Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མའི་དགོངས་དོན་གལ་ཆེན་གསུམ་པོ་རོབ་ཙམ་གླེང་བ།

Posted on 2015-06-202015-06-20 By ཁ་བརྡ་ 2 Comments on ཏཱ་ལའི་བླ་མའི་དགོངས་དོན་གལ་ཆེན་གསུམ་པོ་རོབ་ཙམ་གླེང་བ།

གླིང་གཟི་མིག

unnamed-4(༧སྐུའི་གྱ་སྟོན་ཉིན་མོ་འདི་ལ་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་དཔེ་བཞིན་དགའ་དད་ལག་གཉིས་ཐལ་མོ་སྦྱར་བཞིན་༧རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་སྐུ་ཚེ་ཡུན་རིང་བཞུགས་པ་དང་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་བཅས་བཀའ་དྲིན་མཚོན་བྱེད་ལ་རྩོམ་ཡིག་འདི་ཆེད་དུ་སྤེལ་བ་ཡིན།)

དུས་རབས་ཉེར་གཅིག་གི་སྟོན་པ་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ། འཛམ་གླིང་ཞི་བདེ་ཡི་དབུ་ཁྲིད། རླབས་ཆེན་གྱི་སྐྱེས་བུ་དམ་པ་ཏཱ་ལའི་བླ་མ་བོད་མི་རིགས་སུ་འབོད་པ་ལ་འཁྲུངས་པ་ནི་སྤོབས་པ་དང་གཟི་བརྗིད། བསོད་ནམས་དང་མིག་དཔེ་སོགས་རེད་འདོད། ཏཱ་ལའི་བླ་མའི་ཐུགས་དགོངས་དང་མཛད་པ་འཕྲིན་ལས་དེ་རིང་གི་རྩོམ་ཐུང་འདིར་འདུས་པ་ཞིག་མིན་ཡང་སྐབས་བབ་བརྗོད་སྙིང་གཙོ་བོ་ནི་ཁོང་གི་སྐུ་ཚེའི་ཐུགས་དགོངས་གལ་ཆེན་གསུམ་པོ་ནས་མདོར་བསྡུས་ཙམ་གླེང་ཁུལ་བྱས་ནས་དགུང་གྲངས་བརྒྱད་བཅུར་ཕེབས་པའི་སྐལ་བ་བཟང་བོ་ལ་སྐུ་ཚེ་ཡུན་རིང་བཞུགས་པ་དང་ཐུགས་དགོངས་འགྲུབ་པ། བཀའ་དྲིན་རྗེས་དྲན་ཆེད་དུ་གུས་པ་དང་བཅས་ཕུལ།

 

དང་པོ།

འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ལས་བརྒལ་བའི་མིའི་རིགས་ཀྱི་གཞི་རྩའི་ཡ་རབས་བཟང་སྤྱོད་ཡར་རྒྱས་གོང་འཕེལ་དུ་སྤེལ་རྒྱུ་ནི་ཏཱ་ལའི་བླ་མའི་དགོངས་པ་གལ་ཆེན་དང་པོ་དང་། འགྲོ་བ་མིའི་བཟང་སྤྱོད་ཡར་སྤེལ་རྒྱུད་འཛིན་འདི་གཙིགས་ཆེན་དུ་འཛིན་པ་ནི་ཏཱ་ལའི་བླ་མའི་རླབས་ཆེ་བའི་མི་ཆོས་རིག་གནས་ཀྱི་བསམ་བློ་ཡིན་ལ། ཁོང་གི་ཐུགས་ཡངས་ཀྱི་བསམ་སྤྱོད་འདིར་འཛམ་གླིང་གི་མི་རིགས་མི་འདྲ་བའི་མི་དམངས་ཁྲི་འབུམ་གྱིས་རྗེས་སུ་ཡིད་རང་དང་གུས་བརྩི་བྱེད་བཞིན་ཡོད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་བདེ་བ་འདོད་པ་སྡུག་བསྔལ་མི་འདོད་མཁན་ཡིན་པ་དང་། ས་སྒང་འདི་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་དག་ལ་དབང་བའི་ཐུན་མོང་གི་ཁྱིམ་གཞི་མཛེས་པོ་འདི་ལ་བདག་སྐྱོང་དང་གཅེས་སྤྲས་བྱེད་དགོས་པ། མི་ཞིག་གི་མི་ཚེ་ནང་དུ་ཆོས་ལ་དད་པ་ཡོད་མེད་གཙོ་བོ་མ་ཡིན་པར་མི་བཟང་བོ་ཞིག་བྱེད་དགོས་པ་ནི་རང་གཞན་གཉིས་ལ་ཕན་པའི་བདེ་སྐྱིད་ཡིན་པ་སོགས་འཇིག་རྟེན་ཀུན་ཁྱབ་ཀྱི་ཐུགས་དགོངས་རླབས་པོ་ཆེ་འདི་དག་ནི་ཏཱ་ལའི་བླ་མས་མིའི་རིགས་ལ་གནང་བའི་ཞི་བདེ་ཡི་ས་བོན་ཆེན་པོ་དང་མིའི་རིགས་ལ་བསྩལ་བའི་ཐུགས་བརྩེ་ཟབ་མོ་དག་ཡིན།

ང་ཚོས་ཤེས་དགོས་པའི་དོན་ཆེན་ནི་ཏཱ་ལའི་བླ་མས་ནམ་རྒྱུན་དུ་ཡུལ་གང་ནས་མི་དམངས་སུ་ཞིག་ལ་བཀའ་བསྩལ་སྐབས་གཞི་རྩའི་མིའི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཡར་རྒྱས་གོང་འཕེལ་སྤེལ་དགོས་པ་སོགས་གཙོར་འཛིན་པ་ནི་ཏཱ་ལའི་བླ་མས་མིའི་རིགས་ལ་གནང་བའི་ཐུགས་བརྩེ་ཟབ་མོ་དང་འཛམ་གླིང་གི་ལོ་རྒྱུས་དེབ་ཐེར་ནས་ནམ་ཡང་བསུབ་ཏུ་མེད་ལ་ཞི་བདེ་ཡི་དབུ་ཁྲིད་གནང་བ་དང་། མིའི་རིགས་ལ་གནང་བའི་ཀུན་ཁྱབ་བྱམས་བརྩེ་ཡི་རིན་ཐང་ལ་བཀའ་དྲིན་ཐུགས་རྗེས་མཚོན་ཕྱིར་འཛམ་གླིང་རང་བཞིན་ཅན་གྱི་འཁྲུངས་སྐར་སྲུང་བརྩི་བྱ་འོས་པ་ཞིག་དང་། ཏཱ་ལའི་བླ་མའི་འཁྲུངས་སྐར་གྱི་ཉིན་མོ་འདི་འཛམ་གླིང་གི་ཞི་བདེ་ཉིན་མོ་རང་བཞིན་ཅན་ལ་འགྱུར་བར་སྨོན། དེ་ནི་ཧམ་པ་ཡི་སྐད་ཆ་མ་ཡིན་པར་བདེན་པ་ཞིག་བཤད་པ་ཡིན། དེ་བས་ཏཱ་ལའི་བླ་མའི་འཁྲུངས་སྐར་འཛམ་གླིང་ཞི་བདེའི་ཉིན་མོར་བརྩི་བར་ང་ཚོ་རང་ཉིད་ནས་འགོ་འཛུགས་དགོས།

 

གཉིས་པ།

ཏཱ་ལའི་བླ་མ་ནི་ནང་པའི་ཆོས་པ་ཞིག་ཡིན་པ་དང་ཆོས་ལུགས་འཆམ་མཐུན་སྤེལ་བ་ནི་ཁོང་གི་སྐུ་ཚེའི་དགོངས་པ་གལ་ཆེན་གཉིས་པ་ཡིན། ནང་པའི་ཆོས་ལ་སློབ་གཉེར་མཛད་པ་དང་གཞན་གྱི་ཆོས་ལུགས་ལ་གུས་བརྩི་གནང་བས་ཆོས་ལུགས་འཆམ་མཐུན་གྱི་དབུ་ཁྲིད་དང་། དུས་རབས་འདིའི་ཆོས་ལུགས་འཆམ་མཐུན་གྱི་མཚོན་དོན་གྱི་སྐྱེས་མཆོག་དམ་པ་ཏཱ་ལའི་བླ་མའི་ཆོས་ལུགས་རིན་ཐང་ལྟ་ཚུལ་ཤེས་དགོས་པ་ནི་ཏཱ་ལའི་བླ་མ་དོན་གྱིས་ཤེས་ཡོད་མེད་ལ་འབྲེལ་བ་ཆེན་པོ་ཡོད་པའི་ཁོང་གི་ཆོས་ལུགས་རིན་ཐང་ལྟ་ཚུལ་ཤེས་དགོས་པ་གལ་ཆེན་རེད། དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་པའི་བཀའ་ཡང་ནས་ཡང་དུ་གནང་ཡོད་པ་དང་། ནང་དོན་རིག་པར་ནང་པའི་ལྟ་གྲུབ། ནང་པའི་གཞུང་ནས་གསུངས་པའི་ཚན་རིག ནང་པའི་ཆོས་ལུགས་སྡེ་ཚན་བཅས་ཆེན་པོ་གསུམ་དུ་བགར་བ་ནི་ནང་ཆོས་ཀྱི་ལོ་རྒྱུས་ཁྲོད་གསར་གཏོད་དང་ནང་དོན་རིག་པ་འཛམ་གླིང་གི་འགྱུར་འགྲོས་དང་གོམ་པ་མཉམ་པོར་དང་འཛམ་གླིང་མི་དམངས་ལ་བོད་ཀྱི་རིག་གནས་ཀྱིས་ཞབས་འདེགས་བསྒྲུབ་པའི་དུས་བཟང་རེད། “མི་ཞིག་གི་མི་ཚེའི་ནང་དུ་ཆོས་ལུགས་དགོས་མིན་རང་ཉིད་ལ་རག་ལས་ལ། གལ་ཏེ་ཆོས་ལུགས་དགོས་པ་ཡིན་ན་རང་གི་ཕ་མེས་ནས་བརྒྱུད་ཡོང་བའི་ཆོས་ལུགས་འཚམས་པོ་ཡིན་ལ། ང་རང་ཉིད་ལ་ནང་པའི་ཆོས་ལུགས་འཚམས་པོ་ཡོད་ཀྱང་ཆོས་ལུགས་གཞན་ལ་ཆེ་མཐོང་དང་གུས་བརྩི་བྱེད་དགོས་” ཞེས་གུ་ཡངས་དང་དཔྱོད་ཤེས་ལྡན་པའི་རླབས་ཆེ་བའི་བསམ་སྤྱོད་དེས་འཛམ་གླིང་མི་དམངས་ལ་བློ་རྒྱ་གནང་ཡོད་པ་དང་ཆོས་ལུགས་ཀྱི་དབུ་ཁྲིད་མང་པོ་ལ་མིག་དཔེ་བཟང་བོ་ཞིག་གོ དེས་ན་གཞན་གྱིས་ཏཱ་ལའི་བླ་མ་ཆེན་པོར་བརྩི་དུས་ང་ཚོས་ཆུང་ཆུང་མི་བཟོ་བ་ནི་གལ་ཆེན་ཞིག་མ་ཡིན་ནམ།

 

གསུམ་པ།

བོད་མི་ཞིག་ཡིན་པས་བོད་མི་རིགས་ཀྱི་བདེ་སྡུག་ལ་འགན་འཁུར་བ་དང་ལྷག་པར་དུ་ཕྱི་ཡུལ་རང་དབང་ལུང་པ་ནས་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ཞིག་བྱེད་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་ཏཱ་ལའི་བླ་མའི་སྐུ་ཚེ་ཡི་དགོངས་པ་གལ་ཆེན་གསུམ་པ་ཡིན། གཞན་ཡུལ་ལུང་པ་ནས་ལོ་ངོ་དྲུག་ཅུ་ལྷག་རིང་ལ་བོད་མི་དམངས་ཀྱི་ཆེད་དུ་དཀའ་བ་མི་ཉུང་བ་ཞིག་མཛད་མྱོང་། ལོ་ངོ་འདི་དག་གི་ཉམས་མྱོང་དང་ཐུགས་དགོངས་སོགས་ཕྱོགས་བསྡོམས་ཀྱིས་ང་ཚོ་ལ་གནང་བའི་གསོལ་རས་ནི་དམངས་གཙོ་ཡི་སྒྲིག་གཞི་ལྡན་པའི་དབུས་བོད་མིའི་སྒྲིག་འཛུགས་ཡོད་ལ། བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་འདི་རྒྱ་བོད་ཞི་མོལ་གྲོས་ལམ་བཙུགས་པ་སོགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་གང་མང་ཡོད།
བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་འདི་ཡག་པོ་ཡོང་མིན་དང་ལམ་དབུ་མ་དོན་གྱིས་ལེགས་འགྲུབ་ཡོང་མིན་དེ་ནི་བོད་མི་ཚོ་ལ་རག་ལས། རྒྱུ་མཚན་ནི་དམངས་གཙོའི་གཞུང་ནས་དམངས་གཙོའི་ལུགས་བཞིན་འགྲོ་བ་ལ་རིན་ཐང་དང་དགོས་པ་རྒྱུ་མཚན་གང་མང་ཡོད་པས་ཏཱ་ལའི་བླ་མ་ཆབ་སྲིད་ནས་རྒན་ཡོལ་གནང་བ་རེད་མ་གཏོགས། ཏཱ་ལའི་བླ་མ་འགན་འཁྲི་དང་བོད་མིའི་རེ་འདུན་ལ་གཡོལ་བ་ག་ལ་ཡིན། དེ་བས་རྒྱ་ཆེ་བའི་ཐུགས་འགན་བཞེས་ནས་འཛམ་གླིང་མི་དམངས་ལ་ཞི་བདེ་དང་འཆམ་མཐུན་ཡོང་བ་ལ་མཛད་པ་འཕྲིན་ལས་སྐྱོང་བཞིན་ཞི་བདེ་བྱམས་བརྩེའི་གསུང་དབྱངས་གླིང་ཆེན་པོར་ཉི་འོད་བཞིན་རྟག་ཏུ་འཆར་ཡོད་པ་ནི་མིའི་རིགས་ཀྱི་བདེ་སྐྱིད་རེད།

དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ལེགས་སྐྱེས་ལ་གླིང་གཟི་མིག་ནས་སྤྱི་ལོ་༢༠༡༥ ༦ ༢༠ ཉིན་བཟང་བོ་ལ།

བསམ་ཚུལ།

Post navigation

Previous Post: ཉི་མའི་འོད་སྣང་ཙོང་ཁའི་འདབས་ནས་འཕྲོས།
Next Post: འདྲེན་པ་མཆོག་ལ་ཕུལ་བའི་བསྟོད་པ་བརྒྱད་ཅུ་པ།

Comments (2) on “ཏཱ་ལའི་བླ་མའི་དགོངས་དོན་གལ་ཆེན་གསུམ་པོ་རོབ་ཙམ་གླེང་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-06-20 at 4:41 am

    ་་་་་བདེ་ལ་བཀོད། །
    རང་གི་མི་རིགས་ཡོངས་ཀྱི་ཕན་བདེ་བསྒྲུབས། །
    གཞན་གྱི་ཆོས་ལུགས་ཡོངས་དང་མཐུན་ལམ་མཛད། །
    དད་ལྡན་ནང་གི་ཡ་རབས་གོང་དུ་སྤེལ། །
    དད་མེད་མི་རིགས་རྣམས་ཀྱང་བདེ་ལ་བཀོད། །

  2. པདྨ says:
    2015-06-21 at 4:44 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
    དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme