Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ལྟར་ལྷད་མེད་ཀྱི་བསམ་བློ་ཞིག་གཏོང་ཐབས་བྱེད་དགོས།

Posted on 2012-09-262012-09-26 By ཁ་བརྡ་ 2 Comments on ཉིན་ལྟར་ལྷད་མེད་ཀྱི་བསམ་བློ་ཞིག་གཏོང་ཐབས་བྱེད་དགོས།

རིགས་སློབ། མཚོ་འགོ་འཇམ་དབྱངས།
–Just A moment ཞེས་པའི་དུས་དེབ་ནས་ཟུར་བཏོན་བྱས་ཏེ་བསྒྱུར།

ང་ནི་ངས་གང་ཞིག་བསམ་པ་དེ་ཡིན། བསམ་ཞིབ་ཀྱི་བརྒྱུད་རིམ་གྱིས་ཉིན་ལྟར་སེམས་ལ་དབང་བསྒྱུར་བྱེད་པ་མ་ཟད། ད་དུང་ནུས་ལྡན་གྱི་སེམས་ཏེ་དོན་དངོས་སུ་ལས་མེད་ངང་གནས་མི་སྲིད། ངའི་བསམ་པས་ཉེ་འཁོར་གྱི་ཁོར་ཡུག་དག་གསར་སྐྲུན་བྱས་པར་དྭོགས་པ་མེད། མཚམས་རེ་བསམ་བློའི་གྲུབ་འབྲས་འདི་དག་འཕྲལ་དུ་གསལ་པོར་ཡོང་བ་དང། མཚམས་རེ་གྲུབ་འབྲས་དེ་དག་ལག་ལེན་ནང་དུས་ཡུན་ཏོག་ཙམ་འགོར་གྱིན་ཡོད། གང་ལྟར་ཡང་བསམ་བློ་དེར་ནམ་ནུས་ཤུགས་བརྟན་པོ་དང་དོ་སྣང་སྤྲོད་དུས་བྱ་སྤྱོད་ཐོག་མངོན་པར་གསལ་ཡོང་བ་ནི་བདེན་པར་གནས་ཡོད། དེ་དག་ངའི་བྱ་སྤྱོད་ཀུན་གྱི་གཞི་རྩ་ཞིག་རེད། གལ་སྲིད་ངས་ངེས་པར་དུ་བསམ་བློ་གཏོང་དགོས་པ་དང། དེ་ལྟར་བསམ་པ་ལས་བྱ་སྤྱོད་བཟང་ངན་ཅི་རིགས་ཀྱིས་ངའི་ཉེ་འཁོར་གྱི་འཇིག་རྟེན་བཟང་ངན་སྣ་ཚོགས་སྒྲུབ། དེ་ལྟ་ན་ངོས་ཀྱིས་བསམ་པ་ལྷད་མེད་པ་དང་ཚད་མཐོའི་རང་བཞིན་ཅན་གྱི་བསམ་བློ་གཏང་ན་དོན་དང་ལྡན་ཏེ་ངས་བསྐྲུན་པའི་འཇིག་རྟེན་འདི་ལྷད་མེད་དང་བཟང་པོ་ཞིག་ཡོང་གི་ཡོད། ལྷད་མེད་ཀྱི་བསམ་བློ་ཟེར་བ་དེ་གང་རེད། གང་བསམ་པ་ཀུན་རྟོག་པ་ཡིན་པས་ཐོག་མ་མེད་པ་ནས་ལྷད་མེད་ཅིག་མ་ཡིན་པས། ལྷད་མེད་ཀྱི་བསམ་པ་ཞེས་པ་ནི་བདག་འཛིན་དང་། འཁོན་འཛིན། ང་རྒྱལ། ཕྲག་དོག འདོད་རྔམས་སམ་ཁོང་ཁྲོ་དེ་དག་ལས་བྲལ་བ་ཞིག་རེད། ལྷད་མེད་ཀྱི་སེམས་དེ་ག་དུས་ལག་ལེན་ནང་དུ་འཕོ་འགྱུར་ཕྱིན་པ་ཡིན་ན་བྱེད་པ་པོ་རང་ཉིད་ལ་ལེགས་བཅོས་བྱེད་པར་མ་ཟད། སྣོད་བཅུད་དེ་ལ་ཡང་ལེགས་བཅོས་བྱེད་ཀྱིན་ཡོད། དེ་འདྲེའི་ལྷད་མེད་ཀྱི་སེམས་དེའི་ནུས་པས་གཞི་བྱས་ཏེ་རང་ཉིད་ལ་ཆེ་མཐོང་གིས་བསྟོད་བསྔགས་ཐོབ་ཀྱིན་ཡོད། ད་དུང་སོ་སོའི་ཕྱོགས་མཐའ་ལ་རྒྱ་བསྐྱེད་པ་མ་ཟད་ཐམས་ཅད་ལ་བདེ་བའི་ཚོར་བ་འདྲེན་གྱིན་ཡོད། སེམས་སྐྱོ་དགོས་པ་ཞིག་ལ། ངས་བསྐྲུན་པའི་ཁོར་ཡུག་དག་ལས་ལྷད་མེད་ཀྱི་སེམས་དེ་འདྲ་ཞིག་སྐྱེ་རྒྱུ་ཧ་ཅང་གི་ཞན་དུ་འགྲོ་གི་ཡོད་པ་གསལ་པོ་འདུག མཐའ་སྐོར་གྱི་སྦག་བཙོག་དེ་དག་གིས་ནང་གི་བསམ་བློ་གཏོང་ཕྱོགས་དེ་ཡང་དག་པ་ཞིག་མེད་པ་གསལ་སྟོན་བྱས།

འགྱུར་རྩོམ།

Post navigation

Previous Post: མི་ཕམ་རྣམ་རྒྱལ་རིན་པོ་ཆེའི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ།
Next Post: བདེན་པའི་མེ་ལྕེ་རྗར་མན་ནང་སྐོར་བསྐྱོད།

Comments (2) on “ཉིན་ལྟར་ལྷད་མེད་ཀྱི་བསམ་བློ་ཞིག་གཏོང་ཐབས་བྱེད་དགོས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-26 at 11:28 pm

    ཡི་ག་དག་ཆ་ལེགས་པས་དགའ། ད་དུང་ཡང་བཟང་ནས་བཟང་དུ་འགྲོ། ཡོང་ཞེས་པར་འོང་། ཞེས་ན་ཆོས་སྐད་དང་མཐུན། བྱེད་པར་མ་ཟད། ཅེས་པར་གཞན་ཕལ་ཆེ་བས་ར་སྒྲ་སྤངས་པ་ལྟར་མ་ཡིན་པར་བོད་སྐད་ཀྱི་དག་ཆ་ལ་རྩི་བ་ཡོད་པ་དེ། བོད་ལ་གུས་པའི་རྟགས་སོ།།

  2. དགེ་བསམ says:
    2012-09-27 at 2:45 am

    དེང་སང་ལྷད་མེད་པའི་བསམ་བློ་ཕར་བཏང་ན།
    ཕྱིར་འཁོན་ལན་ལོག་མཁན་མང་གི་ཡ།དེ་ལས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme