Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེན་ཁ་དང་རེ་ཞུ། ཨ་རིའི་རླུང་འཕྲིན་ཁང་ལ།

Posted on 2010-12-252010-12-25 By ཁ་བརྡ་ 2 Comments on ཉེན་ཁ་དང་རེ་ཞུ། ཨ་རིའི་རླུང་འཕྲིན་ཁང་ལ།

ཉི་མ་ཚེ་རིང་།

བོད་ཀྱི་སྤྱི་ཚོགས་ནང་གསར་འགོད་པའི་ལས་རིགས་གཉེར་བཞིན་པའི་བོད་མི་གསར་འགོད་པ་ཡོངས་ལ་ཞུ་རྒྱུར།
ད་ལྟ་བོད་མི་རིགས་ཀྱི་མ་འོངས་པའི་ཆབ་སྲིད་འཐབ་རྩོད་ཀྱི་མགོ་ཁྲིད་གསར་བ་ཞིག་ འོས་འདེམས་བྱ་དགོས་པའི་དུས་ཚོད་གལ་ཆེན་ཞིག་ཏུ་འཁེལ་ཡོད་པས། བོད་ཀྱི་གསར་འགོད་པ་ཚོས་དུས་ཚོད་གལ་ཆེན་འདིའི་ནང་དུ་ཕྱོགས་ཞེན་དོར་བ་དང་ལྟ་ ཚུལ་འདྲ་མཉམ་གྱིས་འོས་མིར་བཞེངས་མཁན་གྱི་སྐུ་དྲིན་ཅན་ཚོར་ཆ་མཉམ་གྱི་གར་སྟེགས་ཤིག་སྤྲོད་པར་རེ་བ་ཞུ་རྒྱུ་ཡིན། བློ་འཚབ་འདི་ཇི་ལྟར་བྱུང་བར་རྒྱུ་རྐྱེན་དེ་ག་རེ་ཡིན་ལབ་ན། ཉེ་སྔོན་དྲ་རྒྱ་ཁག་ཏུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་འགའ་ཤས་ཀྱིས་་བཀའ་འཁྲི་ འོས་མི་བཞེངས་མཁན་བྱེ་བྲག་གཅིག་ལ་རྒྱབ་སྐྱོར་གྱི་སྒོ་ནས་མི་མང་གི་ཁྲོད་དུ་གསུངས་བཤད་གནང་བ་སོགས་ཀྱི་གནས་ཚུལ་ཞིག་གོ་ཐོས་བྱུང་ལ། ཡང་བཀའ་འཁྲི་བཞེངས་་མི་བྱེ་བྲག་ཅིག་ལ་རྒྱབ་སྐྱོར་གྱི་ལས་འགུལ་དེའི་ནང་དུ་ཨ་རིའི་རླུང་འཕྲིན་ཁང་གི་བོད་མི་གསར་འགོད་པ་འགའ་ཤས་ཀྱིས་གོ་སྒྲིག་བྱས་པ་དང་། རྒྱབ་སྐྱོར་བགནང་་མཁན་གྱི་གསུངས་བཤད་གནང་མཁན་ནི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཁ་ཤས་ཤིག་མངོན་གསལ་དོད་པོས་མི་མང་གི་ནང་དུ་ཐོན་ཏེ་བཀའ་བློན་འཁྲི་བ་བཞེངས་མི་འོས་་མི་བྱེ་བྲག་དེ་ལ་འོས་ངེས་པར་དུ་བླུགས་དགོས་པའི་གསུངས་བཤད་རིང་མོ་རེ་གནང་འདུག
བོད་མི་གསར་འགོད་པ་ཚོ་ཡིན་ཡང་བོད་མི་ཡིན་ཙང་མི་སོ་སོའི་ལྟ་ཚུལ་ལྟར་རྒྱབ་སྐྱོར་བྱེད་ཡུལ་དེར་རྒྱབ་སྐྱོར་བྱ་ཆོག་པ་ཡོད་ཀྱང་། ད་ལྟ་བོད་ཕྱི་ནང་གཉིས་སུ་ཨ་རིའི་རླུང་འཕྲིན་ཁང་ནི་ཆོལ་ཁ་གསུམ་རིས་མེད་ཀྱིས་ཉན་ཞིབ་བྱེད་ཡུལ་ཡིན་པས། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་མི་མང་གི་ནང་དུ་ཕྱོགས་ཞེན་གྱི་ལྟ་བ་ཁྱེར་བ་ལྟར་ཐེངས་འདིའི་བཀའ་བློན་འཁྲི་པ་དང་འབྲེལ་བའི་གནས་ཚུལ་དང་ལས་འགུལ། མི་སྣ་གང་ཡིན་ཡང་དེའི་སྐོར་གྱི་གསལ་འགྱུར་ལ་ཡང་དེ་ལྟ་བུའི་ཕྱོགས་ཞེན་མི་སླེབས་པར་སུས་ཀྱང་བཤད་ཐབས་བྲལ་བས། ཨ་རིའི་རླུང་འཕྲིན་ཁང་ལ་བོད་ཕྱི་ནང་གཉིས་ཀྱི་རེ་བ་དང་ཡིད་ཆེས་བཅོལ་ཡོད་པ་བརླག་ཉེན་ཡོད་པ་དང་བོད་མི་རིགས་ལ་རླུང་འཕྲིན་ཁང་འདི་ཡིས་ཞབས་ཞུ་བྱ་མི་ཐུབ་པར་གྱུར་བའི་ཉེན་ཁ་ཡོད་ཙང། དུས་ཚོད་གལ་ཆེན་པོ་འདིའི་ནང་དུ་རླུང་འཕྲིན་ཁང་སོ་སོའི་གསར་འགོད་པ་ཚོས་རང་ཚུགས་བརྟན་པོ་དང་བར་གནས་ཀྱི་ཁྱད་ཆོས་ཐོན་པ་བྱ་དགོས་པ་གལ་ཆེན་པོ་རེད་དོ།

སྣ་ཚོགས།

Post navigation

Previous Post: བོད་ལུགས་གསོ་རིག་རྒྱུད་བཞིའི་དགོངས་དོན་ལས་བོད་ཀྱི་བཙན་པོའི་སྐུ་རིང་གི་དངོས་ཡོད་གནས་ཚུལ་འགའ་གླེང་བ་རྣམ་རྟོག་གསར་པའི་གེ་སར།
Next Post: གཅིན་པ་འཐུང་སྟངས་དང་སྐྱག་པ་བཟའ་སྟངས།

Comments (2) on “ཉེན་ཁ་དང་རེ་ཞུ། ཨ་རིའི་རླུང་འཕྲིན་ཁང་ལ།”

  1. ནོར་བུ says:
    2010-12-25 at 3:28 pm

    ཉི་མ་ཚེ་རིང་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད ང་རང་གི་བསམ་ཚུལ་དེ་འདྲ་ཡིན

  2. དཀོན་མཆོག says:
    2010-12-26 at 8:25 am

    མི་སུ་དང་ཡིན་ན་དེའི་ཀུན་སྤྱོད་དང་མ་འོངས་པ་རང་ཉིད་ཀྱིས་གསར་འགྱུར་གང་ཞིག་བཤད་པ་ལ་ཡིད་ཆེས་མེད་པ་ཆགས་པ་ཡིན་པས་དོ་བདག་སོ་སོའི་མིང་དང་བཅས་ནས་བཤད་དགོས་པ་ལས་ཨ་རི་རླུང་འཕྲིན་ཁང་ཞེས་སྤྱི་མིང་བེད་སྤྱོད་པ་འདི་ཡག་པོ་མ་རེད། རླུང་འཕྲིན་ཁང་འདི་ནི་བོད་གཞིས་བྱེས་གཉིས་ཀྱི་མིག་དང་རྣ་བ་ཡིན་པས་ཀུན་ཀྱིས་ཆེ་མཐོང་མ་བརླག་པ་དགོས་པ་གལ་ཆེན་པོ་རེད་འདོད། ཡང་ན་གསར་འགོད་པ་དེ་ཚོ་གསར་འགྱུར་འཁོད་ཁ་ཡོང་ཡོད་སྲིད་པ་རེད། མི་ལ་བཅར་འདྲི་བྱེད་པ་རྒྱབ་སྐྱོར་གྱི་གཏམ་བཤད་པ་འཁྲུལ་བ་ཡིན་སྲིད་ཡག་པོ་བལྟ་ན་མ་གཏོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme