Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉུང་གཙོ་ཚོགས་པའི་རྐང་རྩེ་པོ་ལོ་རུ་ཁག་༢༠༡༠ ཟླ་༩་ཚེས་ ༡༧ ཉིན་རྒྱལ་ཁའི་ངང་མཇུག་བསྡུས་བ་།

Posted on 2010-09-192010-09-19 By ཁ་བརྡ་ 2 Comments on ཉུང་གཙོ་ཚོགས་པའི་རྐང་རྩེ་པོ་ལོ་རུ་ཁག་༢༠༡༠ ཟླ་༩་ཚེས་ ༡༧ ཉིན་རྒྱལ་ཁའི་ངང་མཇུག་བསྡུས་བ་།

soccerབཞག་ལྡོམ་དར་རྒྱས་།

གོ་ལ་འདིར་མིའི་སྤྱི་ཚོགས་གང་ཞིག་ཡིན་ཡང་འགྱུར་གྱིན་ཡོད་ལ་འགྱུར་བ་དེ་ཡང་རྙིང་བ་ལས་གསར་པའི་ཕྱོགས་དང་སྐུ་དག་ལས་སྐུ་ཡང་གི་ཕྱོགས་སུ་འགྱུར་བཞིན་ཡོད་། གལ་སྲིད་སྤྱི་ཚོགས་གང་ཞིག་མིའི་སྤྱི་ཚོགས་གཞན་དང་མཉམ་དུ་ཆབ་སྲིད་དང་། དཔལ་འབྱོར་། ཤེས་ཡོན་སོགས་གང་ཐད་ནས་འགྱུར་མ་ཐུབ་ན་སྤྱི་ཚོགས་དེ་ནི་རྗེས་ལུས་ཡིན་པ་ལོས་རྒྱུས་ཡོད་ཚད་ཀྱི་དཔང་པོ་བྱེད་ཐུབ་ལ་ལྷག་པར་འུ་ཚང་སྒང་བ་བོད་པར་ཉམས་མྱོང་ཧ་ཅང་ཡོད་། ཡིན་ཡང་རྗེས་ལུས་ཀྱི་སྤྱི་ཚོགས་རེ་རེ་ལ་རྗེས་སུ་ལུས་ཚུལ་གྱི་རྒྱུ་རྐྱེན་མི་འདྲ་བ་རེ་རེ་ཡོད་། འུ་ཚོ་སྒང་བ་བོད་པར་རྗེས་སུ་ལུས་ཚུལ་རྒྱུ་རྐྱེན གསུམ་།

དང་པོ་སྤྱི་ཚོགས་ཀྱི་ཆ་ནས་ཕ་མས་བུ་ཕྲུག་ཚོའི་ཆུང་དུས་བསམ་བློའི་རིག་རྩལ་ཚད་འཛིན་བྱེད་པ་དང་ཆེ་དུས་དབང་ཆ་ཚད་འཛིན་བྱེད་པ་སོགས་ཁོང་ཚོ་མ་ཤི་བར་དུ་བུ་ཕྲུག་ཚོར་ཁྱིམ་གཞིའི་དབང་ཚད་སྤྲོད་མཁན་ཉུང་ཉུང་ཡིན་པའི་གོམས་གཤིས་ངན་པ་ད་དུང་ཡང་ཆེས་མང་པོ་ལྷག་ཡོད་པ་།

གཉིས་པ་བླ་མ་དང་སྤྲུལ་སྐུ་ཚད་ལྡན་ཡིན་མིན་ལ་མ་ལྟོས་པར་ཁོས་ཚོས་གང་གསུང་བ་ཡོད་ཚད་ནི་འབངས་མི་རྣམས་པས་ཡང་དག་པའི་བདེན་པ་ཡིན་པར་གུས་ཞབས་དགོས་ཤིང་། ཁོང་ཚོས་བཀའ་བཞིན་སྒྲུབ་ན་ཆེས་ཡ་རབ་ཀྱི་གྲས་སུ་ཚུད་འགྲོ་བས་འབངས་མི་རྣམས་པས་དེ་ལ་ཡིད་ཆས་ཀྱི་དད་སེམས་ཁོ་ན་ལས་བདེན་མིན་གྱི་ཞིབ་འཇུག་བྱེད་ཕོད་མཁན་ཉུང་ཉུང་ཡིན་། དེའི་ཕྱིར་སྔོན་ཆད་སྐྱེ་བུ་དམ་པའི་གསུང་རབ་དེང་སྐབས་བླ་རྫུན་དང་སྤྲུལ་རྫིན་པས་དམངས་ཚོགས་རྨོངས་བའི་སྒྱུ་འཕྲུལ་གྱི་ཚུལ་དུ་བེད་སྤྱོད་བྱེད་ཀྱི་ཡོད།

གསུམ་པ་མི་སུ་ཞིག་ཡིན་ཡང་སེམས་གྱི་འཁྱེར་སོ་དང་འཇིག་རྟེན་གྱི་རིན་ཐང་ལྟ་ཚུལ་ནི་རང་ཉིད་གང་ནས་ཚར་ལོངས་བྱུང་སའི་སྤྱི་ཚོགས་དེའི་རྒྱ་ལས་བརྒལ་དཀའ་པ་ཡིན་དུས་གོད་དུ་བཤད་པའི་བླ་རྫུན་དང་སྤྲུལ་རྫུན་ཚོ་ཡང་དག་པའི་མགོན་པོར་བསྐུར་མཁན་དང་མི་ཚེར་ཕ་མས་སོགས་པའི་རྒྱུ་ནོར་ཁོ་ན་ལོངས་སྤྱོད་མཁན་ཚོས་འཇིག་རྟེན་གྱི་འགྱུར་བ་མི་ཤེས་ལ་ལྷག་པར་རང་ཉིད་ཀ ྱི་རིན་ཐང་ཡང་ངོས་འཛིན་དཀའ་། དེ་ལྟ་བའི་མི་བུ་དེ་ཚོ་གཞན་ལ་ཕྲག་དོག་ཆེ་ལ་ནམ་ཡང་ཆབ་སྲིད་པས་འོག་ན་དམག་མི་བཞིན་བེད་སྤྱོད་བྱེད་ཆོག་ཆོག་ཡིན་། དཔེར་ན་། ཁ་སང་འུ་ཚོའི་རང་བཙན་མ་ཤོར་བའི་སྔོན་པོ་ལོ་རིགས་ལ་མི་དགའ་བའི་སྐུ་དྲགས་ཚོས་པོ་ལོ་ནི་སངས་རྒྱས་ཀྱི་དབུ་ཡིན་ཚུལ་གྱིས་སེ་འབྲས་དགའ་གསུམ་གཙོ་བྱས་པའི་འབངས་མི་ཚོ་བེད་སྤྱོད་བྱས་མྱོང་ཡོད་། དེ་རིང་དགའ་ལྡན་ཕོ་བྲང་བའི་ལས་བྱེད་འགས་བོད་མི་ས་ཡ་དྲུག་ལས་མི་གཅིག་མ་གཏོགས་བཀའ་བློན་ཁྲི་པའི་འོས་ཆོས་མི་ཚང་ཚུལ་གྱིས་རྨོངས་དད་དང་ཧོར་རྒྱུག་པ་དེ་ཚོ་བེད་སྤྱོད་བྱེད་དེ་བཙན་བྱོལ་བོད་མའི་བཅའ་ཁྲིམས་རྐང་རྩེ་པོ་ལོ་བཞིན་ཁོང་ཚོའི་རྐང་འོག་དང་ལག་འོག་ན་རྩེད་སྤྱད་བྱེད་ཀྱི་འདུག མི་བུ་ཚོས་མཉམ་འགྲེལ་རྒྱལ་ཚོགས་སུ་མཆེ་སྡེར་མེད་པའི་སྟག་ཅེས་འབོད་པ་བཞིན་འུ་ཚང་གི་བཙན་བྱོལ་བོད་མའི་བཅའ་ཁྲིམས་ཀྱང་དེ་ལྟ་བུ་ལས་གཞན་ངས་མ་མཐོང་།

རྩོམ་རིག

Post navigation

Previous Post: ཁྲིམས་བཟོ་མཁན་དེ་གལ་མི་ཆེའམ།
Next Post: འབྱུང་འགྱུར་གྱི་བཀའ་ཁྲིའི་ལས་འགན།།

Comments (2) on “ཉུང་གཙོ་ཚོགས་པའི་རྐང་རྩེ་པོ་ལོ་རུ་ཁག་༢༠༡༠ ཟླ་༩་ཚེས་ ༡༧ ཉིན་རྒྱལ་ཁའི་ངང་མཇུག་བསྡུས་བ་།”

  1. tenzin dhargay says:
    2010-09-19 at 4:49 pm

    བཞག་ལྡོམ་དར་རྒྱས་ལགས་ཀྱིས་་་་་་་་་་་་་གསུང་བར་རྒྱབས་བསྐྱོརརྒྱ་ཆ་བརྒྱ་ཐམས་པ་ཡོད།། ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་སྤྱི་ཚོགས་རྙིང་པའི་དྲེ་མ་བསྡད་ཡོད་ནི་དངོས་ཡོད་གནས་ཚུལ་ཞིག་རེད་སྙམ།
    དྲ་གྲོགས་རྣམས་དང་ལྷག་པར་དུ་་་་་་་་་སྲིད་པ་རྡོ་རྗེ་ལགས་ཁྱེད་ནས།་་་་་་་་་་་་་་་་་་ ངེས་པར་དུ་རྩོམ་ཡིག་འདི་ཆ་ཚང་ཞིག་ཀློག་རོག་ཞུ་རྒྱུ་ཡིན།།་་་་་་་་་་་་་་་་་་་་་་་་་་་་་་་རྟ་མགྲིན་དབང་འབུམ་ལགས་ཀྱིས་གསུངས་པར། ཚོ་པའི་འདུ་ཤེས་དེ་གལ་སྲིད་མི་རིགས་སྤྱི་ཡོངས་ཐོག་ནས་བཤད་ན། དེས་རྒྱལ་ཁབ་མིག་ནང་མི་འཇོག་པ། སྤྱི་ཡོངས་སྣང་མེད་གཏོང་བ། མི་རིགས་སྤྱིའི་ཁེ་ཕན་མི་བསམ་པ། མཐུན་བསྒྲིལ་ལ་གནོད་པ། མཐུན་འགྲིག་གཅིག་གྱུར་ལ་བཀག་འགོག་གི་ངན་ཕྱོགས་གནོད་འཚེ་ཅན་གྱི་བསམ་བློ་ཞིག་ཆགས་ཡོད།”ཅེས་བརྗོད་འདུག་ལ། འདུ་ཤེས་ཆེ་བ། སྤྱི་ཡོངས་ཀྱི་འདུ་ཤེས་ཆུང་བ།”ཞེས་ཡང་གླེང་འདུག དེའི་ནང་ཁོང་གིས་གསུངས་པར་“བོད་བཙན་པོའི་རྒྱལ་རབས་གནམ་རི་སྲོང་བཙན་སྐབས་ནས་བཟུང༌། ཁ་ཐོར་གྱི་རྒྱལ་ཁབ་ཆུང་ངུ་དག་གཅིག་གྱུར་བྱུང་ནས་སྲོང་བཙན་སྒམ་པོའི་སྐབས། སྟོབས་ཆེ་བའི་རྒྱལ་ཁབ་ཀྱི་སྲིད་དབང་བཙུགས་ཏེ་རྒྱ་ཆེ་བའི་མངའ་ཁོངས་དབང་ཡོད། དུས་ཡུན་འདི་ནི་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས་འཛུགས་པའི་སྐབས་རེད། བོད་མི་རིགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ཡོད། འོན་ཀྱང་ལོ་ངོ་ ༢༠༠ ལྷག་གི་འཕེལ་རྒྱས་ཆེན་པོའི་རྗེས་ཏེ་དུས་རབས་དགུ་པའི་དུས་དཀྱིལ་དུ་བན་བོན་གྱི་འཐབ་རྩོད་དང་རྒྱལ་པོའིདབང་ཆའི་འཐབ་རྩོད་རྐྱེན་པས་བཙན་པོའི་རྒྱལ་རབས་ཐོར་ཏེ་བོད་མི་རིགས་རྣམས་ཧ་ཅང་རྒྱུན་རིང་བའི་སིལ་བུའི་དུས་སྐབས་སུ་ཕྱིན་ནས། ཐོག་མར་ཡོད་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དེ་བསྐྱར་དུ་ཚོ་པའི་ས་ཁུལ་འདུ་ཤེས་ཀྱིས་ཚབ་བྱས་ཏེ་རྒྱལ་ཕྲན་ཟུར་བཅད་དང་རྒོལ་རེས་རྒྱུན་ཆད་མེད་པར་བྱས་ཡོད།”ཅེས་བཀོད་འདུག ཁོང་གིས་ད་དུང་མུ་མཐུད་བརྗོད་པར། བོད་སིལ་བུར་ཐོར་བ་ནས་ ༡༩༤༩ ལོ་བར་བོད་ཀྱི་གཞི་རིམ་སྤྱི་ཚོགས་ཀྱི་གྲུབ་བྱའི་རྣམ་པ་དེ་རྦད་དེ་འགྱུར་བ་ཞིག་ཕྱིན་མེད།“སྐབས་དེར་རྒྱ་ཆེའི་བོད་ཁུལ་གྱི་གཞི་རིམ་སྤྱི་ཚོགས་ཀྱི་རྣམ་པ་གཙོ་བོ་གཉིས་ཀྱིས་བཟུང་ཡོད་པ་སྟེ། གཅིག་ནི་འབྲོག་ཁུལ་རྐང་བྱས་པའི་ཚོ་པའི་ལམ་ལུགས་དང་གཞན་དེ་ནི་ཞིང་ཁུལ་རྐང་གཙོ་བོ་བོད་རང་སྐྱོང་ལྗོངས་བྱས་པའི་གཞིས་ཀའི་ལམ་ལུགས་རེད། ཤར་ཕྱོགས་བོད་ཁུལ་གྱི་ཡུལ་དཔོན་ལམ་ལུགས་ནི་ཕལ་ཆེ་བ་ཚོ་པ་མཉམ་འབྲེལ་གྱི་ངོ་བོར་གནས་ཡོད།”ཅེས་བརྗོད་འདུག ཚོ་པའི་འདུ་ཤེས་མཉམ་དུ་བོད་མིའི་སེམས་ཁམས་སུ་ཡོད་པའི་འདུ་ཤེས་གཞན་ཞིག་ནི་ཆོས་ལུགས་ཀྱི་འདུ་ཤེས་རེད། བསྟན་པ་ཕྱི་དར་གྱི་སྐབས་ནས་བཟུང། སངས་རྒྱས་ཆོས་ལུགས་བོད་དུ་སྔར་བས་དར་ཁྱབ་ཏུ་ཕྱིན་ནས་གྲུབ་མཐའ་འདྲ་མིན་དར་བ་དང་ས་ཕྱོགས་ཀུན་ཏུ་དགོན་སྡེ་བརྒྱབ་པ། གྲྭ་བཙུན་བསྡུ་བ། ཆོས་འཆད་པ་སོགས་བརྒྱུད། མཐར་བོད་དེ་ལམ་ལུགས་ཀྱི་ཆ་ནས་ཆོས་སྲིད་ཟུང་འབྲེལ་དང༌། འདུ་ཤེས་ཀྱི་ཆ་ནས་ཧ་ལམ་བོད་མི་ཚང་མ་ནང་པའི་ཆོས་དད་པར་གྱུར་ཏེ། བླ་ཆེན་གྱི་གོང་དུ་འདུག་པའི་དཔོན་ཆེན་ཞིག་མེད་པའི་སེམས་ཁམས་ཤིག་ཆགས་ཡོད། ཆོས་ལུགས་ཀྱི་འདུ་ཤེས་ལ་ཡང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་འདྲ་མིན་དབར་དང་། བན་བོན་དབར་གྱི་ཕྱོགས་རིས་ལྡན་ཞིང༌། ཐ་ན་མཆོད་གཞིས་ལ་སོགས་ཁེ་ཕན་གྱི་ཆེད་དུ་འཐབ་འཁྲུག་ཀྱང་བྱས་ཡོད། དེ་ལྟར་ལོ་ངོ་བརྒྱ་ཕྲག་རིང་ཡུལ་ལུང་བཅད་བཟུང་གིས་ཁ་ཐོར་དགུ་ཐོར་དུ་གནས་པ་བརྒྱུད། བོད་མིའི་སེམས་ཁམས་སུ་ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་ལས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས། གཅིག་སྒྲིལ་གྱི་འདུ་ཤེས་ཞེས་པ་ནི་ཧ་ཅང་གི་ཐག་རིང་ཞིང་ཐ་ན་མེད་པར་གྱུར་ཡོད། དཔེར་ན། ད་སྔ་བོད་ནང་ཁྱོད་ཚོ་པ་གཅིག་གཅིག ང་ཚོ་པ་གཉིས་གཉིས། ཁོ་ཚོ་པ་གསུམ་གསུམ་ཟེར་ནས་ཕན་ཚུན་ཚོ་པའི་མིང་འབོད་བྱེད་པ་ལས། ས་ཆ་མང་པོ་ཞིག་གི་ནང་“བོད་པ་”ཞེས་པའི་ཐ་སྙད་འདིར་གོ་བ་ལེན་དུས་ཀྱང་ལྷ་སའི་གཡས་གཡོན་གྱི་མི་ལ་ཟེར་བ་ལས་སོ་སོ་ཚུད་ཀྱི་མེད། སདེ་བཞིན་དུས་རབས་གོང་མའི་དུས་དཀྱིལ་དུ་ཕྱིའི་བཙན་རྒྱལ་སྟོབས་ཤུགས་འགོག་རྒོལ་བྱེད་པའི་སྐབས་ཀྱང༌། “བསྟན་སྲུང་”ཅེས་ཆོས་ལུགས་ཀྱི་འདུ་ཤེས་འོག་ཏུ་གཅིག་སྒྲིལ་བྱེད་པ་ལས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་མཚོན་པའི་འབོད་ཚིག་གཅིག་སྒྲོག་ཐུབ་ཀྱི་མེད་པ་རེད། ཉེ་ཆར་རྒྱ་རིགས་རྩོམ་པ་པོ་ལིས་ཅང་ལིན་གྱིས་རྩོམ་ཡིག་གཅིག་ནང༌། ད་སྔ་དུས་རབས་གོང་མའི་དུས་དཀྱིལ་དུ་རྒྱ་དམག་དང་འཐབ་འཛིང་བྱེད་མཁན་གྱི་བོད་མི་ཁ་ཤས་ལ་བཅར་འདྲི་བྱས་པའི་སྐོར་ལ་འདི་ལྟར་བཀོད་འདུག“ཁོ་ཚོས་བརྗོད་པར་སྐབས་དེར་ཁོ་ཚོར་‘རྒྱལ་ཁབ།’‘མི་རིགས།’‘གསར་བརྗེ།’ ཞེས་པའི་རིགས་ཀྱི་འདུ་ཤེས་ཤིག་རྩ་བ་ནས་ཡོད་པ་མ་རེད། ཁོ་ཚོས་ཁོ་ཚོར་ཆོས་མཇལ་བྱེད་མི་བཅུག་པ། བཙན་དབང་ཐོག་ནས་དགོན་པ་བཤིག་པ་དང་སྒོ་རྒྱག་མཁན་གྱི་རྒྱ་མི་དེ་ཚོ་སངས་རྒྱས་བསྟན་པའི་དགྲ་བོར་ངོས་འཛིན་གྱིས་འགོག་རྒོལ་བྱས་པ་ཡིན་བརྗོད་ཀྱི་འདུག” དེ་བཞིན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དཔའ་བོ་དཔའ་མོ་ཚོར་མཚོན་ན་ཡང༌། སྤྱི་ཡོངས་ཀྱི་ཆ་ནས་བླ་མར་བརྩེ་སེམས་སོགས་ཆོས་ལུགས་ཀྱི་འདུ་ཤེས་ཐོག་ནས་ལངས་པ་ལྟ་བུ་ཞིག་ལས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཤིག་དེ་ཙམ་མངོན་རྒྱུ་མེད། དཔེར་ན་ཁོ་ཚོའི་ཁྲོད་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་གྲྭ་བཙུན་ཁྲོད་ནས་ཀྱང་དགེ་ལུགས་ཀྱི་གྲྭ་བཙུན་ཤུགས་ཆེ་བ་ཆགས་ཡོད། ཐ་ན་དུས་ད་ལྟའི་ཆ་ལ་ཡང་བོད་མི་བྱིངས་ཀྱི་འདུ་ཤེས་སུ་བླ་མར་བརྩེ་བ་དང་བླ་མར་དད་པ་ལས་བོད་མི་རིགས། བོད་རྒྱལ་ཁབ། བོད་གཞུང༌། བོད་གཞུང་གི་དབུ་ཁྲིད་ལབ་དུས། བསམ་བློའི་ཁྲོད་དེ་ཙམ་གྱི་དང་ག་མེད་པ་དང་གལ་ཆེར་མི་འཛིན་པར་སྣང་ཆུང་དུ་གཏོང་གི་ཡོད། ཉེ་ཆར་རང་བོད་ནས་རྒྱ་གར་དུ་འབྱོར་བའི་བོད་མི་ཞིག་དང་གླེང་མོལ་བྱེད་སྐབས། “ས་འདིའི་ཐོག་ལ་བླ་མ་མཇལ་རྒྱུ་འདུག དེ་མ་གཏོགས་གང་ཡང་མི་འདུག” ཅེས་བརྗོད་ཀྱི་འདུག།
    རྗེས་སུ་རང་ཉིད་ནས་བྲིས་པའི་འདུ་ཤེས་བཞི་དང་བྱ་སྤྱོད་གསུམ་ཞེས་པ་ཞིག་འབྲི་བཞིན་པ་ཡིན་པས་རྗེས་སུ་ཕུལ་རྒྱུ་ཡིན། འདུ་ཤེས་སྲ་བརྟན་ཞིག་འཛུགས་ཐུབ་མེད་པ་ནི་བོད་མིའི་རྗེས་ལུས་ཀྱི་རྣམ་པའི་ཟུར་ཙམ་གཅིག་རེད། འདི་དང་འདི་འདྲ་བའི་འདུ་ཤེས་དང་སྐྱོན་མང་དག་ཅིག་ད་དུང་སྤྱི་ཚོགས་འདིའི་ནང་ཡོད་པ་རེད། དེ་དག་ཐམས་ཅད་ཀྱི་རྩ་བ་ནི་བོད་ཀྱི་སྤྱི་ཚོགས་འདི་ད་དུང་སྤྱི་ཚོགས་རྙིང་པའི་ཤུགས་རྐྱེན་འོག་རྦད་དེ་འགྱུར་བ་ཞིག་འགྲོ་ཐུབ་མེད་པ་དེ་རེད།། །།
    འཕན་པོ་བསྟན་དར་ནས།།

  2. གྱི་ན་བས། says:
    2010-09-20 at 2:13 am

    ངོ་མ་ཅི་ཡིན་མི་ཤེས་ཏེ། དོན་དག་དེ་རིགས་ནི་དངོས་མཐོང་ལག་ཟིན་ཡིན་ནོ་། དེ་རིགས་ནི་ཁོ་བོ་ལའང་བྱུང་བ་ཞིག་ཡིན་ནོ། ངོ་མ་བདེན་ནོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme