Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མའི་ཡང་སྲིད་དང་ང་ཚོའི་འགན་འཁྲི།

Posted on 2011-11-022011-11-02 By ཤར་ཕྱོགས་ཁུག་རྟ། 6 Comments on ཏཱ་ལའི་བླ་མའི་ཡང་སྲིད་དང་ང་ཚོའི་འགན་འཁྲི།

དམེ་ཤུལ་འཇིགས་མེད་འོད་ལྡན།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་གྱི་བཀའ་ཡིག་ཡོངས་ཁྱབ་ཏུ་བསྒྲགས་པའི་རྗེས་སུ་རྒྱ་ནག་དབུས་གཞུང་གིས་ཡ་ང་ངོ་ཚ་མེད་པའི་སྲིད་བྱུས་གཏན་འབེབས་ཀྱིས་རྒྱལ་སྤྱིའི་མང་ཚོགས་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་མགོ་སྐོར་བསླུ་བྲིད་བྱ་རྒྱུའི་བྱུས་ངན་བསྒྲགས་གཏམ་རིམ་པར་སྤེལ་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་ཁོ་བ་ཚོས་ཆབ་སྲིད་ལག་ཆ་རུ་བེད་སྤྱོད་གཏོང་འདོད་གྱི་ཧམ་སེམས་བཅངས་ཡོད་པ་མཐོང་ཆོས་སུ་གྲུབ་ཡོད། དེའི་ཕྱིར། འུ་ཅག་བོད་མི་ས་ཡ་དྲུག་དང་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡོངས་ཀྱི་འཕྲད་ཕུགས་རྒྱངས་གསུམ་གང་ལ་བལྟས་ཀྱང་སྐྱབས་མགོན་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་རྒྱ་ནག་དབུས་གཞུང་གིས་ཐེ་བྱུས་བྱེད་མི་འཇུག་རྒྱུ་ནི་འུ་ཅག་བོད་པ་ཚང་གི་འགན་འཁྲི་རེད།
འགན་འཁྲི་འདི་ཇི་ལྟར་བསྒྲུབ་ན་ད་བཟོད་སྒྲུབ་ཐུབ་བམ་ཟེར་ན། དེ་ནི་རྒྱལ་སྤྱིའི་མང་ཚོགས་ནང་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་པའི་ཚོགས་སྡེ་ཁག་དང་བོད་ཀྱི་བཀའ་ཤག་སྲིད་གཞུང་གཉིས་ལ་རག་ལས་བ་རེད།
གང་གིས་ཞེ་ན། གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ནང་པ་སངས་རྒྱས་ཀྱི་ ཆོས་འདི་ལ་ནང་ཆོས་ཀྱི་ཉམས་ལེན་གྱི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག ཚན་རིག་གི་སྡེ་ཚན་གཅིག་བཅས་སྡེ་ཚན་ཆེན་པོ་གསུམ་དུ་བགར་ནས་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་ངོ་སྤྲོད་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་གོ་སྐབས་དམ་འཛིན་གྱིས་རྒྱལ་སྤྱིའི་ནང་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་པའི་ཚོགས་སྡེ་ཁག་མཛའ་མཐུན་མཉམ་སྡེབས་ཀྱིས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྤྱི་ཁྱབ་དབུ་ཁྲིད་དུ་ཁས་ལེན་བྱེད་རྒྱུ་ནི་གནད་གཅིག་རེད། བོད་གཞུང་བཀའ་ཤག་དང་ལྷག་པར་དུ་ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱལ་སྤྱིའི་ནང་པའི་ཚོགས་སྡེ་ཁག་དང་འབྲེལ་འདྲིས་ཀྱིས་བགྲོ་གླེང་གནང་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྤྱི་ཁྱབ་དབུ་ཁྲིད་དུ་ཁས་ལེན་བྱས་པའི་རྒྱལ་སྤྱིའི་ཁྲིམས་མཐུན་ཡིག་ཆ་འཇོག་གནང་མཛད་རྒྱུ་ནི་གནད་གཉིས་བ་རེད། གལ་སྲིད་ཏཱ་ལའི་བླ་མ་མཆོག་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་དབུ་འཁྲིད་དུ་བསྐོ་འཇོག་ཐུབ་པ་ཡིན་ན། རྒྱ་ནག་ལྟ་བུའི་རྒྱལ་ཁབ་བྱེ་བྲག་པ་ཅིག་དང་ལུང་ཚན་བྱེ་བྲག་པ་སུ་ཞིག་གིས་ཐེ་བྱུས་བྱེད་མི་ཐུབ་པ་ཡེ་ཤུ་བླ་ཆེན་ལྟ་བུའི་གསལ་བཤད་བྱས་ཡོད་པ་རེད། འོན་ཀྱང་ང་ཚོས་བྱེད་ཐབས་འདི་བསྒྲུབ་མ་ཐུབ་པ་ཡིན་ན་གོང་ས་མཆོག་གིས་ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞེས་གསལ་བོར་གསུང་ཡོད་ན་ཡང་རྒྱ་ནག་སྲིད་གཞུང་ནས་རྩིས་མེད་རྡོག་བསྒྲིལ་བཏང་སྟེ་རང་འདོད་ལྟར་ཏཱ་ལའི་བླ་མའི་ཡང་སྲིད་རྩད་གཅོད་ཚོགས་ཆུང ཆེད་འཛུགས་ཀྱིས་་རྒྱལ་བའི་ཡང་སྲིད་ཁྲི་འདོན་མཛད་དེ་ཆབ་སྲིད་ལག་ཆ་རུ་བེད་སྤྱོད་བྱེད་རྒྱུ་ནི་ད་ལྟའི་པན་ཆེན་བླ་མའི་ཡང་སྲིད་ཀྱིས་ང་ཚོར་ར་སྤྲོད་བྱས་ཡོད་པ་རེད། དེས་ན་འུ་ཅག་བོད་མི་ས་ཡ་དྲུག་དང་རྒྱལ་སྤྱིའི་ནང་པའི་ཚོགས་སྡེ་ཁག་སྟོབས་ཤུགས་གཅིག་བསྒྲིལ་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་ཡང་སྲིད་ཆོས་ལུགས་ཀྱི་དབུ་འཁྲིད་བྱེད་འཇུག་རྒྱུ་འམ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་འཇུག་མིན་གྱི་འདམས་ཀ་བྱེད་རྒྱུ་ནི་འུ་ཅག་གི་འགན་འཁྲི་རེད།

རྩོམ་རིག

Post navigation

Previous Post: གཉོམ་དུང་དུང་གི་ཀ་མད་སུམ་ཅུ། བག་འཁུམ་འཁུམ་གྱི་བོད་ལྟ་བོད་ལུགས།
Next Post: སེང་གེའི་བཀའ་ཤག་གི་མདུན་ལམ།

Comments (6) on “ཏཱ་ལའི་བླ་མའི་ཡང་སྲིད་དང་ང་ཚོའི་འགན་འཁྲི།”

  1. པདྨ says:
    2011-11-02 at 8:04 am

    ཁུག་རྟ་ཁྱེད་ཚོས་རང་ཁ་གསོ་ཐབས་ཁོ་ནས་ཆེད་དུ་ཏྰ་ལས་བེད་སྤྱོད་ལས་བོད་ཡུལ་རང་གནས་སུ་རྒྱ་ནག་གཞུང་གི་ངོས་འཛིན་བྱས་ན་མི་དགའ་འམ།

  2. ལྷ་མོ་སྐྱབས། says:
    2011-11-02 at 9:32 am

    གནམ་འགོ་སངས་རྒྱས་ཆོས་ལུགས་པ་ཡོངས་ཀྱི་དབུ་ཁྲིད་དོན་གྱིས་ཆགས་ཚར་ཡོད། འོན་ཀྱང་ཁྲིམས་དོན་ཡིག་ཆ་ལྟ་བུ་ཞིག་ཀྱང་ཡག་པོ་རེད། ཡིན་ཡང་དེ་ནི་ང་ཚོའི་ཆོས་ཚོགས་དང་ཆོས་དད་པ་ཡོངས་ཀྱིས་དམིགས་བསལ་ཚོགས་ཆེན་བསྐོང་ཚོགས་གནང་ནས་གྲོས་ཆོད་འཇོག་དགོས་པ་ཞིག་རེད། དེ་ལ་རྒྱལ་ཁབ་གཞན་དག་གིས་ཀྱང་རྒྱབ་སྐྱོར་འཚོལ་འོས།
    བདག་གི་བསམ་ཚུལ་ལ་༸གོང་ས་མཆོག་འཛམ་གླིང་གི་ཡིད་བཞིན་ནོར་བུ་ཆགས་ཚར་བ་དང་ལྷག་པར་ནང་པའི་དབུ་ཁྲིད་ཅིག་ཀྱང་རང་བཞིན་གཊྱིས་ཆགས་ཚར་བས་ཁོང་གིས་ཅི་གསུངས་ལས་ལྷག་ཅིག་གི་ནུས་པ་ཐོན་དཀའ་སྙམ།
    གལ་ཏེ་རྒྱ་གཞུང་ཡང་རྦད་དེ་བླུན་རྨོངས་རང་མིན་ན་ད་ནི་ཡང་བསྐྱར་ཡང་སྲིད་བེད་སྤྱོད་ཀྱིས་བོད་མིའི་མགོ་གནོན་ཐབས་བྱེད་མི་སྲིད་དེ། དེས་ཁོ་རང་ཚོར་ཕན་གནོད་གང་ཆེ་གསལ་བོ་མཐོང་གིན་ཡོད།
    དེས་ན་ང་ཚོའི་སྐབས་སུ་བབས་པའི་རེ་བ་ཆེ་ཤོས་དེ་ཡིད་བཞིན་ནོར་བུ་ཐེ་ཝན་དང་ཞང་ཀང་དེ་བཞིན་ཕྱི་སྡོད་རྒྱ་རིགས་མང་པོར་གསུང་ཆོས་གནང་ནས་རིམ་པས་རྒྱ་ནག་ནང་ནས་གདན་འདྲེན་ཞུ་མཁན་གང་མང་ཡོང་རྒྱུ་དེ་རེད།

  3. དཔའ་ཆེན། says:
    2011-11-02 at 6:58 pm

    ང་ཚོའི་རེ་བ་ཆེ་ཤོས་དེ་༸གོང་ས་མཆོག་གི་ཡང་སྲིད་དེ་རྒྱ་ལག་ཏུ་མ་ཤོར་བ་ཞིག་དང་། རྒྱའི་བེད་སྤྱོད་འོག་མ་འགྲོ་བ་ཞིག་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།
    ཉིད་ཀྱིས་གསུང་པ་ལ་བདེན་པ་ཆེན་པོ་འདུག འོན་ཀྱང་། ཉེ་སྔོན་ཆོས་བརྒྱུད་ཚོགས་འདུའི་སྟེང་༸གོང་ས་མཆོག་གིས་བཀའ་ལུང་གཏན་ཚིགས་ཆེན་མོ་ཕེབས་ཡོད་པས་ད་དུང་ཅུང་སྒུག་དགོས་པ་འདྲ

  4. སློབ་དཔོན་མཆན་བུ་པ་ says:
    2011-11-02 at 7:01 pm

    ༸གོང་མཆོག་དགུང་གྲངས་༡༡༣བཞུགས་པའི་དབང་དུ་བྱས་ན། ད་དུང་དགུང་གྲངས་༣༧ལྷག་བཞུག་བགྱིད་རེད། དེས་ན་སྤྱི་ལོ་༢༠༤༨ལོ་ལ་ཁེལ་བས་དེ་དུས། རྒྱ་ནག་དམངས་གཙོ་ཆགས་ཟིན་པར་ངེས་པས་དེ་དང་མཐུན་པ་སོམས་ཤིག །

  5. དཔའ་ཆེན། says:
    2011-11-02 at 7:08 pm

    རྒྱ་ནག་དམངས་གཙོར་ཆགས་ཀྱང་། རྒྱ་མིའི་དབང་བསྒྱུར་གྱི་འདོད་པ་ཁུང་ཙིའི་བསྟན་བཅོས་དང་བག་ཆགས་ཡོངས་སུ་མ་ཉམས་པར་དུ་གནས་རྒྱུ་རེད། དེའི་རྐྱེན་གྱིས་དེ་དང་མཐུན་པར་སོམས་ཤིག ཡིད་མི་ཆེས་ན་བྱིས་པ་ལོ་གཉིས་ཅན་ཞིག་ལ་མི་བཅོ་བརྒྱད་ཀྱིས་ཡ་མེད་བཏང་སྟེ་རླངས་འཁོར་གྱིས་གཟས་ནས་གཅུར་བར་ལྟོས་དང་།

  6. དམེ་ཤུལ་འཇིགས་མེད་འོད་ལྡན། says:
    2011-11-03 at 11:44 am

    བཀུར་འོས་སྤྱི་འཐུས་དང་རྩོམ་པ་པོ་རྒན་པ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཕེབས་ནས་དགོངས་ཚུལ་གསུང་བར་
    སྙིང་ནས་གུས་བརྩི་ཞུ། ཁྱོད་ཀྱིས་གོང་ས་མཆོག་གནམ་འོག་གི་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཁྲིད་ཆགས་ཚར་བ་རེད་ཞེས་བ་དེ་བོད་པ་ཞིག་གིས་གོང་ས་མཆོག་ལ་དད་སྟོབས་ཀྱིས་དྲངས་བའི་བསམ་ཚུལ་ཞིག་ལས་རྒྱྱུ་འབྲས་བློ་མིག་གྱིས་ཕྱུགས་པའི་
    བསམ་ཚུལ་ཞིག་ཏུ་ངེས་ལེན་བྱེད་ཐབས་བྲལ་སོང་ལགས། ད་ལྟའི་ཆར་ཁོང་ཉིད་འཛམ་གླིང་གི་ཡུལ་གྲུ་གང་སར་ཕེབས་སྐྱོད་བྱེད་པ་དེ་བོད་ཀྱི་བླ་སྤྲུལ་དགེ་བཤེས་སོགས་ཀྱི་ཆོས་ཚོགས་རྣམས་དང་ནང་པའི་ཐེག་ཆེན་རྗེས་འབྲང་བའི་ཡུལ་གྲུ་འགའ་ཤས་ཤིག་ཏུ་ཆིབས་བསྒྱུར་བསྐྱངས་བ་དང་ཡང་ན་སློབ་གྲྭ་ཁག་ཏུ་བསྐྱོད་ཀྱི་ཡོད་པ་རེད། སློབ་གྲྭ་ཁག་དང་ཆོས་ཚོགས་སོགས་སུ་ཆིབས་བསྒྱུར་མཛད་པ་དེ་གཙོ་བོ་མཁས་དབང་གི་ངོ་བོ་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོའི་ཐོག་ཕེབས་ཀྱི་ཡོད་པ་ལས་ནང་པའི་དབུ་ཁྲིད་ཀྱི་ངོས་ནས་ཕེབས་ཀྱི་མེད་པ་གསལ་བོ་རེད། ངའི་བསམ་ཚུལ་ཡིན་ན་ཐེག་པ་ཆེན་ཆུང་མཐུན་མོང་གི་ཐོག་ནས་ནང་པའི་དབུ་ཁྲིད་དུ་
    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ལེན་ཡོད་པའི་ཁྲིམས་མཐུན་ཡིག་ཆ་འཇོག་གནང་མཛད་རྒྱུ་དེ་ཡིན།
    ཞོར་དུ་པད་མ་མིང་ཅན་དེའི་རྩོམ་ཡིག་ཞིབ་ཀློག་བྱེད་རྒྱུ་ཕར་ཤོག་ཐ་ན་རྩོམ་པ་པོ་སུ་ཡིན་ལ་མ་བལྟས་བར་འོད་ཚོད་ཀྱིས་མཆན་བུ་བཀོད་པ་དེ་སྨྱུག་འཛིན་པ་ཞིག་ལ་མཚོན་ན་མ་མཐའི་འགན་འཁྲིའི་འདུ་ཤེས་ཀྱང་མེད་གི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme