Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མའི་གཞིས་སྒར།

Posted on 2019-05-23 By ཁ་བརྡ 10 Comments on ཏཱ་ལའི་བླ་མའི་གཞིས་སྒར།

རྭ་རྒྱ་དཔལ་ལྡན།

གངས་ར་ནས་ཡར་སོང་ན་རྒྱ་གར་བྱང་ཕྱོགས་ཀྱི་གངས་རི་དང་འདབས་འབྲེལ་དུ་ཡོད་པའི་རྡ་རམ་ས་ལ་ཟེར་བའི་རྫོང་མཁར་ཆུང་ཆུང་དེར་ཐུག རྫོང་མཁར་གྱི་རི་ངོར་འཐེན་པའི་ལམ་ཕྲན་ཆུང་ཆུང་བརྒྱུད་ནས་ཡར་སོང་ན་མེག་ལོར་སྒན་འཇུ་རེད། སྤྱི་ལེ་དྲུག་དང་ཚེག་གཉིས་ཅན་གྱི་ལམ་ཕྲན་འདི་ཧི་མ་ཅལ་མངའ་སྡེ་གཞུང་ནས་ལོ་ངོ་གསུམ་ལ་བཟོས་པའི་ཏཱ་ལའི་བླ་མ་ཕེབས་ལམ་པོ་ཏཱ་ལ་ལམ་ཟེར་བ་རེད། མིང་དེ་ཡང་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཚམས་རྟགས་ཀྱི་ལེགས་སྐྱེས་སུ་མངའ་སྡེ་བློན་ཆེན་མཆོག་གིས་དངོས་སུ་ཕུལ་བ་རེད། ཡིན་ཡང་ལམ་ཕྲན་འདི་ད་དུང་འབར་འབུར་དོང་དོང་མང་ལ། བདེ་གཟར་མི་མཉམ་པ། དུས་ཚིགས་རེ་རེའི་ནང་རྫོང་མཁཪ་བཙོག་ཆུ་ཤོར་བའི་དྲི་ངན་འཐུལ་བ། ལམ་འགའ་རེ་ནས་ཞིག འགའ་རེ་ནས་ཆད། འགའ་རེ་ནས་བཙོག་ཆུ་བར་མེད་རྒྱུ་བ་ནི་རྡ་རམ་ས་ལའི་དུས་བཞིའི་འགྱུར་ལྡོག་ཅི་ལ་མིན། མངའ་སྡེ་ཞིག་གིས་རྫོང་མཁར་ཆུང་ཆུང་འདིའི་ལམ་ཁ་ཙམ་ཞིག་ལོ་གསུམ་ལ་བཟོས་པར་བལྟས་ན་རྒྱ་གར་ཟེར་བ་རྒྱལ་ཁབ་འདིར་རེ་བ་རྩ་བ་ནས་ཆད་ཡོད། ཏཱ་ལའི་བླ་མ་ཟེར་བའི་འཛམ་གླིང་ལ་ཞི་བདེ་དང་སྐྱེས་འགྲོའི་བདེ་སྐྱིད་སྐྲུན་མཁན་གྱི་དུས་རབས་ཉེར་གཅིག་པའི་སྟོན་པ་སངས་རྒྱས་གཉིས་པ་བཞུགས་པའི་རྫོང་མཁར་ལ་ད་དུང་ལམ་ཁ་འདི་ལྟ་བུ་ལས་མེད་པ་ནི་ཅི་འདྲའི་ཆ་མི་མཚུངས་པ་ཞིག་གོ ཕྱི་རྒྱལ་བ་སུ་ཞིག་ས་འདིར་སླེབས་ན་ཡ་མི་མཚར་རམ།

རེད་དེ་ཏཱ་ལའི་བླ་མ་མཆོག་རི་ཁ་འདི་ནས་གྲོགས་མེད་ཁེར་རྐྱང་གིས་ངང་ལོ་ངོ་ལྔ་བཅུ་བརྒལ་བར་བཞུགས། དེའི་རིང་འཛམ་གླིང་ལ་དཔར་བའི་ཞབས་རྗེས་རེ་རེ་ན་གསེར་འོད་ལམ་ལམ་འཕྲོས་པའི་འཛམ་གླིང་ཞི་བདེ་དང་། འགྲོ་བའི་ཀུན་ཕན་བྱམས་བརྩེའི་རིན་ཐང་དེ་དག རྒྱུད་ཆེ་བའི་རི་བོ་ཧི་མ་ལ་ཡིས་ཀྱང་འགྲན་ག་ལ་ཐུབ། རྒྱུན་རིང་བའི་ཆུ་བོ་གངྒས་ཀྱང་འགྲན་མི་ཐུབ་དེ་ག་ལ་ཐུབ། འོད་ཀྱང་ཁ་ཁུ་སིམ་མེར་རི་ཁ་འདི་ནི་འཛམ་གླིང་གི་གྲུ་ཁ་གཞན་ཞིག་ནས་ནག་མེད་ངང་ཁེར་རྐྱང་དུ་འཇོག་པར་བསམ་པའི་སྦྱོར་རྩུབ་ལས་ཡོངས་སུ་ཐར་ཏེ། འཛམ་གླིང་གི་གླིང་གཞན་ནས་གཞན་དུ་འོད་ཟེར་འཕྲོས། འོད་ཟེར་དེ་ཧི་མ་ལ་ཡི་རི་རྒྱུད་ཀྱིས་འགོག་མ་ཐུབ་ལ། རྒྱ་གར་བའི་རི་ཆུ་ནགས་གསུམ་གྱིས་བཅོད་མ་ཐུབ། གླིང་ཕྲན་གཞན་ནས་གཞན་དུ་འཕྲོས། འཕྲོ་བ་དེས་འགོག་པར་བསམ་པའི་སྦྱོར་ངན་ལས་གོ་ལྡོག་པར་བྱས། ཁེར་རྐྱང་དུ་ལྷགས་པར་བསམ་པའི་ཏཱ་ལའི་བླ་མ་མཆོག་བླ་ནས་བླ་རུ་བཀུར་ཞིང་། འཛམ་གླིང་གི་དབུ་ཁྲིད་པར་གྱུར་བ་དེས་རྒྱ་གར་ནག་མཚོན་པའི་རི་བོ་ཧི་མ་ཁེར་རྐྱང་དུ་གྱུར། རི་བོ་ཧི་མ་ལ་ཡ་ཁེར་རྐྱང་དུ་ལྷགས་པ་དེ་ནི་གཞན་གང་ཡང་མ་ཡིན་དེ། དེ་ནི་དཀྱིལ་ཤར་ཨེ་ཤི་ཡ་ཁེར་རྐྱང་དུ་ལྷགས་སོ། །

ཏཱ་ལའི་བླ་ཁེར་རྐྱང་ཟུར་འཇོག་བྱེད་པ་དེ་རྒྱུ་མཚན་གང་ཡང་མེད་པ་ཅི་ལ་ཡིན། མིན་ནོ། དཔེར་ན་ཉིས་སྟོང་བཅོ་བརྒྱད་ལོར་རྒྱ་གར་ནག་གཉིས་ཀྱིས་ས་རྩོད་ཆུ་རྩོད་ཀྱི་མེ་ལྕེ་འབྲོག་ལམ་ནས་མཆེད། འཛམ་གླིང་གི་གསར་ཁང་གང་མང་ནས་རྒྱ་གར་ནག་གི་གནས་སྟངས་དེར་མིག་གཅེར་ནས་བལྟས། དུས་ཚོད་དེ་ཏག་ཏག་ལ་རྒྱ་གར་བ་ག་གེ་མོ་ནས་གསར་ཁང་དུ་བཤད་པར། རྒྱ་གར་བ་དུང་ཕྱུར་བཅུ་གསུམ་གྱིས་བོད་ཀྱི་གནས་ཚུལ་བོད་རང་དབང་མི་གླེང་བའི་ངེས་པ་མེད་ཟེར། གསར་ཁང་དུ་བཤད་པའི་སྐད་ཆ་དེས་རྒྱ་ནག་ལ་འགྲམ་ལྕག་ཚ་བེར་བ་ཞིག་ཡིན།

ཡིན་ཡང་ཏཱ་ལས་བླ་མ་དེ་ལྟར་ཁེར་རྐྱང་ཟུར་འཇོག་པའི་གོ་རིམ་ཁྲོད་རྒྱ་གར་བ་དུར་ཕྱུར་བཅུ་གསུམ་ཙམ་འཛམ་གླིང་གི་གྲུ་ཁ་ཞིག་ནས་ཁེར་རྐྱང་ཟུར་སྡོད་བྱས་པ་རེད། ངས་རྒྱ་གར་བ་དུར་ཕྱུར་བཅུ་གསུམ་ཙམ་ཁེར་རྐྱང་ཟུར་སྡོད་ཟེར་བ་དེ་ནི། རྒྱ་གར་བ་དུར་ཕྱུར་བཅུ་གསུམ་གྱི་ཏཱ་ལའི་བླ་མ་མཆོག་གི་གསུང་གི་བྱིན་རླབས་མ་ཐོས། སྐུ་ཡི་འོད་མདངས་མ་རིག ཐུགས་ཀྱི་བྱམས་བརྩེ་མ་ཚོར། བཀའ་དྲིན་བསམ་ཤེས་མ་ཐུབ་ཟེར་བ་ཡིན། ཏཱ་ལའི་བླ་མ་མཆོག་གིས་དུས་རྒྱུན་བློ་སེམས་རབ་ཏུ་བརྟན་པའི་སྒོ་ནས་ཆོས་ལུགས་མཐུན་སྒྲིལ་དང་། རྒྱ་གར་གྱི་གནའ་རབས་ཆོས་དང་རིག་གཞུང་བསྐྱར་གསོའི་ཆེད་བླ་མེད་ཀྱིས་མཛད་རྒྱུས་དེ་དག་གི་རིན་ཐང་ཏིལ་འབྲུ་ཙམ་རྟོགས་མེད་ལ། དེ་ལས་ཀྱང་ཏཱ་ལའི་བླ་མས་ཆོས་ལུགས་མཐུན་སྒྲིལ་གྱི་རྒྱ་གར་གནའ་རབས་ཀྱི་ཡ་རབས་སྤྱོད་བཟང་གིས་འཛམ་གླིང་ལ་སྔར་ལས་ལྷག་པའི་དཔེ་གསར་གྱི་སྒོ་མོ་འབྱེད་པ་མ་ཚོར། རྒྱ་གར་བ་ཕྱི་ཚུལ་གྱིས་བལྟས་ན་ཞི་བདེ་བབ་ཕེབས་ཀྱི་འཚོ་བ་དང་། ཆོས་ལུགས་མཐུན་འབྲེལ་ཆེ་པ། དམངས་ཕན་སྤྱི་སེམས་ཆེ་འདོགས་ཁ་ཞིག་ཡོད་ཀྱང་དོན་དངོས་ཆོས་ལུགས་འགལ་འདུ་དང་། ཕྱོགས་ཁག་འཐེན་ཁྱེར་གྱིས་གནས་བབ་དེ་ཉེ་སྔོན་པལ་བ་མ་ Pulwama ནས་དྲག་སྤྱོད་པས་ཉེས་མེད་དམག་མི་ཞེ་གཅིག་དུས་གཅིག་ལ་བསད་པ་དང་། ལོ་འགའི་སྔོན་མང་བྷེ་ནས་ཏ་ཇུ་གསོལ་མགྲོན་ཁང་ལ་དྲག་སྤྱོད་བྱས་པ་ལྟ་བུ་ནི་དཔེ་མཚོན་ཙམ་མིན་ནམ། ཕྱི་ཟླ་ ༢ པའི་ཚེས་ ༡༤ ཉིན་དམར་གསོད་དོན་རྐྱེན་བྱུང་བ་དང་རྒྱ་གར་བས་ལས་དོན་ཅི་བྱེ་དམག་མི་ལ་དབང་སྤྲད་པ་ཡིན་ཟེར་ནས་གསལ་བསྒྲགས་བྱས། དེའི་ནང་དོན་ནི་རྒྱལ་དོན་གྱི་ཆེད་དུ་དམག་རྒྱག་རྒྱུ་དབང་ཚད་སྤྲད་པ་ཡིན་ཟེར་བ་མིན་ནམ། ཡིན་ཡང་ཉིན་འགའི་རྗེས་སུ་རྒྱ་གར་གྱི་ཐད་འཕུར་གནམ་གྲུ་གཉིས་པ་ཀི་སི་ཐན་ནས་ནག་མེད་བཏང་བ་དང་། ཁ་ལོ་བ་གཅིག་གསོན་བཟུང་བྱས་པ་དེས་རྒྱ་གར་གྱི་གཏམ་ལ་ཨ་ལན་གསལ་བོ་ཞིག་འཕྲོད་པ་ཡིན་ནམ། ཉིན་དེ་ནས་བཟུང་འདས་དོན་དེ་རྒྱ་གར་བ་སུ་ཞིག་གིས་དྲན་མི་ཐུབ་པར་གྱུར།

དེ་དག་གི་ཐད་རྒྱ་གར་བས་ཕན་ཚུན་ལ་དགྲ་གཤེད་ཀྱི་འདུ་ཤེས་ཅི་ཙམ་ཆེ་ཡང་། ཕྱི་ཚུལ་ནས་རང་གི་དགྲ་བོར་ལག་པ་འཇུ་བ་དེས་ལོ་རྒྱུས་ལ་ནག་བསུབ་དང་། དྲང་བདེན་ལ་འཁྱོགས་བརྗོད་ཅི་ལ་མིན། རྒྱ་གར་ནག་གཉིས་ཀྱིས་རེ་ངན་ཞིག་ཡོད་པ་དེ་ནི་ལོ་རྒྱུས་རང་ལ་ཕྱིར་ལྟ་མི་བྱེད་པར་མ་འོངས་པའི་ཁེ་ཕན་ཅུང་ཙམ་ཞིག་ལ་རེ་བ་ལས་མདུན་ལ་གཏད་པའི་དཀའ་ཁག་དེ་དག་ལ་མིག་བཙུམས་པ་རེད།

ཡིན་ཡང་ཏཱ་ལའི་བླ་མ་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས་རྒྱ་གར་ནག་དང་བོད་པ་ཙམ་པ་ཡིན་པར་དུས་རབས་གཉེར་གཅིག་པའི་དཀའ་ཁག་ལ་གདོང་གཏད་པས། དུས་རབས་གསར་པ་འདིའི་གཞོན་སྐྱེས་ཚོར་རེ་བ་བཟང་ས་ནས་བྱེད་བཞིན། མ་འོངས་པའི་འཛམ་གླིང་འདི་ནི་ལོ་རྒྱུས་དེབ་ཐེར་ནང་བྲིས་པའི་རྒྱལ་དོན་ཕྱོགས་སུ་ཆད་པའི་རང་རྒྱལ་གཞན་ཕམ་གྱི་སྲིད་ཇུས་ནག་པོ་དེ་མ་ཡིན་པར། དུས་རབས་ཉེར་གཅིག་པའི་ཆོས་པ་རྣམ་དག རྒྱལ་དོན་སྲིད་ཞུ་རྣལ་མ། ཆོས་ལུགས་ཆ་མཐུན་ཁ་ཞེ་མེད་པ། དཔལ་འབྱོར་དབུལ་ཕྱུགས་མཉམ་པ། འཁོར་ཡུག་བདག་གཅེས་བྱེད་པ། སྐྱེ་འགྲོའི་བདེ་སྐྱིད་ཉག་གཅིག་ལ་འབད་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་བསམ་བློ་དང་ལྟ་གྲུབ་ཀྱིས་སྐྱོང་བསམ་དེའོ།།

23.05.2019 ཉིན།

སྣ་ཚོགས།

Post navigation

Previous Post: སློབ་གཉེར་མེད་པའི་དགོན་སྡེ་ནང་སློབ་གཉེར་ལ་འགོག་རྐྱེན་བཟོ་བར་རྒྱུ་མཚན་གཉིས་ཡོད།
Next Post: རྒྱ་གར་གློག་བརྙན་(Shakti) ནུས་པའི་གླུ་ཞིག

Comments (10) on “ཏཱ་ལའི་བླ་མའི་གཞིས་སྒར།”

  1. འབྲོང་གི་བུ་བརྒྱུང། says:
    2019-05-23 at 12:07 pm

    རྩོམ་པ་པོས། འུར་ཅུང་ཟད་རྒྱབ་པ་དང་། གནས་ལུགས་མིན་པའི་གཏམ་འགའ་ཤའ་འདུག གསར་འབྱོར་བའི་བྲིས་སྟངས་ཤིག་རེད་འདུག

  2. རང་བྱུང་རིག་པའི་རྡོ་རྗེ says:
    2019-05-23 at 3:13 pm

    རྩོམ་པ་པོས་ཡག་པོ་བྲིས་འདུག ལྷག་པར་དུ་རྡ་ས་དང་མེག་ལོར་ཞེས་པའི་སྒྲ་གདངས་ཕལ་ཆེར་ཇི་མ་ཇི་བཞིན་ཐོན་འདུག་པས་ཡིད་སྤྲོ་བརྟས། བོད་ཀྱི་དུས་བབས་དང་གསར་འགོད་པ་ཕལ་མོ་ཆེར་སྐྱོན་ཞིག་ཡོད་པ་དེ་ཕྱི་རྒྱལ་གྱི་མིང་དང་གྲོང་འཁྱེར་གྱི་མིང་བོད་ཡིག་གི་ལམ་ནས་བྲིས་ཚེ་སྒྲ་གདངས་ཇི་མ་ཇི་བཞིན་འབྲི་མ་ཤེས་པའི་སྐྱོན་གྱིས་ས་ཁུལ་གང་ཡིན་ཞིབ་འཇུག་གང་འཚམས་མ་བྱས་ན་ཤེས་མི་ཐུབ། སྤྱིར་སྒྲ་གདངས་བརྒྱ་ཆ་བརྒྱ་ཐོན་དཀའ་ནའང་བོད་ཡིག་གི་ལམ་ནས་ཕལ་ཆེར་སྒྲག་གདངས་བརྒྱ་ཆ་བརྒྱད་བཅུ་ནས་ནས་དགུ་བཅུ་ཐོན་གི་རེད། འོན་ཀྱང་ཁོང་ཚོའི་ཀླད་པའི་ནང་དུ་སྐྱོན་ག་རེ་ཡོད་པ་ཡིན་ནམ། སྒྲ་གདངས་ཕལ་མོ་ཆེས་བརྒྱ་ཆ་ལྔ་བཅུའང་འབྲི་ཐུབ་ཀྱི་མེད། ངས་ནམ་རྒྱུན་མི་འདི་ཚོ་བསམ་བློ་གཏོང་སྟངས་ཏེ་ཅི་ཡིན་ནམ། འདི་འདྲའི་སྒྲ་གདངས་འབྲི་དགོས་པའི་རྒྱུུ་མཚན་ཅི་ཡིན་ཞེས་དྲི་བ་འདི་ཐེངས་བརྒྱ་ཕྲག་མང་པོར་དྲིས་མྱོང་། །

  3. AྀBHARU JIGWANG says:
    2019-05-23 at 10:29 pm

    ༄༅། ར་རྒྱ་དཔལ་ལྡན་ནས་ཡག་པོ་བྲིས་གནང་འདུག་ བཀྲིས་བདེ་ལེགས་ཡོད།

  4. རྭ་རྒྱ་དཔལ་ལྡན། says:
    2019-05-24 at 4:31 am

    ལེགས་ཉེས་ཅི་ཡོད་གླེང་རྒྱུ་ཀློག་མཁན་ཚོར་སྤྲད་ཡོད།

  5. བྱང་ཆུབ་ལོ་མ། says:
    2019-05-24 at 9:42 pm

    ཡག་པོ་འདུག བཀའ་དྲིན་ཆེ་ཞུ།

  6. ཀརྡོ་རབ་འབྱམས་པ་ says:
    2019-05-25 at 1:40 am

    ཏཱ་ལའི་བླ་མའི་གཞིས་སྒར། མ་རེད། ༸གོང་ས་མཆོག་གི་བཞུགས་སྒར་ཙམ་རེད་དོ།།

  7. ཀརྡོ་རབ་འབྱམས་པ་ says:
    2019-05-25 at 1:42 am

    བོད་རིགས་ཅིག་གིས། ༸གོང་ས་མཆོག་ལ་ཏྰ་ལའི་བླ་མ་ལབ་དུས་མི་དེ་ཡི་ཁ་མདོག་དང་། ཞག་རྩི་ཕལ་ཆེར་བརླག་ཟིན་པའི་རྟགས་རེད་དོ། རྭ་རྒྱ་དཔལ་ལྡན་ལགས། ད་དུང་དྷ་ས་ལ་རྡ་ས་བྲིས་པ་ནི་བླུན་བྲིས་ཞིག་ཏུ་མཐོང་ལགས།

  8. ལ་དྭགས་འཇམ་དཔལ།། says:
    2019-06-09 at 9:44 am

    ཀརྡོ་རབ་འབྱམས་པ་མངོན་པར་བསྟོད། བོད་ཡིག་དག་པར་འབྲི་བ་ལ་གོམས་ན། བོད་དོན་འགྲུབ་བོ།

  9. ལ་དྭགས་འཇམ་དཔལ།། says:
    2019-06-09 at 9:54 am

    ཀརྡོ་རབ་འབྱམས་པར་མངོན་པར་བསྟོད། ཅེས་ཞུས་དག་བྱས་སོ།

  10. གཞུང་པ་ཚེ་དབང་བསོད་ནམས says:
    2019-06-09 at 10:09 am

    རྡ་ས་རེད་དམ་དྷ་ས་རེད་ ༼ Dharamsala ༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme