Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-06-04 By ཁ་བརྡ་ 1 Comment on ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་ལོ་ ༡༩༥༩ ལོར་བོད་ལ་རྐྱེན་ངན་འཕྲད་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱིས་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཞི་བའི་ཞིང་འབྲོག་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་ཁོང་གི་ཕེབས་རྗེས་སུ་འབྲང་ནས་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་ནས་དུས་ད་ལྟ་བར་བོད་མི་བཙན་བྱོལ་བ་རང་ལོ་བཅུ་བཞི་ཡན་མི་རེའི་ལག་ཏུ་གནས་ཡུལ་ལུང་པའི་ཁྲིམས་མཐུན་གྱི་ཡིག་ཆ། ༼ Registration Certificate RC ༽ རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་དུས་འགྱངས་བཀའ་ཁྲོལ་བརྒྱུད་ང་ཚོའི་ལག་ཏུ་ཡོད་པ་ནས་ང་ཚོ་རྒྱ་གར་གྱི་ཡུལ་མི་དང་ཁ་ཁ་ཡིན་པ་དང་ང་ཚོ་ནི་རང་བཙན་བརྩོད་མཁན་གྱི་བོད་མི་རིགས་ཞིག་ཡིན་པ་འཛམ་གླིང་མི་མང་ནས་གསལ་པོ་མཁྱེན་བཞིན་པ་མ་ཟད་རྒྱ་གར་གཞུང་མང་གཉིས་ནས་ཀྱང་དུས་ཚོད་ལ་སྔ་ཕྱི་མ་གཏོགས་བོད་པ་ཚོ་བོད་ལ་ལོག་མཁན་ཡིན་པའི་ངོས་འཛིན་གནང་བཞིན་པ་ནས་ཉེ་ལམ་རྒྱ་གར་གྱི་འོས་བསྡུའི་ལས་རིམ་ནང་བོད་མི་བཙན་བྱོལ་བ་རྒྱ་གར་ནང་གནས་སྡོད་བྱེད་མཁན་ RC ལག་ཏུ་བཟུང་ནས་ཡུལ་མིའི་མཉམ་འོས་འཕེན་པ་འདིའི་མ་འོངས་རྒྱ་གར་གཞུང་དང་མི་མང་གི་ང་ཚོར་ལྟ་སྟངས་ག་འདྲ་ཆགས་མིན་དེ་ཡང་ང་ཚོའི་བསམ་བློའི་ནང་བང་སྒྲིག་དགོས་པ་ནི་ང་ཚོའི་ལག་ཏུ་ཕྱི་མི་རྒྱ་གར་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་ RC ལག་ཏུ་བཟུང་ནས་གནས་ཡུལ་ལུང་པའི་ཆབ་སྲིད་འགྲན་བརྩོད་ནང་འཛུལ་བ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་དེ་ཡང་གསལ་པོ་མ་ཆགས་པ་ནི་ང་ཚོའི་བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི། ཟེར་བའི་ནང་གསེས་བཞི་པའི་ནང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱིས་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་ཐུབ་པ་ནས་ད་ལམ་གྱི་གནས་སྟངས་འདི་ཆགས་པ་མ་རེད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ནས་ད་ལམ་གྱི་གནས་ཚུལ་འདིའི་ཐོག་ཐུགས་ཞིབ་ནན་པོ་མ་གནང་ཚེ་མ་འོངས་རྒྱ་གར་གཞུང་མང་གཉིས་ནས་ང་ཚོ་བོད་མི་བཙན་བྱོལ་བ་ཚོར་གཟིགས་ཕྱོགས་དང་བལྟ་སྟངས་ལ་བརྡོ་ཕོག་མི་ཡོང་བའི་ངེས་པ་མེད་པ་ནི་རྒྱ་གར་གྱི་གྲོས་ཚོགས་ཀྱི་འོས་བསྡུ་དེ་སྲིད་དོན་ཚོགས་པའི་བར་ཁྱོད་ཤི་ང་གསོན་གྱི་ཐོབ་ཤོར་ཆེ་བའི་ཉེན་ཚབ་ཅན་གྱི་འོས་བསྡུའི་མགྲན་བརྩོད་ནང་ང་ཚོ་བོད་མི་བཙན་བྱོལ་བ་ཕྱི་མི་གནས་སྡོད་ཆོག་པའི་ལག་ཁྱེར་ RC ལག་ཏུ་བཟུང་ནས་ཡུལ་མི་དང་འདྲ་མཉམ་གྱི་འོས་འཕེན་པ་ནི་མེ་དམར་པོ་ལག་པས་འཇུས་པ་མ་རེད་དམ། བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི། ནང་གསེས་བཞི་པའི་ནང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱིས་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་གནང་དགོས་པ་གསལ་འདུག་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་འཐོན་ནས་མི་ལོ་སུམ་བཅུ་ལྷག་ཙམ་འགྲོ་བའི་སྐབས་འདིར་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བོད་ཀྱིས་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་ཐུབ་པ་དེ་ནི་མི་མང་གིས་འཐུས་མི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་བཟོའི་ལས་འགན་མ་འགྲུབ་པར་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་ག་ནས་ཡོད།

བསམ་ཚུལ།

Post navigation

Previous Post: ཉེ་ལམ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་ཀྱིས་མཐོ་རིམ་མི་སྣ་མཉམ་ཞུགས་གནང་བའི་སྐོར་ལ་དཔྱད་པའི་གཏམ།
Next Post: མ་ཎི་རྡོ་ཕུང་།

Comment (1) on “ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།”

  1. འབྲོང་བུ་སོག་ཚ། says:
    2024-07-11 at 1:09 am

    རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ། ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་པའི་བོད་པ་ཚོ་གནས་ཡུལ་དེའི་ཡུལ་མི་ཐོབ་ཐབ་ཆེད་རྒྱ་གར་གོར་མོ་འབུམ་ཕྲག་མང་པོ་བཏང་དང་གཏོང་བཞིན་པའི་གནས་སྟངས་དེ་ཇི་མི་སྙམ་པར། རྒྱ་གར་ནང་ཉུང་ཤས་ཤིག་རྒྱ་གར་བའི་མི་སེར་བཟོ་བར་ཧ་ལས་མདོག་བྱས་པ་ནི་ཆོ་མེད་པ་ཞིག་རེད། རྒྱ་གར་གཞུང་གི་རྩ་ཁྲིམས་ནང་སྤྱི་ལོ་ ༡༩༥༠ ནས་ སྤྱི་ལོ་ ༡༩༨༦ ནང་རྒྱ་གར་ནང་སྐྱེས་པ་ཡིན་ན་རང་བཞིན་གྱིས་རྒྱ་གར་བའི་མི་སེར་ཆགས་ཆོག་པའི་ཐོབ་ཐང་ཡོད་པ་ཆ་རྐྱེན་དེའི་འོག་བོད་པ་སོགས་རྒྱ་གར་བ་ཆགས་པའི་རྒྱུ་མཚན་དེ་འདྲ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme