Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།

Posted on 2016-10-262016-10-26 By ཁ་བརྡ་ 34 Comments on ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
སྐད་ཡིག་མེད་པའི་གདོད་མའི་སྤྱི་ཚོགས་དུས་འདིར་དཀོན།།
ཁ་བཤད་གཏམ་དང་ལག་གིས་བྲིས་པའི་ཡི་གེ་གཉིས།།
གང་དུ་ཕྱིན་ཀྱང་ཡུལ་ལུང་སོ་སོར་མ་འདྲ་འདུག །
ང་ཚོ་བོད་མིའི་སྐད་ཡིག་རིག་གཞུང་མེས་དབོན་དྲིན།།

ཅིས་ཀྱང་གཟབ་གཟབ་མི་ཉམས་རྒྱུད་འཛིན་ང་ཚོའི་འགན།།
ཆོས་མེད་ཀླ་ཀློས་བོད་མིའི་རིག་གཞུང་རྩ་མེད་བཏང་།།
ཇི་ལྟར་བསམ་ཡང་སྤྲེལ་ཚའི་རིགས་རྒྱུད་བློ་རྩ་བརྟན།།
ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།།

བརྟག་དཔྱད་ཞིབ་འཇུག་ནན་པོ་བརྒྱུད་ནས་ཕུགས་ལམ་འདེམས།།
ཐོས་བསམ་སྒོམ་གསུམ་ནང་བསྟན་རིག་པའི་ཉིང་བཅུད་ལ།།
དོན་གཉེར་ཆེན་པོས་སྦྱངས་བརྩོན་བྱེད་པ་མཁས་པའི་བློ།།
ནང་ཆོས་རིག་པའི་གཞུང་ལུགས་བརྒྱུད་ནས་བོད་རིགས་འཚོ།།

དཔག་བསམ་ཤིང་ལྟར་དགོས་འདོད་ཀུན་འབྱུང་ནང་བསྟན་འདི།།
ཕ་ལམ་བཞིན་དུ་གཅེས་ཉར་འཛིན་སྤེལ་བོད་མིའི་འགན།།
བོད་མིའི་བསོད་ནམས་ནང་ཆོས་རིག་པའི་འོག་ཏུ་འཕེལ།།
མ་གྱུར་སེམས་ཅན་ནང་བསྟན་རིག་པའི་འོག་ཏུ་བསྐྱབས།།

རྩ་གསུམ་ཀུན་འདུས་རྫོགས་སངས་རྒྱས་ཀྱི་བསྟན་པ་འདི།།
ཚ་གདུང་སེལ་བའི་བདུད་རྩི་དཀར་པོ་འཕགས་པའི་ནོར།།
འཛམ་གླིང་ཞི་བདེའི་ལམ་སྟོན་བཟང་པོ་ཤཱཀྱའི་བསྟན།།
ཝེར་མའི་ལྷ་ཚོགས་གྲོགས་སུ་བཀུག་ནས་ནང་བསྟན་སྲུངས།།

གཞན་ཕན་བྱ་བ་རླབས་ཆེན་བྱང་སེམས་བརྒྱུད་ནས་འཁྲུངས།།
བཟོད་བསྲན་ཐུབ་པའི་བྱམས་བརྩེའི་འཕྲིན་ལས་ནང་བསྟན་ཙམ།།
འོད་གསལ་སྨྱུག་མའི་གཤིས་ལུགས་བརྒྱུད་ནས་ཟབ་ལམ་འཕོ།།
ཡེ་བློ་གསལ་སྟོང་སྐུ་བཞིའི་གོ་འཕང་མངོན་པར་སྒྲུབས།།

རེ་དོགས་སྟོང་པ་སེམས་ཀྱི་འཆར་སྒོའི་སྣང་བ་འགག །
ལས་སྨོན་བརྒྱུད་ནས་རང་ས་ཟིན་པའི་ཕོ་རྒོད་མང་།།
བཤེས་གཉེན་བསྟེན་པའི་དགེ་བའི་འབྲས་བུ་རང་ལ་སྨིན།།
བསམ་བཟང་གཏམ་དང་རྒོལ་བའི་གཏམ་གཉིས་མ་ནོར་མཁྱེན།།

ཧམ་བཤད་སྟོང་བཤད་ཟུར་ཙམ་མེད་པའི་དཔྱད་གཏམ་ལ་།
ཨེ་བདེན་མི་བདེན་ཕོ་རབ་ཚོ་ཡིས་དཔྱད་པར་འཚལ།།

སྣ་ཚོགས།

Post navigation

Previous Post: ཆབ་སྲིད་བཙོན་པ་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་བཏང་བ།
Next Post: ༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)

Comments (34) on “ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-27 at 12:18 pm

    རེ་དོགས་འཆར་སྒོ་སྐད་ཡིག་སྒང་ལ་ཐོངས། །
    ལས་སྨོན་བརྒྱུད་པ་གང་ཡིན་ངོས་འཛིན་གྱིས། །
    བཤེས་གཉེན་བསྟེན་ནས་ལམ་གྱི་རྩ་བ་ཚུགས། །
    སེམས་བཟང་གཏམ་བཟང་ཁ་བརྡའིནང་ལ་ཤོད། །

    ཧམ་བཤད་སྟོང་བཤད་ཟུར་ཟ་ཟུར་ལ་ཞོགས། །
    ཨེ་བདེན་མི་བདེན་ཕོ་རབ་རབ་ཀྱིས་ཤེས། །

  2. ཤངས་སྟོན། says:
    2016-10-28 at 12:25 am

    རྩོམ་རིག་མི་ཤེས་ཚིག་སྦྱོར་རྡོ་ཆག་བཙན་སྒྲིག་བྱེད། །
    གཞུང་ལུགས་མི་ཤེས་མི་ནག་རྨོངས་བྱེད་ཟོག་བརྫུ་སྨྲ། །
    བོད་ཞེན་ཡིན་ཁུལ་མེས་པོའི་མཛད་པར་བསྟོད་ཁུལ་རེ། །
    དྲིན་ཆེན་མི་ཤེས་ཕྱོགས་ལྷུང་མིག་ཅན་རིགས་ལ་གཟན། །

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-28 at 1:32 am

    མིང་རྫུན་འོག་ཏུ་མཆན་འདེབས་པ་རྣམས་གཟི་
    བརྗིད་ཆུང་།

    མིང་རྫུན་འོག་ཏུ་ནག་འདམ་འཕེན་མཁན་ཡ་རེ་ང་།
    མིང་རྫུན་འོག་ཏུ་མཁས་མིང་གྲགས་མཁན་
    ཡིད་རེ་མུག་།
    ཕོ་རྒོད་གཞུང་པ་རང་མིང་གྲགས་ནས་ཁ་བརྡར་འཛུལ་།

  4. སེང་ཕྲུག་བརྟན་པ། says:
    2016-10-28 at 2:46 am

    ཀླད་མེད་ཅན་གྱིས་མིང་ལ་རྩོད།
    མཁས་པས་རྟག་ཏུ་མིང་སྒྲོག་དཀོན།
    འབྲིང་བས་དོན་མེད་གཏམ་གླེང་མང་།
    དྲ་རྒྱ་འདི་ཡི་ནང་ཞུགས་པའི།
    གང་ཟག་རེ་ལ་མིང་རེ་ཡོད།
    དེ་ཡི་མ་འགྲིང་གང་ཡང་མེད།
    སྲིན་འབུ་མེ་ཁྱེར་ཉི་མར་རློམ།
    མཁས་པའི་རྩལ་ཞིག་སྟོན་འདོད་ན།
    རང་བཀྱག་སྐྱག་རྐུབ་ལས་དོར་ནས།
    མཁས་པའི་རྩོད་རར་ལྷག་ཅིག་བུ།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-28 at 3:58 am

    མིང་མེད་མཁས་པ་གང་ནས་ཕེབས་།
    བླ་མས་གནང་བའི་བོད་མིང་དང་།
    ཕ་མས་གནང་བའི་ཕྱི་མིང་དང་།
    དེ་གཉིས་མ་འདུས་དྲ་མིང་ཞིག་།
    མཁས་པའི་རྣམ་སྤྱོད་ཡིན་ལ་སྲིད་།
    ཧཧཧ

  6. སེང་ཕྲུག་བརྟན་པ། says:
    2016-10-28 at 6:17 am

    སེང་གེ་བརྒྱ་ཡི་འོ་དཀྲུགས་ནས།
    ཐོན་པའི་བློ་ལྡན་སེང་ཕྲུག་གཅིག
    མཁས་པ་བརྒྱ་ཡི་ཤེས་རབ་འདུས།
    ཐོན་པའི་མཁས་བདག་བློ་བརྟན་པ།

    སེང་ཕོའི་ཚོགས་ནང་སེང་རྒྱལ་དང་།
    སེང་མོའི་ཚོགས་ནང་སེང་ཕྲུག་ང་།
    མཁས་རློམ་ཅན་ལ་མཁས་པ་དང་།
    བློ་ཆུང་ཚོགས་ལ་བརྟན་པ་སྦྱིན།

    ཀ་ཀ་བྱ་རོས་སྐད་འབྱིན་པར།
    ཁ་ནས་ངོ་མཚར་འདོན་མཁན་མེད།
    ག་རུ་སོང་ཡང་སེང་ཕྲུག་ཁྱོད།
    ང་ལ་མི་དགོས་བརྗོད་མཁན་མེད།

    ཅ་ཅོ་སྐད་ངན་མང་བ་ཁྱོད།
    ཆ་ལུགས་ངན་པའི་བུད་མེད་འདྲ།
    ཇ་བཏུང་གཏམ་བཟང་གླེང་མི་ངར།
    ཉ་མ་ངང་གི་འཁོར་འདི་མཚར།

    ཏ་ཐཱ་ག་ཏའི་རྗེས་སུ་འཇུག
    ཐ་མའི་སྣང་བ་ཀུན་ནས་སྤངས།
    ད་ནས་ཆོས་གཏམ་གླེང་བ་ལས།
    ན་རཀ་ལྷུང་བའི་གཏམ་མི་གླེང་།

    པ་ཏོ་ལ་ཡི་རྩ་བ་ལྟར།
    ཕ་མེད་སེང་ཕྲུག་ང་ཡི་སྙིང་།
    བ་གླང་ལ་སོགས་དུད་འགྲོ་དང་།
    མ་གྱུར་སེམས་ཅན་དོན་དུ་འཕར།

    ཙ་གེ་ཙིག་གེ་སྦྱངས་འབྲས་སུ།
    ཚ་གི་ཚིག་གིའི་སྐད་ཆ་མང་།
    ཛ་རེ་ཛོ་རེའི་རང་མདོག་སྟོན།
    ཝ་སྡར་སེང་གེར་མ་འགྲན་ཨང་།

    ཞ་རིལ་བྲག་ལ་འཛེག་སྐལ་མེད།
    ཟ་འཕྲུག་ཅན་ལ་སྡོད་སྐལ་མེད།
    འ་འུར་ཅན་ལ་ཞི་སྐལ་མེད།
    ཡ་ཡོ་ཅན་ལ་དྲང་སྐལ་མེད།

    ར་མོའི་མགོ་རྭ་ཇི་རིང་ཡང་།
    ལ་ཁའི་སེང་ཕྲུག་གསོད་མི་ཐུབ།
    ཤ་ཁྱི་ངར་མའི་རྩལ་ལྡན་ཡང་།
    ས་ཁའི་སེང་ཕྲུག་དོ་ཟླ་བྲལ།

    ཧ་ཧ་སེང་ཕྲུག་བརྟན་པ་འགྱིང་པ་ཡིས།
    ཨ་ཁ་ཉེ་འཁོར་ཤ་བའི་བླ་སྲོག་ཤོར།

  7. ཤངས་སྟོན། says:
    2016-10-28 at 7:56 am

    ཧ་ཧ། མིང་ལ་མངོན་ཞེན་ཅན་གྱི་ཅོལ་ཆུང་ཞིག །ཀུན་རྫོབ་སྒྱུ་མའི་བསླུ་བྲིད་ཁོལ་པོར་གྱུར། །གཤིས་ལུགས་གོ་བའི་མཁའ་ལྡིང་ཤངས་སྟོན་ལ། །དྲྭ་གསེབ་ལྟོ་འགྲོས་འཕྱ་བ་བླུན་པོའི་མཚང་། །

  8. ཨ་འབར་འཇིགས་དབང། says:
    2016-11-02 at 12:03 am

    ༅༅། ཁ་ནས་རིག་གནས་རིག་གནས་ཇི་ལྟར་བརྗོད་ན་ཡང།
    ཐབས་ལམ་འདི་དང་འདི་ཞེས་ལམ་སྟོན་བྱེད་རྒྱུ་མེད།
    བྱེད་དགོས་སྦྱང་དགོས་ཡང་ཡང་བཤད་ན་ཡང།
    བཤད་པ་ཚང་མ་ཁ་སྟོང་ཙམ་ལས་མེད།
    ཁ་སྟོང་ཙམ་དུ་བཤད་པའང་མེད་ལས་དྲག།

  9. ཀརྡོ་རབ་འབྱམས་པ་ says:
    2016-11-02 at 12:36 am

    ར་མོའི་མགོ་རྭ་ཇི་རིང་ཡང་།
    ལ་ཁའི་སེང་ཕྲུག་གསོད་མི་ཐུབ།
    ཤ་ཁྱི་ངར་མའི་རྩལ་ལྡན་ཡང་།
    ས་ཁའི་སེང་ཕྲུག་དོ་ཟླ་བྲལ།

    ཧ་ཧ་སེང་ཕྲུག་བརྟན་པ་འགྱིང་པ་ཡིས།
    ཨ་ཁ་ཉེ་འཁོར་ཤ་བའི་བླ་སྲོག་ཤོར།
    འདི་ལ།
    ར་མོའི་མགོ་རྭ་ཇི་རིང་ཡང་། །
    ལ་ཁའི་སེང་ཕྲུག་གནོད་༼ ལྟར་གནོད་སེམས་མེད་པས་ ༽ མི་སྲིད། །
    ཤ་ཁྱི་ངར་མའི་ཞེ་སྡང་ཡང་། །
    ས་ཐང་སེང་ཕྲུག་དོ་ཟླ་༼ ཁོང་ཁྲོའི་༽ མེད། །

    ཧ་ཧ་སེང་ཕྲུག་ཁ་བརྡར་འགྱིང་པ་ལ། །
    ཨ་ཁ་ཉེ་འཁོར་ཀརྡོས་ཚིག་ངན་ཤོར། །

  10. སེང་ཕྲུག་བརྟན་པ། says:
    2016-11-02 at 1:22 am

    སེང་ཕྲུག་མཐོང་ཚེ་མི་དོ་ངེས་ན་ཡང་།
    སྐད་ངན་འབྱིན་པ་ཁྱི་རྒན་རང་བཞིན་ལགས།
    སྲིན་འབུ་མེ་ཁྱེར་འོད་དང་ལྡན་ན་ཡང་།
    ཉིན་གསར་ཉི་ཟེར་ཕོག་ཚེ་འཚེར་སྐད་ཤོར།

  11. ཀརྡོ་རབ་འབྱམས་པ་ says:
    2016-11-02 at 2:19 am

    སེང་ཕྲུག་བརྟན་པ།
    སེང་མིན་སེང་ཕྲུག་སྣང་བ་འཁྲུལ་བ་རེད། །
    ཕྲུག་གུ་མི་ཕོར་སྙམ་པ་ང་རྒྱལ་རེད། །
    བརྟན་མེད་ཀརྡོར་ངོམས་པ་འབྲས་མེད་རེད། །
    པ་ཕ་ཨ་མའི་གཅེས་ཕྲུག་ངུ་རན་རེད། །
    ཧ་ཧ། ཀུ་རེ་ཡིན་ནོ།།

  12. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-02 at 2:37 am

    ཀ་ཁ་སློབ་།
    ཁ་ནས་བཤོད་།
    ག་རེ་དགོས་།
    ང་རང་ཡིན་།

    ཅ་དངོས་སྒྲུབ་།
    ཆ་ལུགས་བཟང་།
    ཇ་ཆང་འཐུང་།
    ཉ་ཤ་དཀྱུར་།

    ཏ་ལའི་ཤིང་།
    ཐོས་བསམ་སྒོམ་།
    དད་པ་བརྟན་།
    ནོར་ལ་དགའ་།

    དཔེ་ཆ་ཀློག་།
    ཕན་པ་དགྱིས་།
    བོད་རིགས་ཚོ་།
    མ་ཎི་ཤེས་།

    རྩ་བ་བརྟན་།
    ཚ་གྲང་ཐུབ་།
    འཛུབ་སྟོན་ཟབ་།
    ཝ་སྤྱང་མང་།

    ཞཱ་རིགས་མང་།
    ཟས་གོས་འབོལ་།
    འུར་གཏམ་མང་།
    ཡ་རབས་ཉུང་།

    རང་དབང་མང་།
    ལོག་གཏམ་བཤད་།
    ཤེས་རྟོགས་ཉུང་།
    ས་མཚམས་འགལ་།

    ཧང་སངས་མེད་།
    ཨ་རོགས་ཚོ་།

  13. ཀརྡོ་རབ་འབྱམས་པ་ says:
    2016-11-02 at 7:41 am

    ཀ་ཁ་ཀློགས།
    ཁ་ནས་འདོན།
    ག་ལེར་སོམས།
    ང་ཚོའི་བོད།

    ཅ་དངོས་སོགས།
    ཆ་ལུགས་དང་།
    ཇ་ཆང་སོགས།
    ཉ་ཤ་ཟོ།

    ཏ་ལའི་ཤིང་།
    ཐ་ནའི་གོས།
    དད་པའི་རྟེན།
    ནོར་རྣམས་གསོག

    པ་ཕ་དང་།
    ཕ་མ་གཉིས།
    བ་ཉར་བཞིན།
    མ་མས་སྐྱོངས།

    ཙ་རི་རིའི།
    ཚ་གྲང་བཟོད།
    ཛ་ལངས་གཤིས།
    ཝ་ཤེད་ཞོགས།

    ཞྭ་རིགས་དང་།
    ཟ་ཆ་འབོལ།
    འ་རེ་དང་།
    ཡ་ཡུ་མེད།

    ར་མ་དང་།
    ལ་ལུག་གི
    ཤ་ཁྲག་ཚབ།
    ས་ཞིང་སྤྱོད།

    ཧ་ལས་པའི།
    ཨ་ཡིག་སྦྱོངས།

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-02 at 9:09 am

    ཀུན་དང་མཐུན་།
    ཁ་མ་མང་།
    གང་བསམ་བརྗོད་།
    ང་རྒྱལ་སྤོངས་།

    ཅ་ཅོ་ཉུང་།
    ཆས་གོས་ཡག་།
    ཇ་ཆང་ཞིམ་།
    ཉི་མ་རིང་།

    རྟ་ལ་དགའ་།
    ཐངས་ལ་རྒྱུགས་།
    དམ་ཆོས་སྲུང་།
    ན་ཚ་དཀོན་།

    པ་ཕ་ཡག་།
    ཕ་མ་བཟང་།
    བུ་ཕྲུག་འཛོམས་།
    མ་རབས་ཉུང་།

    རྩ་ཆུ་འཛོམས་།
    ཚ་ཚོང་ཡག་།
    རྫས་ལུད་དཀྱུར་།
    ཝ་སྤྱང་མང་།

    ཞི་བདེ་བསྐྲུན་།
    བཟང་སྤྱོད་སྤེལ་།
    འུར་གཏམ་ཉུང་།
    ཡ་རབས་སྲུང་།

    རང་ལུགས་སྲུང་།
    ལར་རྒྱ་བརྟན་།
    ཤ་ཚའི་གཏམ་།
    ས་འདིར་བཤད་།

    ཧམ་པ་ཆུང་།
    ཨ་རོགས་ཚོ་།

    གི་གུ་དབྱངས་།
    ཞབས་དཀྱུ་དབྱངས་།
    འབྲེང་བུ་དབྱངས་།
    ན་རོ་དབྱངས་།

  15. སེང་ཕྲུག་བརྟན་པ། says:
    2016-11-02 at 12:11 pm

    ཀ་རྩོམ་མི་ཤེས་འབད་ཁུལ་གྱིས།
    ཁ་ནས་ཐོན་པ་ཐམས་ཅད་བྲིས།
    ག་ནས་བལྟས་ན་ཆེས་བླུན་པོ།
    ང་རྒྱལ་ཅན་གྱིས་བྱས་པ་མཐོང་།

  16. ཀརྡོ་རབ་འབྱམས་པ་ says:
    2016-11-02 at 12:22 pm

    #15 སེང་ཕྲུག་བརྟན་པ། ་ལགས་ཀྱིས་སྤེལ་དོན།:
    November 2nd, 2016 at 12:11 pm
    ཀ་རྩོམ་མི་ཤེས་འབད་ཁུལ་གྱིས།
    ཁ་ནས་ཐོན་པ་ཐམས་ཅད་བྲིས།
    ག་ནས་བལྟས་ན་ཆེས་བླུན་པོ།
    ང་རྒྱལ་ཅན་གྱིས་བྱས་པ་མཐོང་།
    འདི་ལ།
    ཀ་རྩོམ་མ་འབད་སེང་ཕྲུག་ཁྱོད། །
    ཁ་ནས་ཚིག་ངན་མ་འདོན་ཅིག །
    ག་ནས་བལྟས་ཀྱང་ང་རྒྱལ་ཅན། །
    ང་དང་གཞན་ལ་མ་དམོད་ཅིག །

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-02 at 9:41 pm

    བཀབ་རྐྱོན་མང་པོ་ཕེབས་བྱུང་།
    ཁ་བསྡུང་མང་པོ་རག་བྱུང་།
    རྒོལ་གཏམ་མང་པོ་བཤད་བྱུང་།
    ངོ་རྒོལ་མང་པོ་བྱས་བྱུང་།

    ཅ་ཅོ་མང་པོ་བསྒྲགས་བྱུང་།
    ཆོ་མེད་མཆན་འགོད་བཏབ་བྱུང་།
    ཇུས་མེད་འགན་འཁུར་བླང་བྱུང་།
    ཉེན་བརྡ་མང་པོ་བཏང་བྱུང་།

    བསྟན་ཤིག་མང་པོ་བསླང་བྱུང་།
    མཐོང་ཆུང་མང་པོ་བཏང་བྱུང་།
    དོན་མེད་རྐྱོན་འཛུགས་བྱས་བྱུང་།
    ནག་མདའ་མང་པོ་འཕེན་བྱུང་།

    དཔའ་དང་བློ་ཁོག་ངོམས་བྱུང་།
    ཕག་ཚགས་མང་པོ་རྒྱབ་བྱུང་།
    བ་ར་བེ་རེ་བཤད་བྱུང་།
    མ་འགྲིག་མཆན་འདེབས་བཏབ་བྱུང་།

    རྩོད་པ་མང་པོ་རྒྱབ་བྱུང་།
    ཚོགས་གཏམ་མང་པོ་རག་བྱུང་།
    རྫིག་རྫིག་མང་པོ་བཏང་བྱུང་།
    ཝ་སྤྱང་ངུ་སྐད་བསྒྲགས་བྱུང་།

    ཞད་བགད་མང་པོ་བསླང་བྱུང་།
    ཟུར་ཟ་མང་པོ་སྤེལ་བྱུང་།
    འུར་གཏམ་མང་པོ་བསྒྲགས་བྱུང་།
    ཡང་ཡང་རྐྱོན་འཛུགས་བྱས་བྱུང་།

    ར་ཟི་མང་པོ་བཤད་བྱུང་།
    ལོག་འབྲེལ་མང་པོ་བྱས་བྱུང་།
    བཤད་བཤད་མང་པོ་བཏང་བྱུང་།
    ས་མཚམས་འགལ་ནས་བཤད་བྱུང་།

    ཧམ་བཤད་མང་པོ་བཤད་བྱུང་།
    ཨམ་ཚིགས་མང་པོ་བསྡམས་བྱུང་།
    ཨ་ཀྱང་སྐུ་རྩེད་ཞུས་པ་ཡིན་།
    དྲ་གྲོགས་དགོང་པ་མ་འགལ་ལོ་།

  18. སེང་ཕྲུག་བརྟན་པ། says:
    2016-11-03 at 12:53 am

    ཀ་ཡེ་ཉོན་དང་དྲ་གྲོགས་རྣམ་པ་གཉིས།
    ཁ་རྡུང་གྲོགས་པོ་བསམས་ནས་བཏང་བ་ཡིན།
    ག་ལེར་ཞིབ་ཀློག་གནང་ན་ཕན་ཚིག་གདའ།
    ང་ལ་དགྲ་བོ་འཛིན་ནའང་ཁྱེད་གཉིས་ཤེས།

    ཅ་ལེ་ཅོལ་ལེེ་ཚིག་སྦྱོར་མི་མཉམ་པའི།
    ཆ་བེ་ཆོབ་བེ་ཚིག་དོན་ཡ་མ་ཟུང་།
    ཇ་འཐུང་ཆང་འཐུང་ལྟ་བུའི་རྩོམ་ལུགས་འདི།
    ཉ་གེ་ཉོག་གེ་ཉེེར་དགུའི་ཐུག་པ་འདྲ།

  19. སེང་ཕྲུག་བརྟན་པ། says:
    2016-11-03 at 1:02 am

    མི་སྙོམ་

  20. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 1:19 am

    སེང་ཕྲུག་ལགས་སུ།
    ཀ་ཡེ་ཉོན་དང་མི་ཡི་སེང་ཕྲུག་ཁྱོད། །
    ཁ་རྡུང་དྲག་པོ་གྲོགས་པོར་བཏང་ཡིན་ཟེར། །
    ག་ལེར་བཀླགས་ན་ཕན་སེམས་ཡོད་དོ་ཟེར། །
    ང་ཚོ་དྲ་གྲོགས་དགྲ་མཚུངས་བྱས་དོན་ཅི། །

    ཅ་ཅེ་ཅོལ་ཡང་ཚིག་སྦྱོར་མི་མཉམ་རྫུན། །
    ཆབ་བེ་ཆོབ་བེའི་ཚིག་དོན་ལེགས་པ་བདེན། །
    ཇ་ཆང་འཐུང་ཤོར་བྲིས་པ་དེ་ཡང་བདེན། །
    ཉ་ག་ཉོ་གེའི་ཉེར་དགུའི་ཐུག་པ་འཐུངས། །

  21. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 1:21 am

    སེང་ཕྲུག་གི་དགུ་ཐུག་དེ་ཉག་ཉོག་མེད་པ་ཅིག་བཟོས་ནས་འཐུང་བགྱིད་ཡོད་པ་འདྲ། ཧ་ཧ་ཧ།། །།

  22. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-03 at 9:38 am

    ཀུན་དང་མཐུན་ན་སྤྱོད་པ་རེད་།
    ཁ་ཁར་དགྱེས་ན་ལྟ་བ་རེད་།
    གང་བསམ་བརྗོད་རྒྱུ་རང་དབང་།
    ང་ཚོ་དྲ་གྲོགས་ནང་གཏམ་རེད་།

  23. སེང་ཕྲུག་བརྟན་པ། says:
    2016-11-03 at 9:45 am

    ཁང་ཆུང་གྲུ་བཞིའི་ནང་གཅིག་པུར་ལུས་སྐབས་དུས་ཚོད་སྐྱེལ་ཆེད་སེམས་ལ་གང་ཤར་བྲིས་པའི་ཀ་རྩོམ་ཐོར་བུ་བ།

    ཀ་བའི་རྒྱན་གྱུར་རིན་ཆེན་རྡོ་ཤེལ་དང་།
    ཁ་བའི་ལྗོངས་ཀྱི་འཁྱགས་པའི་ཆུ་ཤེལ་གཉིས།
    ག་ནས་བལྟས་ན་མི་མཚུངས་གང་ཡང་མེད།
    ང་ཚོའི་བོད་ཀྱི་ཆུ་ཡང་རིན་ཆེན་ལགས།

    ཀ་བེ་ཀོབ་བེ་མཁྲེགས་སེམས་ལྡན་མི་ལྡན།
    ཁ་ནས་འདོན་པའི་གཏམ་ལ་གཞིགས་ན་ཤེས།
    ག་དུས་ཡིན་ཡང་གཞན་ལ་དམའ་འབེབ་བྱེད།
    ང་ལེགས་ང་བཟང་རྐྱང་གིས་རྒྱལ་མི་ཐུབ།

    ཅ་ཅོ་གཏམ་ངན་གླེང་བར་དགའ་ཅི་ཡོད།
    ཆ་མེད་ཆོས་ཤིག་འཚོལ་འདྲ་དོན་གྱིས་སྟོང་།
    ཇ་ཞིམ་བོར་ནས་ནས་ཆང་འཐུང་པ་ཡིས།
    ཉ་པ་ལྟ་བུས་སྨྱོ་གླུ་ལེན་པ་ལས།

    ཏ་ཐཱ་ག་ཏ་བཞུགས་གནས་བོད་ཡུལ་གྱི།
    ཐ་ན་ཡོན་ཆུང་ཙམ་ཡང་གླེང་རོགས་བུ།
    ད་བར་ང་ཁྱོད་རྐྱང་རྩོད་དུས་འདའ་བས།
    ན་བ་མ་གཏོགས་འབྲས་བཟང་ག་ན་ཡོད།

    པ་རི་པུ་རི་མི་ཡི་ལད་མོ་དོར།
    ཕ་བཟང་བུ་ཡི་སྤྱོད་པར་སློབས་ཤིག་བུ།
    བ་གླང་ལྟ་བུ་དོན་མེད་བསྡད་པ་ལས།
    མ་གྱུར་འགྲོ་བའི་དོན་དུ་གཞོལ་ན་ཨ།

    ཙ་གེ་ཙིག་གེ་ལས་ལ་ཞུགས་འབྲས་སུ།
    ཚ་གི་ཚི་གིས་བཤད་པའི་སྐད་ཆ་འདི།
    ཛ་རེ་ཛོ་རེ་གད་སྙིགས་སྤུང་པ་འདྲ།
    ཝ་སྐྱེས་སྡར་མས་སེང་གེར་མ་འགྲན་ཨང་།

    ཞ་ཞིའི་སྤྱོད་པ་དོར་དང་དར་གཞོན་ཚོ།
    ཟ་རི་ཟི་རུའི་གཏམ་ངན་མ་ཤོད་འདིར།
    འ་ཅག་ཁ་བ་རིགས་པའི་སྤུན་ཟླ་རྣམ།
    ཡ་ག་གཏོང་ལེན་ལས་ཀྱི་ཕན་པ་གང་།

  24. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 9:57 am

    མུ་མཐུད་ནས།
    ར་མ་ལུག་གི་ཡུལ་སྐད་མ་ཤོད་ཅིག །
    ལ་རྒྱ་ཡོད་ན་ཁ་བརྡར་ཐོན་ཤོག་ཀྱེ། །
    ཤ་གཟན་བོད་ཕྲུག་ཤ་མེད་ཟས་ལ་གོམས། །

    ཧ་ཧ་སེང་ཕྲུག་མ་འཁྱོང་ཀ་ཕྲེང་འདི། །
    ཧ་ཧའི་ངང་ལ་ཀརྡོས་འཇུག་བསྐྱལ་བྱས། །
    ཨ་རོགས་བརྟན་པ་ཁོ་ཏེ་གང་དུ་ཡོད། །
    ཨ་མའི་བུ་ཁྱོད་ལན་ཅིག་རེ་ནས་བྲིས། །
    ་
    ཁོ་དང་ཁོང་། ཁོ་རེ་ལ། སྟོད་སྐད་དུ་ཁོ་ཏེ་ཟེར་སྲོལ་འདུག

  25. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-03 at 10:09 am

    ས་ཕྱོགས་འདི་རུ་ཤ་ལས་སྔོ་ཚལ་ཞིམ་།

  26. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-03 at 10:52 am

    ཀ་ར་ཀོ་རེ་བཤད་མི་ཤེས་།
    ཁ་ངན་ཚིག་ངན་རྒྱག་མི་ཤེས་།
    རྒོལ་གཏམ་ཚིག་རྩུབ་གླེང་མི་ཤེས་།
    ང་རྒྱལ་ཁོང་འཁྲོ་ལང་མ་མྱོང་།

    ཅ་ཅོ་འར་འུར་བཤོད་མ་མྱོང་།
    ཆོ་མེད་ཀ་བཤད་འབྲི་མ་མྱོང་།
    ཇ་ཆང་སྲེས་ནས་ཐུང་མ་མྱོང་།
    ཉ་ཤ་ཕག་ཤ་ཟ་མ་མྱོང་།

    ལྟ་བ་འཚེ་མེད་ཞི་བ་རྒྱུད་།
    མཐའ་མ་བོད་དོན་བདེན་མཐའ་གསལ་།
    དོན་དངོས་བོད་མིར་རང་དབང་དགོས་།
    ནམ་ཞིག་བོད་ལ་ལོག་ནས་འགྲོ་།

    པ་ཕ་ཨ་མའི་དྲིན་ལན་ཟབ་།
    ཕ་མ་ལས་ལྷག་སུ་གཅིག་མེད་།
    བུ་རབས་ཚ་རྒྱུད་བློ་ལ་ཞོག་།
    མ་ནོར་ལམ་ལ་བདེ་ལམ་འཚོལ་།

    དུས་ཚོད་མེད་པས་འདི་རུ་འཇོག་།

  27. སེང་ཕྲུག་བརྟན་པ། says:
    2016-11-03 at 11:19 am

    རྣམ་པ་གཉིས་ཀྱིས་ཡུན་རིང་སེང་གེའི་ལྷན།
    འགྲན་པས་འཆོང་རྩལ་ཡག་ཙམ་ཤེས་གདའ་བུ།
    འོན་ཀྱང་ཝ་ཡིས་འཆོང་སྟངས་མ་བྱེད་ཨང་།
    དོན་མེད་རུས་པ་ཆག་ནས་ལུས་ཡོང་བུ།

  28. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-03 at 11:59 am

    སེང་གེ་གངས་འཕྲོད་འགྲིམ་ལ་མཁས་ཀྱང་ཐང་གི་དཀྱིལ་ལ་ཝ་ཡིའི་རྗེས་མི་ཟིན་ཧཧཧ

  29. སེང་ཕྲུག་བརྟན་པ། says:
    2016-11-03 at 12:34 pm

    སེངྒེ་གོམ་པ་གང་ལ་ཝ་ཡི་གོམ་བཅུ་རེ་ཡོད་རེད། ད་ལྟོས་དང་སུ་མགྱོགས་ས་རེད།

  30. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 1:45 pm

    པ་ཕ་ཨ་མའི་དྲིན་ལན་ཟབ་།
    ཕ་མ་ལས་ལྷག་སུ་གཅིག་མེད་།
    བུ་རབས་ཚ་རྒྱུད་བློ་ལ་ཞོག་།
    མ་ནོར་ལམ་ལ་བདེ་ལམ་འཚོལ་།

    དུས་ཚོད་མེད་པས་འདི་རུ་འཇོག་།
    ་
    མ་མྱོང་སྐོར་ལ་་་་
    ་
    ཙག་ཙིག་ཅ་ལག་ཉར་མ་མྱོང་། །
    ཚ་བར་ལྭ་ཝ་གྱོན་མ་མྱོང་། །
    ཛ་ལངས་སྤྱོད་པ་བསྟན་མ་མྱོང་། །
    ཝ་སྐྱེས་བཞིན་དུ་བྲོས་མ་མྱོང་། །

    ཞྭ་མོའི་མཚོན་མདོག་རྩོད་མ་མྱོང་། །
    ཟ་མ་ཚོད་མེད་བཟའ་མ་མྱོང་། །
    འ་རེ་འུ་རེ་བྱས་མ་མྱོང་། །
    ཡ་མེད་འུར་ཤོབ་བཤད་མ་མྱོང་། །

    ར་ལུག་སྲོག་གཅོད་བྱས་མ་མྱོང་། །
    ལ་ལུང་དོན་མེད་བརྒལ་མ་མྱོང་། །
    ཤ་ཆང་ཚོད་མེད་ཉོ་མ་མྱོང་། །
    ས་མཚམས་ཡོད་ཚད་བརྒལ་མ་མྱོང་། །

    ཧ་ཧ་ཧབ་སྐད་བརྒྱབ་མ་མྱོང་། །
    ཧ་ཅང་ཚོད་མེད་བྲིས་མ་མྱོང་། །
    ཨ་ཕའི་དགོངས་པ་དཀྲུགས་མ་མྱོང་། །
    ཨ་མར་ཁ་ལན་སློག་མ་མྱོང་། །
    ་
    ད་དེ་གས་འགྲིགས་པ་བྱས།

  31. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 1:48 pm

    རྣམ་པ་གཉིས་ཀྱིས་ཡུན་རིང་སེང་གེའི་ལྷན།
    འགྲན་པས་འཆོང་རྩལ་ཡག་ཙམ་ཤེས་གདའ་བུ།
    འོན་ཀྱང་ཝ་ཡིས་འཆོང་སྟངས་མ་བྱེད་ཨང་།
    དོན་མེད་རུས་པ་ཆག་ནས་ལུས་ཡོང་བུ།
    ་
    འདི་ལ།
    ་
    སེང་ཕྲུག་སྐྱིད་ཉལ་བརྒྱབ་རན་འདྲ། །
    སེང་ཕྲུག་འཆོང་རྩལ་ཆད་རན་འདྲ། །
    བརྟན་པའི་སེམས་རྩ་དར་རན་འདྲ། །
    བརྟན་པ་ཉལ་སར་ལུས་རན་འདྲ། །
    ་
    ཚིག་བཀྱལ་ཙམ་མོ།།

  32. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 1:51 pm

    སེང་ཕྲུག་བརྟན་པ་གང་དུ་ཡོད། །
    སེང་ཕྲུག་འབྲི་རྩལ་ངོམས་རན་འདུག །

  33. སེང་ཕྲུག་བརྟན་པ། says:
    2016-11-03 at 10:56 pm

    ཧ་ཧ་ཧི་ཧི་ཞིག་གིས་དབུ་འཛུགས་ཞུ།

    ཝ་རྒན་ངལ་བ་ཆེན་པོ་ཡིས།
    ཚེ་གཅིག་སྦྱངས་ལས་བྱུང་བ་ཡི།
    རྒྱུག་རྩལ་འགྲན་ས་ནོར་འདུག་སྙམ།
    དེ་འདྲའི་རྒྱུག་རྩལ་སེང་ཕྲུག་ལ།
    མ་སྦྱངས་སྐྱེས་པའི་ཉིན་ནས་ཡོད།
    ཁྱོད་ཀྱི་རང་འདྲའི་ཝ་རྒན་མཉམ།
    འགྲན་ན་རྒྱལ་ཁ་ཐོབ་ཀྱང་སྲིད།
    སེང་ཕྲུག་ང་དང་འགྲན་འགྲན་ནས།
    འཐོབ་རེ་འཛིན་པ་བླུན་པོའི་རྟགས།
    དེས་ན་རྨི་ལམ་ནང་དུ་ཡང་།
    འགྲན་སེམས་དོར་དགའ་ཝ་རྒན་ལགས།
    ཡོང་རྒྱུ་མེད་པའི་དངོས་པོ་ལ།
    རེ་བ་སྟོང་པ་འཛིན་པ་ལས།
    རང་དགོས་འབྲི་རྩོམ་ལས་ལ་གཞོལ།
    སྐབས་རེར་རང་འདྲའི་མཉམ་དུ་འགྲན།
    ཝ་སྐྱེས་ཚོགས་ལ་རྒྱུག་རྩལ་ངོམ།
    བསྟོད་པའི་མེ་ཏོག་གཏོར་ཡང་སྲིད།
    དོན་མེད་འགྲན་ཟླ་བྲལ་བ་ཡི།
    སེང་ཕྲུག་མཉམ་འགྲན་རང་ཤི་བརྒྱབ།
    ཝ་རྒན་ཁྱོད་འདྲ་སྙིང་རེ་རྗེ།
    གལ་སྲིད་ངེས་པར་འགྲན་དགོས་ན།
    སེང་ཕྲུག་ཡོན་ཏན་སོགས་ལ་བསྟོད།
    རྗེས་སུ་ཡི་རང་དགེ་བ་ཀུན།
    བདག་འདྲའི་སེང་ཕྲུག་སྐྱེ་བར་སྨོན།
    རྒྱུ་འབྲས་མི་བསླུ་བདེན་པའི་མཐུས།
    སུས་ཀྱང་མི་ཐུབ་འགྱིང་ཞིང་བརྗིད།
    མཐོང་ཐོས་ཙམ་གྱིས་བླ་སྡར་གྱུར།
    བདག་འདྲའི་སེང་གེའི་སྐྱེས་བླངས་ནས།
    བདག་དང་འགྲན་པའི་སྐལ་ལྡན་འགྱུར།
    ཝ་རྒན་ལ་གདམས་པ་རིན་པོ་ཆེ་ལིའུ་དང་པོའོ།

  34. ཀརྡོ་རབ་འབྱམས་པ་ says:
    2016-11-03 at 11:08 pm

    ཝ་རྒན་ཡིན་དང་གཞན་ཅིག་ཡིན། །
    ་
    ལེའུ་དང་པོ་ཡིན་མདོག་གི །
    ལེའུ་གཉིས་པ་ད་འཁྱེར་ཤོག །
    སེང་ཕྲུག་རེད་དང་ཁྱི་ཕྲུག་རེད། །
    བརྟན་པ་རེད་དང་མ་བརྟན་རེད། །
    ་
    ཟུར་གནས་མཁས་པས་ཞལ་ནས་འོངས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme