Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེའུ་ཞིག་གི་ལས་དབང་།

Posted on 2016-10-232016-10-23 By ཁ་བརྡ་ No Comments on ཉེའུ་ཞིག་གི་ལས་དབང་།

ཚེ་རིང་ལེགས་བཤད།
_______________

ཉེའུ་ཞིག་གཙང་པོ་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད། གཙང་པོ་ཞིག་འཁྱིལ་ཏེ་བསྐོར་བའི་གྲུ་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད། ཁོ་ལ་གསེར་མདོག་གི་མདངས་ལྡན་ཞིང་། རྐྱལ་རྩལ་རིམ་གྱིས་རྒྱས་པར་གྱུར། ང་ཚོས་ཁོང་གི་མིང་ལ་ཉེའུ་བཀྲ་ཤིས་ཟེར། ཉེའུ་བཀྲ་ཤིས་ལ་གྲོགས་པོ་གསེར་ཉ་གཞན་ཞིག་དང་དངུལ་ཉ་ཞིག་ཡོད། ཁོང་ཚོ་ལྷན་དུ་ཡང་ཡང་ཆུའི་བཞུར་རྒྱུན་མི་བཙན་པའི་ཁུག་དེར་རྩེད་འཇོ་ལ་རོལ། སྐབས་རེར་ཁོང་ཚོ་མཉམ་དུ་མཆོངས་རྩལ་ངོམ་ཞིང་། ཁོང་ཚོ་སྐར་ཆའི་འགའི་ཡུན་ལ་མཐོ་ཚད་འདོམ་གང་ཙམ་རེ་མཆོངས་ནུས། དབྱར་ཁའི་སྐབས་སུ་ཁོང་ཚོས་གཙང་པོའི་འགྲམ་ན་རྩྭ་ལ་རོལ་བཞིན་པའི་འབྲི་གཡག་སོགས་ཀྱི་སེམས་ཅན་ཆེན་པོ་དེ་འདྲ་འགའ་ཡང་མཐོང་ཐུབ། ཁུག་སོ་དེ་ན་རྡོ་ཕ་བོང་ཆེན་པོ་གསུམ་ཡོད། རྡོ་ཕ་བོང་དེ་དག་གི་དབྱིབས་དང་ཚོན་མདོག ཟུར་གང་ཞིག་ན་རང་ཉིད་ཉལ་ཆོག་པའི་གནས་མལ་ཡོད་པ་བཅས་ས་ཆ་དེ་ན་ཁོང་ཚོས་མི་ཤེས་པ་གཅིག་ཀྱང་མེད། ཁོང་ཚོ་གསུམ་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད། ཁོང་ཚོའི་ཕ་མེས་རྣམས་ནི་ཁུག་དེར་གནས་ནས་ལོ་ངོ་སྟོང་འགའ་འདས་པ་མ་ཟད། གནས་དེའི་རྡོ་ཕ་བོང་དཀྱུས་མ་དེ་ནས་ལྷའི་སྤྲུལ་པ་ཞིག་གིས་ཁོང་ཚོའི་རྒྱུན་ཐོག་མར་སྤེལ་བའི་ངག་རྒྱུན་ཡོད་ཅིང་། དེ་བས་རྡོ་ཕ་བོང་དཀྱུས་མ་དེ་ནི་ཁོང་ཚོའི་ལྷ་ཁང་ཞིག་དང་མཚུངས་པར་ཧ་ཅང་དད་མོས་བྱེད་ས་ཞིག་ཡིན། ཁོང་ཚོ་ནི་རྡོ་ཕ་བོང་ལ་བརྟེན་ཡོད་ལ། ཕར་བལྟས་ཚོད་ལ་རྡོ་ཕ་བོང་ཡང་ཁོང་ཚོ་མེད་ན་སྟོང་པ་འདྲ་ཞིག་རེད།

ལོ་ཤས་ཁོང་ཚོ་ལ་འཇིགས་པ་གསར་པ་ཞིག་སླེབས། འཇིགས་པ་དེའི་འབྱུང་ཁུངས་ཐད་ལ་ཉ་རྒན་རྣམས་བསམ་ཚུལ་ཁྱོན་ནས་མི་མཐུན། འོན་ཀྱང་ལོ་རེའི་དབྱར་ཁར་གཙང་པོའི་ཤུགས་རྒྱས་ཏེ་ཁོང་ཚོའི་གནས་མལ་དེར་ཡང་ཆུའི་བཞུར་རྒྱུན་བཙན་པོ་རེ་ཡོང་།   ཁོང་ཚོ་ཡང་རྡོ་ཕ་བོང་གསུམ་གྱི་འཁྲིས་ལ་འབྱར་ནས་ཉིན་ནས་ཉིན་སྡོད་དགོས་པ་ཡིན།

ཉིན་གཅིག་དབྱར་གྱི་ཆར་ཞོད་ཧ་ཅང་ཆེ་བའི་སྐབས་སུ་ཁོང་ཚོ་གསུམ་རྡོ་ཕ་བོང་ཆེན་པོའི་ངོགས་སུ་ཡིབ་ནས་ཆུའི་བཞུར་རྒྱུན་ལས་གཡོལ་ཐབས་བྱས། འོན་ཀྱང་ཉེའུ་བཀྲ་ཤིས་ཀྱིས་ཆུའི་བཞུར་རྒྱུན་གྱི་ངར་ཤུགས་ལ་ཚོད་དཔག་ཚད་ལས་བརྒལ་བ་བྱས་སོང་། སྟབས་མ་ལེགས་པར་ཆུ་བོའི་བཞུར་རྒྱུན་གྱིས་འཁྱེར་སོང་། ལོ་འདིའི་ཆུ་ལོག་གི་འཇིགས་པ་དེས་གཙང་པོའི་ནང་དུ་དེད་པའི་སེམས་ཅན་ཧ་ཅང་མང་། ཉེའུ་བཀྲ་ཤིས་ཀྱིས་མཐོང་བ་ནི་གཡག་གཉིས་དང་ལུག་དྲུག་འདུག   དེ་དག་ནི་རོ་རེད།

བཞུར་ཤུགས་བཙན་པོ་དེས་འཁྱེར་ཏེ་ཉིན་གསུམ་གྱི་རྗེས་སུ་ཉེའུ་བཀྲ་ཤིས་ནི་གཡོ་འགུལ་ཅི་ཡང་མེད་པའི་ཆུ་བོ་ཞིག་ལ་སླེབས། ཆུ་བོ་དེ་ནི་ཕ་མཐའ་མེད་པ་དང་གཏིང་མཐའ་མེད་པ་ཞིག་རེད། ཉེའུ་བཀྲ་ཤིས་ཀྱིས་རང་ཡུལ་གྱི་གསེར་ཉ་དང་དངུལ་ཉ་གཉིས་དྲན་བཞིན་ཡོད་ལ། རྡོ་ཕ་བོང་གསུམ་དེ་ཡང་དྲན་བཞིན་ཡོད། འོན་ཀྱང་སླར་ཕ་ཡུལ་ལ་སླེབས་ཐུབ་པའི་ལམ་ཁ་མ་རྙེད།

དེ་ནས་མ་ཤི་ཙམ་གྱི་ངང་ནས་ཡར་རྒྱུགས་མར་རྒྱུགས་བྱེད་སྐབས། གཡག་རོ་ཞིག་མིག་ལམ་དུ་འོང་། ཉ་མོ་བཀྲ་ཤིས་དགའ་ནས་རྒྱུགས། འོན་ཀྱང་གཡག་རོ་ལྟ་བུ་དེ་ནི་གཡག་རོ་ཞིག་མིན་པར་ཉ་ཆེན་ཞིག་རེད། ཉེའུ་བཀྲ་ཤིས་ཀྱིས་སེམས་ལ་འདི་ནི་ངས་གོ་མྱོང་ཡོད་མོད་མཐོང་མྱོང་མེད་པའི་ “ཉ་ཆེན་གཡོར་མོ་”ཞེས་པ་དེ་ཡིན་པ་རེད་བསམས། ཁོང་ཉ་ཆེན་དེའི་འཁྲིས་ལ་སླེབས་སྐབས་ཉ་ཆེན་འགུལ་བའི་ཆུ་ཤུགས་ཚོར། ཉ་ཆེན་དེས་བསད་མི་ཡོང་ངམ་བསམས་ནས་སྐྲག ཉ་ཆེན་དེའི་མིག་ག་ལེར་ཕྱེས་པ་མཐོང་། དེ་ནི་ཧ་ལམ་ཉེའུ་བཀྲ་ཤིས་ཀྱི་གཟུགས་པོ་ཡོད་ཚད་ཙམ་འདུག   ཉ་ཆེན་གྱིས་དེས་ཉེའུ་བཀྲ་ཤིས་ལ་སྐད་ཆ་བཤད། འོན་ཀྱང་ཉེའུ་བཀྲ་ཤིས་ཀྱིས་ཚིག་གཅིག་ཀྱང་མ་གོ   འོན་ཀྱང་སྲོག་མགོ་ཐོན་པའི་རོགས་པ་ཡོང་བའི་སྐྱབས་འཇུག་གི་རྣམ་འགྱུར་བསྟན།   རྣམ་འགྱུར་ལ་བལྟས་ན་ཉ་ཆེན་གྱིས་ཉེའུ་བཀྲ་ཤིས་ནི་ས་འདི་ནས་མིན་པ་ཤེས་འདུག དེ་ནས་རྣམ་འགྱུར་སྟོན་རེས་བྱེད་བཞིན་ཉེའུ་བཀྲ་ཤིས་ཉ་ཆེན་ལ་ཡིད་ཆེས་ཤིང་རིམ་གྱིས་ལོབས་པར་གྱུར། དེ་ནས་ཉི་མ་ནས་ཟླ་བ་དང་། ཟླ་བ་ནས་ལོ་སོང་། ཉེའུ་བཀྲ་ཤིས་ཀྱིས་རིམ་གྱིས་ཉ་ཆེན་གྱི་སྐད་ཀྱང་ལོབས་པར་གྱུར།

ཉེའུ་བཀྲ་ཤིས་ཉ་ཆེན་དང་འགྲོགས་པའི་ལོ་ཟླ་འདི་དག་གི་རིང་ལ། རྒྱ་མཚོའི་གཏིང་ལ་ཕྱིན། བགྲང་ཡས་པའི་མཚོའི་སྲོག་ཆགས་སྣ་ཚོགས་དང་རི་བྲག་ཡུལ་ལྗོངས་ཡིད་དུ་འོང་བ་མཐོང་།   སྐད་རིགས་སྣ་ཚོགས་པ་ཐོས། དེ་ལས་ཀྱང་ཡ་མཚན་པ་ནི་ཉེའུ་བཀྲ་ཤིས་རྒྱ་མཚོ་ནས་རྒྱ་མཚོ་བཅད་དེ་བསྐྱོད་སྐབས་འཇིག་རྟེན་འདི་ན་ཡོད་པའི་ཤེས་བྱ་སྣ་ཚོགས་པ་དང་ཧ་ལས་པ་ཡོད་པ་དེ་རྣམས་ཡིན། ཉ་ཆེན་གྱིས་ཀྱང་ཉེའུ་བཀྲ་ཤིས་ལ་ཤེས་བྱ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་སྟེ་བསླབས་པ་མ་ཟད། རང་གི་བུ་ཕྲུག་བཞིན་གསོ་སྐྱོང་བྱས། ཉེའུ་བཀྲ་ཤིས་ནི་ད་ཆ་ཉ་ཆེན་དང་འགྲོགས་ནས་རྒྱ་མཚོ་ནས་རྒྱ་མཚོ་བརྒྱུད་དེ་ལོ་མང་འགོར་ཞིང་ཁོ་ལའང་དཔག་ཚོད་ཀྱིས་བོང་ཚད་འཕར་ཞིང་། སྔར་གྱི་གསེར་མདོག་དེ་ཡང་ཡལ་ནས་སྐྱ་མདོག་གཅིག་ཏུ་གྱུར་འདུག འོན་ཀྱང་ཁོ་ལ་རྙེད་པ་ནི་ཤེས་བྱའི་ནོར་བུ་དེ་རེད། ད་ནི་ཉེའུ་བཀྲ་ཤིས་ནི་རྒྱ་མཚོའི་ཁོར་ཡུག་ལ་རྒྱུས་ཡོད་ཆེ་བའི་ཉེའུ་ཞིག་ཡིན།

སྟབས་ཉེས་པ་ཞིག་ལ་ཉེའུ་བཀྲ་ཤིས་ཀྱི་ཕ་ཚབ་དང་མ་ཚབ་ལྟ་བུའི་ཉ་ཆེན་གཡོར་མོ་དེ་ལ་ལྕགས་ཀྱུས་བཏབ་ཅིང་ཡར་དྲངས།   ཉ་ཆེན་འདྲེན་བཞིན་པའི་སྐབས་དེར་ཉེའུ་དེ་ཉ་ཆེན་གྱི་མགོའི་གཡས་གཡོན་ནས་རྐྱལ་ཞིང་སྲོག་དང་བསྡོས་ཏེ་སྐྱོབ་ཐབས་བྱས། འོན་ཀྱང་དེ་ལ་ཐབས་ཤིག་མེད་པར་གྱུར། དེར་ཉ་ཆེན་གྱིས་ཀྱང་ “ཕ་ཡུལ་ལ་ལོག་ཅིག་” ཅེས་ཁ་ཆེམས་བཞག

ཉེའུ་དེ་སླར་ཡང་ཕ་ཡུལ་ལ་ལོག་འདོད་སྐྱེས་ཤིང་། ཐོག་མར་རྒྱ་མཚོར་ཟགས་སའི་མཚོ་ངོགས་དེར་སླེབས། ཁོའི་སེམས་ལ་ཁོང་གིས་མཐོང་བའི་ལྟད་མོ་རྣམས་ཕ་ཡུལ་ལ་ཧ་ཅང་མཁོ་བར་འདོད། ཁོང་གི་ཤེས་བྱ་རྣམས་ཕ་ཡུལ་གྱི་ཉེའུ་རྣམས་ལ་ཧ་ཅང་མཁོ་བར་འདོད། འོན་ཀྱང་ཁོང་མར་སླེབས་སའི་མཚོ་ངོགས་དེ་ད་ཆ་དྲི་ངན་ཞིག་གིས་གཡོགས་འདུག་ཅིང་། དྲི་ངན་བརྒྱུད་ནས་གཙང་པོའི་བཞུར་རྒྱུན་ཚོར་ས་དེར་སླེབས་སྐབས་ཆུ་བོ་སྐྱ་བོ་དང་ནག་པོ་རེད། ཉེའུ་ཡིས་མདུན་ན་ཅི་ཞིག་ཡོད་པ་ཡང་མི་མཐོང་བར་གྱུར། ཉེའུ་བཀྲ་ཤིས་སླར་ཁ་ལོག་ཏེ་རྒྱ་མཚོའི་ངོས་སུ་རྒྱུགས། ད་ནི་གྲོགས་མེད་ཁེར་རྐྱང་རེད། ཕ་ཡུལ་གྱི་ཕ་བོང་གསུམ་དེ་དྲན་བཞིན་སྔོ་ལེམ་མེར་འཁྱིལ་བའི་རྒྱ་མཚོའི་དཀྱིལ་གཤགས། ཁོང་རྒྱ་མཚོའི་གཏིང་དུ་འཛུལ་འདོད་མི་འདུག རྒྱ་མཚོའི་ཁ་ནས་སྔོ་ལེམ་མོ་དེའི་ལོ་མའམ་ཡང་ན་འབྲས་བུ་ཞིག་དང་འདྲ་བར་ཐད་ཀར་བརྐྱལ་བཞིན་འདུག

བརྩམས་སྒྲུང་།

Post navigation

Previous Post: སྟོན་དུས་ཀྱི་གླིང་ག (སྙན་ངག་ཚན་པ་གཉིས།)
Next Post: ཨོ་གླིང་སིད་ནི་བོད་ཡིག་སློབ་གྲྭ་གླེང་བའི་གཏམ་རེ་བའི་མེ་སོན་ཞེས་བྱ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme