Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་འདི་དག་གི་གོ་ཐོས།

Posted on 2011-10-162011-10-16 By ཁ་བརྡ་ 2 Comments on ཉིན་འདི་དག་གི་གོ་ཐོས།

རྭ་རྒྱ་བློ་དབང་།
གཅིག་མེར་བསྲེགས་འདུག གཉིས་མེར་བསྲེགས་འདུག། གྲྭ་བ་བསྲེགས་འདུག།མི་སྐྱ་བསྲེགས་འདུག་སོགས་གཅིག་མིན་དུ་གོ་འོང་བའི་དུས་འདིར་ཅི་བྱ་གཏོལ་བྲལ་གྱི་ངང་ལ་གློ་སྙིང་མགོ་རྟིང་ལོག་ལ་ཁད་པ་རེ་བྱེད་ཀྱི་འདུག་མོད། དྲ་ཐོག་གི་ངོ་ཤེས་མི་ཤེས་ཀྱི་བོད་མི་ཚོའི་རྩ་ནས་སྐད་ཆ་ཡན་པོ་དག་ལ་ཉན་པ་དང་། རང་གི་ཁུ་བོར་མཐོང་ཐོས་སྐོར་རེ་ཁ་བརྡ་བྱ་རྒྱུ་ལས་ལྷག་པའི་ཐབས་ཤེས་མི་འདུག སྤྱིར་བཏང་བཤད་ན་གྲྭ་བ་ཞིག་གི་གཟུགས་འཆང་བའི་ཆ་ནས་མཆོག་གསུམ་ལ་གསོལ་འདེབས་དང་། ཡིག་དྲུག་སྒོམ་བཟླས་སོགས་བྱ་དགོས་པ་ཞིག་ལགས་ཀྱང་ཅིའི་རྐྱེན་ནམ་ཆ་མ་འཚལ་བར་དེ་འདྲ་བྱེད་པའི་བློ་མི་སྐྱེ་ལ། མཚམས་རེར་དེ་འདྲ་རེ་དྲན་ན་ཡང་ཡི་མུག་པའི་ཚོར་སྣང་སྐྱེན་པོ་ཞིག་གིས་དམིགས་པ་གཞན་ལ་དཀྱོགས་འགྲོ་བ་ཞིག་འདུག དེ་འདྲའི་ངང་ནས་ཉིན་མཚན་མང་ཙམ་འདས་ཤིང་། ལུས་སེམས་གཉིས་ཀ་ཟང་ཟིང་ལང་ལོང་གི་གནས་སྐབས་ཤིག་དང་འབྲལ་དུས་མེད་པར་གྱུར།

གནམ་ཀླད་དམ་་skype དང་ངོ་དེབ་སོགས་ལས་སྐད་ཆ་བདེན་རྫུན་ཅི་རིགས་ཤིག་ཐོས་འོང་ལ། ཁ་པར་གྱི་ནང་ནས་ཀྱང་ཡག་བཙོག་ཅི་རིགས་པའི་གཏམ་མང་པོ་ཞིག་ཁྱབ་ཀྱི་འདུག བོད་ནང་དང་ལྷག་པར་དུ་ཨ་མདོ་ས་ཆའི་མེར་བསྲེགས་ཀྱི་ལས་འགུལ་སྐོར་སྨོས་ཅི་དགོས་ཏེ། དེའི་ཕན་ཆད་ན་དེ་ལས་ཀྱང་དངམ་ནག་ཀྱང་བཟོད་དཀའ་བའི་སྐད་ཆ་སྣ་ཚོགས་གོ་རྒྱུ་འདུག་སྟེ། ཉིས་སྟོང་བཅུ་ལོའི་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་འགོག་པའི་སྲིད་ཇུས་ལ་མིང་ཙམ་གྱི་ལམ་ལྷོངས་མ་བྱུང་སྟབས། སླར་ཡང་སྔར་ནས་གཞི་བཏིང་བའི་ལས་འགུལ་ཞིག་མགོ་རྩོམ་བཞིན་འདུག་སྐད་དེ། རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ལ་སྤྱི་ཚོགས་འཛུགས་སྐྲུན་པའི་མིང་ཐོག་ནས་རྒྱ་མི་ས་ཡ་ལྷག་གནས་སྤོར་གྱི་འཆར་གཞི་དང་། རེབ་གོང་དུ་ལས་གཞིའི་སྔོན་འགྲོ་སྒྲུབ་བཞིན་པ་དང་རྒྱ་མི་དེ་ཚོ་འདུག་སའི་ཁང་པ་ཡང་མང་པོ་ཞིག་བསྐྲུན་ཚར་ཡོད་པ་དང་། ལོ་ཕྱི་མའི་ནང་རྒྱ་མི་འབུམ་གཅིག་སྤོ་ཐུབ་པའི་ལས་འཆར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་འདུག

ཐོས་ཚོད་ལ་རྨ་ལྷོ་ཁུལ་གྱི་ཧྲུའུ་ཅུ་ནི་རྒྱ་མི་ཞིག་ཡིིན་པ་དང་དབུས་དང་ཞིང་ཆེན་རིམ་པའི་ལྐོག་བགྲོས་སྲིད་ཇུས་ལྟར་ཁོ་རང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་སུ་སོང་སྟེ་བཟོ་གྲྭའི་སྦྱིན་བདག་སྐོར་ཞིག་དང་ལྷན་དུ་གན་རྒྱ་བཞག་སྟེ་རྒྱ་མི་གནས་སྤོས་ཀྱི་ལས་འཆར་དང་། གནས་སྤོར་རྗེས་ཀྱི་ལས་རིམ་དང་བཅས་པ་ཐག་བཅད་ཡོད་འདུག། ལས་འགུལ་དེའི་གཟས་ས་གཙོ་བོ་ནི་བོད་ཀྱི་རིག་གནས་དང་གོམས་སྲོལ་སོགས་རྨེག་མེད་དུ་བཟོ་བར་དམིགས་པ་དང་། མཚོ་སྔོན་གྱི་ཁོངས་ནས་བོད་རིགས་ཀྱི་རྨང་མཐུག་ས་དང་བོད་ཀྱི་རིག་གནས་ཀྱི་བསྟན་པ་ཅུང་དར་ས་ནི་རྨ་ལྷོ་དང་། མཚོ་ལྷོ། མགོ་ལོག་གསུམ་ཡིན་པས་ས་ཁུལ་དེ་གསུམ་ལ་ཁྱད་མེད་དུ་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་དང་། དེའི་སྔོན་འགྲོའི་གོམ་སྟབས་སུ་མགོ་ལོག་ལ་གནམ་ཐང་བཟོ་སྐྲུན་གྱི་ལས་འཆར་སྒྲུབ་བཞིན་ཡོད་འདུག སྤྱིར་བཏང་ད་ལྟའི་ཆར་ཟི་ལིང་ནས་རྟ་བོའི་བར་གྱི་གཅིག་གཉིས་གཅིག་གཞུང་ལམ་ཟེར་བ་དེའི་ནང་སྤྱིར་བཏང་བོད་རིགས་ག་ཚོད་ཅིག་འགྲུལ་བཞུད་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་མགོ་ལོག་གིས་དེ་བེད་ཆོད་པའི་ཚད་གཞི་གང་འདྲ་ཡིན་ནམ་ཟེར་ན། ཉིན་གཅིག་གི་ནང་མགོ་ལོག་ས་ཆའི་དངོས་ཟོག་རྒྱ་ནང་དུ་དབོར་བའི་ཚད་བརྒྱ་ཆའི་ལྔ་བཅུ་ཡན་ཟིན་པ་དང་། མིའི་འགྲུལ་བཞུད་ཀྱི་བརྒྱ་ཆའི་བདུན་ཅུའི་ཡན་རྒྱ་མི་རིགས་ཀྱིས་བཟུང་ཡོད། དེར་བསམས་ན་བསྐྲུན་ལ་ཉེ་བའི་གནམ་ཐང་དེ་ཡང་སུ་ལ་དགོས་མིན་ཧ་ཅང་གསལ་ལོ། །
1141
དེ་མིན་མཐོ་རིམ་སློབ་གྲྭ་ཞིག་ནས་རང་དབང་གི་བགྲོ་གླེང་འཚོགས་པ་དང་། ཚོགས་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དགག་དགོས་པ་དང་། རྒྱ་ཡེ་བཀྲ་བྷོ་གནོན་དགོས་པ། དགེ་བཅུའི་ཁྲིམས་བཤིག་དགོས་པ། སྟོན་པ་ཤཱཀྱ་ཐུབ་པ་ཤི་སོང་བ་སོགས་གླེང་རབས་ཀྱང་གོ་སོང་།
ད་དུང་ཡང་། རང་ཉིད་ཀྱི་ཕ་ཡུལ་ན་ཡང་ད་ལྟའི་ཆར་ཧ་ཅང་ཁྱབ་ཆེ་བའི་གླེང་གཞི་ནི། འབྲོག་སྡེ་མགྱོགས་ནས་མྱུར་དུ་གྲོང་བརྡལ་དུ་སྤོར་དགོས་པ་དང་དེར་མི་ཤོངས་པ་རྣམས་མང་རའི་བྱེ་ཐང་གི་ཕྱོགས་ག་ཤེད་ཅིག་ལ་འགྲོ་དགོས་རབས་དེ་ཡིན་འདུག། འབྲོག་སྡེ་སྐོར་ཞིག་གིས་ཁོ་ཚོ་ས་གཞན་ལ་འགྲོ་མ་དགོས་པར་རང་ཡུལ་དེ་ག་རང་ནས་གྲོང་བརྡལ་བཟོ་ཆོག་པའི་སྙན་ཞུ་ཕུལ་ཡོད་མོད། ཆོག་མིན་གནས་ཚུལ་སྐོར་ནས་གོ་མེད་ཚོར་མེད་ཡིན་རབས། འབྲོག་པ་ཚོའི་ལག་ཏུ་དབྱར་རྩ་དགུན་འབུའི་དྲིན་ལས་སྒོར་མོ་འགའ་ཐོབ་སྟབས། བག་མེད་རྒྱས་སྤྲོས་དང་ངོ་ཚ་ཁྲེལ་འདས་ཀྱི་བྱ་བ་མང་དུ་འབྱུང་བཞིན་པ། ཟི་ལིང་དང་ཁྲིན་ཏུའུ་སོགས་ཀྱི་ནག་(ཇག་ཚོགས་ཡིན་ནམ་སྙམ།) ཚོགས་སྐོར་ཞིག་འབྲོག་ཕྱོགས་ལ་སླེབས་ནས་ཁྱིམ་ཚང་མང་པོ་བཅོམ་སོང་བ་དང་། རྟ་ཟོག་མང་པོ་དེད་སོང་བ། ཚོང་ཁང་ཆེ་ཆུང་ཕྲོགས་སོང་བ་སོགས་དང་། ཟླ་གཅིག་གཉིས་ནང་གསོད་འཕྲོག་བཅོམ་གསུམ་གྱི་རྣམ་པ་ལས་མི་བཅུ་ལྷག་ཅིག་ཤི་སོང་བ་སོགས་རེད།
དེ་མིན་མཐོ་རིམ་སློབ་གྲྭ་ཞིག་ནས་རང་དབང་གི་བགྲོ་གླེང་འཚོགས་པ་དང་། ཚོགས་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དགག་དགོས་པ་དང་། རྒྱ་ཡེ་བཀྲ་བྷོ་གནོན་དགོས་པ། དགེ་བཅུའི་ཁྲིམས་བཤིག་དགོས་པ། སྟོན་པ་ཤཱཀྱ་ཐུབ་པ་ཤི་སོང་བ་སོགས་གླེང་རབས་ཀྱང་གོ་སོང་།
དེ་མིན་ལོ་ངོ་མང་པོར་བསྔོགས་པའི་རྡི་དངོས་གཏེར་ཁའི་(གཏེར་ཁ་དེ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་གི་ས་ཐོག་ན་ཡོད། སྔོན་གྱི་བཤད་རྒྱུན་ལ་གནས་དེ་རྨ་རྒྱལ་སྦོམ་རའི་གཏེར་སྒོ་ཡིན་པ་སྒང་བ་བོད་ཀྱི་ཕུན་ཚོགས་ཕྱྭ་གཡང་གནས་དེར་འཛོམས་ཡོད་ཚོད།) ཕྱོགས་ནས་ཀྱང་གོ་ཚོར་མང་སྟེ། གཏེར་འདོན་སའི་འཕྲུལ་ཆས་ཀྱི་བཙོག་ཆུ་ཐད་ཀར་རྟ་བོའི་དགུ་ཆུའི་ནང་བཏང་སྟབས། འབྲོག་ཁྱིམ་བརྒྱ་ཕྲག་ལྷག་ལ་འཐུང་ཆུ་གཙང་མ་བྲལ་ཏེ་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། ཆུ་དེའི་རྒྱུད་ཀྱི་ཕྱུགས་ཟོག་གི་ནད་ཡམས་ལོ་རེ་ནས་ལོ་རེར་རིགས་ཇེ་མང་དང་ཁྱབ་ཇེ་ཆེར་འགྲོ་བཞིན་པ། ཆུ་རྒྱུད་དེའི་མི་རྣམས་ལ་རུས་ཚིགས་ཀྱི་ནད་གཞི་དྲག་དཀའ་བ་ཞིག་ཀྱང་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་སྟབས་གནས་དེའི་མང་ཚོགས་སྐོར་ཞིག་གིས་རབ་དང་རིམ་པར་ཁྲིམས་གཏུགས་དང་། ངོ་རྒོལ། བསམ་འཆར་བཤད་པ་ཇི་ལྟར་བྱས་ཀྱང་ཕན་ནུས་མ་ཐོན་ཚུལ་དང་། མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭས་གཏེར་ཁ་དེའི་ཆེད་དུ་སྐད་འབོད་ཁྲོམ་སྐོར་དང་གོམ་བགྲོད་བྱེད་པ་སོགས་ཀྱང་བྱས་འདུག་མོད།
2100

ས་གནས་མགོ་ཁྲིད་མང་པོ་གཏེར་འདོན་ཁེ་ལས་པའི་རྒྱབ་རྩར་ལངས་ནས་ཕན་ནུས་མ་ཐོན་ཚུལ་སོགས་རེད། དེ་དང་དེ་ལ་སོགས་པའི་གོ་ཐོས་དེ་རིགས་ནི་རིག་གནས་དང་། སློབ་གསོ། དཔལ་འབྱོར། ཆབ་སྲིད་སོགས་བོད་ཀྱི་ཕྱོགས་ཡོངས་ལ་འབྲེལ་འདུག་སྟབས། རྒྱུན་ལྡན་མིན་པའི་གཏམ་འདི་དག་གོ་ཐོས་བྱུང་ཐེངས་རེ་རེར་རང་ཉིད་ས་ལ་འབྱར་སོང་སྙམ་པའི་ཚོར་སྣང་འབྱུང་གི་འདུག་ལ། བསམ་ཞིང་བསམ་ན་ལྡོག་པའི་རིམ་གྲོ་ཡང་རྙེད་དཀའ་བས་དྲ་ཐོག་གི་མངོན་ཤེས་ཅན་ཚོའི་སྤྱན་ལམ་དུ་གོ་ཁའི་རྒད་པོའི་གོ་གཏམ་ལྟར་འཇོག་དགོས་བྱུང་།

རྩོམ་རིག

Post navigation

Previous Post: ད་འགྲིག་སོང་། བོད་དོན་ཆེད་རྒྱལ་སྤྱིའི་ལས་འགུལ་སྤེལ་རོགས།
Next Post: བོད་མིའི་འབོད་སྒྲ་དང་། ངོ་གདོང་དྲ་ངོས་ཀྱི་མཆོད་མེ།

Comments (2) on “ཉིན་འདི་དག་གི་གོ་ཐོས།”

  1. ཁྱུང་དཀར says:
    2011-10-16 at 8:26 pm

    གཞིས་བྱེས་གང་དུའང་རང་མི་རང་ལ་སྡང་བ་ལས་རང་ཡུལ་རང་གིས་ནམ་ཡང་སྐྱོབ་མི་ཐུབ། གལ་སྲིད་རང་ཡུལ་སྐྱོབ་དགོས་བསམ་ན་བོད་ཀྱི་གཞོན་སྐྱེས་སྤྱི་བྱིངས་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་པོ་ཞིག་ངེས་པར་དུ་དགོས་ནའང་། དམར་ཤོག་རིང་ལུགས་པའི་དྲི་ངན་ང་ཚོའི་རྒན་རབས་པ་དང་གཞོན་རབས་པའི་ཤ་གསེང་དུ་སིམ་འཛུལ་བྱས་ཚར་བ་དང་། མི་རིགས་སློབ་གསོའི་ལས་དོན་སྐབས་སུའང་གུང་ཁྲན་ཏང་གི་རྭ་བ་ལས་བརྒལ་ཏེ་བོད་རང་གི་སློབ་གསོའི་བྱ་གཞག་སྤེལ་ཐབས་བྲལ་འདུག་ན་ཤི་མ་གསོན་གྱི་ང་ཚོའི་མི་རིགས་འདི་སྐྱོབ་རྒྱུ་དཀའ་སེ་འདུག དམར་ཤོག་གི་ཤུགས་རྐྱེན་ངན་པས་ང་ཚོའི་གཞོན་རབས་པའི་སྡེ་འདིས་ཕ་ཡུལ་ཤོར་ནས་ད་ལྟའི་འཚོ་ཐབས་ལ་དཀའ་ངལ་མང་རེ་མང་རེ་འཕྲད་ཀྱི་ཡོད་ནའང་ཕ་མེས་ཡང་མེས་ཚོས་བསྐྲུན་པའི་རིག་གཞུང་ལ་རྡོག་ཐོ་གཞུ་རྒྱུ་ལས་གང་ཡང་འཇོན་ཀི་མེད། འདི་ནི་རང་མི་རང་གིས་བསད་པ་དང་གཅིག་མཚུངས་ཡིན།

  2. རྭ་རྒྱ་བློ་དབང་། says:
    2011-10-17 at 6:13 am

    ད་ལྟ་ཨ་མདོའི་ཡུལ་སྤྱི་དང་ལྷག་པར་དུ་མཚོ་སྔོན་གྱི་ཁུལ་དང་རྫོང་ཞང་བཅས་སུ་མགོ་ཁྲིད་བརྗེ་བསྒྱུར་གྱི་ཚ་རླབས་ཤིག་ལྡང་གིན་ཡོད་ཚོད་ལ། དེ་ཡང་ལོ་རྗེས་མའི་ཀྲུང་དབྱང་གི་མགོ་ཁྲིད་བརྗེ་བསྒྱུར་གྱི་སྔོན་འགྲོའམ་རྨང་གཞིའི་བྱ་འགུལ་ཞིག་ཡིན་ཚོད། དེའི་ནང་འདེམས་བསྐོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། མང་ཚོགས་ཀྱིས་བདམས་པའི་འོས་མི་གཞུང་ནས་ངོས་ལེན་མ་བྱས་པར་ཁོ་ཚོའི་ཞེ་འདོད་ཀྱི་མི་(གོ་ཚོད་ལ་ཞང་རིམ་པ་ཡན་གྱི་ཧྲུའུ་ཅི་ཡོངས་རྫོགས་རྒྱ་རིགས་ཡིན་དགོས་འདུག) ཞིག་སྲིད་སྟེགས་སུ་བཙན་ཚུགས་ཀྱིས་འགྲེང་ཐབས་བྱེད་ཀྱི་ཡོད་སྟབས། གནད་དོན་དེ་རིགས་ཀྱི་རྩོད་རྙོག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་ཁ་མཆུ་མང་པོ་ཞིང་ཆེན་བརྒྱུད་ཀྲུང་དབྱང་བར་དུ་འཕོ་བཞིན་པའི་གནས་ཚུལ་ལྡོམ་པོ་དག་འདུག་མོད། བདག་གིས་འབྲེལ་ལམ་དང་ད་ལྟའི་གནས་ཚུལ་མང་པོ་ཞིག་ལ་བརྟེན་གཞན་གྱི་སྤྱན་སྔར་བཤམས་ཆོག་ཆོག་མ་ལོན་སྟབས། གནས་སྐབས་མིག་གིས་ཤེལ་ངོས་ལ་གྱེར་ཞིང་། རྣ་འབྱོག་སྐུད་སྣེ་ལ་བཏགས་བཏགས་སུ་ཡོད་མོད། ཧ་ཅང་ཁེག་པོ་འདུག གཞན་དག་གིས་ཀྱང་འདིའི་ཕྱོགས་ལ་དོ་སྣང་མང་ཙམ་བྱེད་པའི་རེ་འབོད་ཞུས་པ་ཡིན། རྙོག་གླེང་དེ་འདྲ་ཡོད་པའི་དཔེར་མཚོན་ཆེ་ཤོས་ཀྱི་ས་ནི་རེབ་གོང་ངམ་ཐུན་རིན་རྫོང་དང་། རྩེ་ཁོག་རྫོང་གཉིས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme