག
    http://www.youtube.com/watch?v=6dRIFCsX24k&feature=related

  4. ཀརྨ་རྡོ་རྗེ་ says:
    2010-02-12 at 8:41 pm

    བོད་ཀྱི་ཊིན་ཊིན།

    ཊིན་ཊིན་རྗེས་འདེད་ཕྱི་གླིང་ཁྱི་དཀར་ཡ་མེད་དེ། །
    བོད་ཀྱི་ལྷ་སའི་ཨབ་སོག་མོ་དང་དགའ་གྲོགས་ཆགས། །
    རྒྱ་ཡི་སེང་ཁྱི་སྣ་ལེབ་ཁྲོ་ལང་ཕྲག་དོག་གིས། །
    ཊིན་ཊིན་བོད་ལ་མ་བསླེབ་རྒྱ་རུ་བསླེབས་ཞེས་བཅོས། །

    བྱིས་སྒྲུང་ནང་ལ་རྒྱ་གཡོ་ཐོན་པ་ཧ་ཧ།

  5. ཟླ་བ་གཞོན་ནུ། says:
    2010-02-13 at 10:22 am

    དེབ་དེ་མཐོང་མྱོང་ཡང་བཀླགས་མྱོང་མེད། ད་ཐེངས་གཅིག་མ་བཀླགས་ན་འགྲིག་མ་སོང༌།

  6. མི་རྐང་གླིང་བུ། says:
    2010-02-13 at 12:42 pm

    བརྙན་དེབ་འདིས་ངའི་ཡིད་དབང་འཕྲོག་མྱངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme