Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཕྱེད་གནས་སྐོར་གྱི་ཟིན་ཐོ།

Posted on 2016-01-162016-01-16 By ཁ་བརྡ 1 Comment on ཉིན་ཕྱེད་གནས་སྐོར་གྱི་ཟིན་ཐོ།

རྣམ་གྲོལ་གླིང་། བསོད་ནམས་ནོར་བུ།

 
སྐྱོ་ཉམས་སྟོན་པའི་བི་ཧར་གྱི་ཉི་འོད་མོག་པོ་གནམ་གཞུང་ན་སླེབ་དུས་ང་དང་གྲོགས་པོ་ཚོ་རྡོ་རྗེ་གདན་ཉེ་འགྲམ་གྱི་གནས་སྐོར་ལ་འགྲོ་བའི་ཉེར་བསྡོགས་བརྩམས། སྤྱི་ལེ་ 40 ཡར་མར་གྱི་ས་ཆ་ལ་མི་བརྒྱད་དགུ་ཙམ་གནས་སྐོར་འགྲོ་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན་ཏེ། དང་པོ་འགྲོ་བའི་བསམ་བློ་མཐུན་ཞིང་བར་དུ་རྡོག་སྒྲ་གཅིག་ལ་གཏད་དགོས་པས་སོ།།

སྣུམ་འཁོར་ཆེ་ཆུང་གཉིས་གླས་ཏེ་ཐོན་ལ་ཉེ་བ་ན། གྲོགས་པོའི་ཕ་རྒན་གྱིས་ཧིན་སྒོར་ 1500 བཏོན་ཏེ་ང་ལ་སྦྲང་འགྱེད་ཆེད་ལྕགས་སྒོར་ལ་བརྗེ་སྒྱུར་བྱེད་པར་མཉམ་དུ་འགྲོ་དགོས་ཟེར། ཁོང་ཉིད་ལོ་ན་མཐོ་བས་ང་རང་གཅིག་པུ་སོང་སྟེ་ཤོག་སྒོར་1500 ལྕགས་སྒོར་ 1350 ལ་བརྗེས་ནས་ཕྱིར་ལོག་སྟེ་གྲོགས་པོའི་ཕ་རྒན་ལ་རྩིས་འབུལ་ཞུ་དུས། རྒྱ་གར་བས་ང་རང་ཧིན་སྒོར་ལྔ་བརྒྱ་ཡར་མར་མགོ་སྐོར་བཏང་ཡོད་པ་ཤེས། གྲོགས་པོ་ངེད་གཉིས་སླར་རྒྱ་གར་བ་དེ་འཚོལ་དུ་ཆས་ཀྱང་རྒྱ་གར་བ་དེ་བྲོས་ཤིང་སྔ་མའི་ས་ཆ་ལ་བསྡད་མི་འདུག བི་ཧར་གྱི་རྒྱ་གར་བ་དག་ནི་སྒོར་མོ་མཐོང་ན་རང་གི་མི་གཤིས་དང་། ངོ་ཚ་ཁྲེལ་ཡོད། དེ་བཞིན་ལུང་པའི་ཁ་མགོ་རྣ་དང་ལ་རྒྱ་སྟེ་འགྲོ་བ་མིའི་བརྩི་སྲུང་བྱེད་དགོས་པ་ཚང་མ་གཏན་བརྗེད་དུ་གྱུར་འགྲོ་བས་ཁོང་ལ་ཁག་ཅི་ཡོད། ཚུར་ལོག་ཁར་བདག་གིས་སྒོར་ཁུག་ནས་ཧིན་སྒོར་ལྔ་བརྒྱ་བཏོན་ཏེ་རྒྱ་གར་བ་གཞན་ཞིག་དང་བརྗེས་རྗེས་གྲོགས་པོའི་ཕ་རྒན་གྱི་བློ་སེམས་བདེ་བར་བྱས།

ག་ཡཱའི་མཁའ་དབུགས་དང་ཁྲོམ་སྲང་། གད་སྙིགས་དང་སྤྲང་གོག་བཅས་ཐམས་ཅད་གཤོག་སྟེ་ལམ་ལ་ཐོན། ཅུང་ཟད་སོང་བ་ན་ཆུ་བོ་མེད་པའི་ཟམ་པ་རིང་པོ་ཞིག་དང་མངོན་སུམ་ཡི་དྭགས་ཀྱི་ཡུལ་ལ་སླེབ་པ་ལྟ་བུའི་ཡ་ང་བའི་བྱེ་མའི་ཐང་བཅས་བརྒྱུད་དེ་ཤར་བསྐྱོད་བྱས། དེ་རིང་ཡར་ལང་དུས་ཞོགས་ལྟོ་དང་ཉིན་ལྟོ་མཉམ་དུ་ཁེལ་ཞིང་། ཉིན་ལྟོ་ཡང་སྐམ་ཟས་གཅིག་པུ་བྱས་པས་ཡིན་ནམ། ང་རང་སྣུམ་འཁོར་ནང་ཞེ་མེར་ལྡང་ཞིང་མགོ་ཡོམ་འཁོར་སྟབས་ཚོགས་རྫས་ཆེད་ཉོས་ཡོང་བའི་ཚ་ལུ་མ་ཞིག་ཀྱང་མ་ཟ་རང་ཟ་ཐུག

 
བསིལ་བའི་ཚལ།

བསིལ་བ་ཚལ་གྱི་དུར་ཁྲོད་ནི་རྒྱ་གར་གྱི་དུར་ཁྲོད་གྲགས་ཆེན་ཞིག་དང་། དེ་ཡང་གསང་སྔགས་ཀྱི་གནས་བྱིན་ཆེན་ཞིག་ཡིན་པ་གསོལ་འདེབས་ལེའུ་བདུན་མ་དང་ཆོས་འབྱུང་སོགས་ལས་གསལ་བས་བཞག ཁོར་ཡུག་ནི་ཕྱོགས་བཞི་མཚམས་བརྒྱད་ཤིང་ནགས་རྫོབ་པོས་(ཏ་རེ་)མཐའ་ནས་བསྐོར་ཞིང་། དཀྱིལ་ན་རྡོ་ཕ་བོང་ལུག་རོ་ཙམ་པ་མང་པོ་གཡས་འགྲིལ་གཡོན་འགྲིལ་གྱི་ཚུལ་དུ་སྤུངས་ཡོད། རྡོ་ཕུང་དེ་དག་གི་དབུས་ན་རྡོ་དང་ཨར་འདམ་གྱི་བཅས་པའི་མི་གཟུགས་ཙམ་གྱི་རྡོ་ནར་མོ་འབྲོག་པའི་ཐབ་ཀ་འདྲ་པོ་ཞིག་གི་སྟེང་ན། རྒྱ་གར་བ་ཞིག་གིས་མཇལ་པ་ཚོ་གན་རྐྱལ་ངང་བསྙལ། རྐང་པ་ནས་མགོ་བར་གྲི་ཆུང་ཞིག་གཏུག་ཙམ་གཏུག་ཙམ་གྱིས་རོ་བཤའ་ཁུལ་དང་། མགོ་ནས་སྐྲ་རྐང་འགའ་བཅད་དེ་མེ་ནང་བསྟབས་ཀྱི་འདུག འདི་ནི་རྒྱ་གར་བས་བོད་མི་ཚོར་རྔ་གོག་ལ་ལྟ་བཞིན་འཆམ་འགྲོས་ཟེར་བ་དེ་ཡིན་བཟོ་འདུག་སྟེ། ཁོང་ཚོའི་ལུགས་ལ་མི་ཤི་རྗེས་ཆུ་ལ་བསྐུར་བ་དང་མེ་ལ་བསྲེག་པ་ལས་གཤག་གཏུབ་བྱེད་པའི་སྲོལ་ཡེ་ནས་མེད་པས་སོ།།
ཁྱད་མཚར་ཤོས་ཤིག་ལ། བསིལ་བ་ཚལ་གྱི་དུར་ཁྲོད་ནི་ཕྱོགས་གང་ལ་བལྟས་ཀྱང་འདི་ནི་ངོ་མ་དུར་ཁྲོད་ཅིག་ལོས་ཡིན་སྙམ་པའི་དུར་ཁྲོད་རོལ་པའི་ཆས་བརྒྱད་སོགས་ནི་ཤིག་སྲོ་ཙམ་ཡང་རྙེད་པར་མི་འགྱུར་བ་དེ་རེད། རྡོ་ཕུང་རེའི་སྒང་དུ་ང་ཚོས་རང་ནུས་ཀྱིས་ཚོགས་འཁོར་བསྐོར་ཏེ་དཔའ་བོ་ཌཱ་ཀི་དྭངས་སྨན་རྣམས་ཐུགས་དམ་བསྐང་ཞིང་དགྱེས་མཆོད་ཕུལ་རྗེས། ཚོགས་རྫས་ལྷག་མ་དང་ཕ་རྒན་གྱི་ལྕགས་སྒོར་རྣམས་སྤྲང་པོ་ལ་འགྱེད་པ་ན། སྤྲང་པོ་དག་ནི་རྟ་རོའི་སྟེང་དུ་བྱ་རྒོད་ཤོར་བ་བཞིན། བཀག་ཀྱང་མི་ཁོག་པར་འཚང་ཁ་རྒྱག་བཞིན་ང་ཚོའི་མདུན་ལ་ཤོར་ཏེ་ངའི་གྲོགས་པོའི་ཨ་ཅག་ས་ལ་འགྲིལ་དགོས་པ་བཟོས།

 
ཤ་བ་རི་པ།

བསིལ་བའི་ཚལ་ནས་རི་སྒང་དེར་ཡར་འཛེགས་ན་གྲུབ་ཆེན་ཤ་བ་རིའི་སྒྲུབ་ཕུག་མཇལ། གྲུབ་ཆེན་ཤ་བ་རི་པ་ནི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཞིག་ཡིན་ཞིང་། ཁོང་དང་པོ་སྒྲུབ་ཕུག་འདིར་མགོན་པོ་ཕྱག་དྲུག་པ་སྒྲུབ་བཞིན་ལོ་བཅུ་གཉིས་བཞུགས་ཏེ། ཐ་མ་མགོན་པོས་ཤ་བ་རི་ལ་ཡེ་ཤེས་ཀྱི་སྐུ་དངོས་སུ་བསྟན་ནས་གྲུབ་པ་བརྙེས་པར་གྲགས། སྒྲུབ་ཕུག་ནང་དུ་ལོ་དྲུག་དཀའ་བ་སྤྱད་པའི་སྟོན་པའི་སྐུ་རྟེན་ཞིག་འདུག་པར་སྐད་ཆ་འདྲི་དུས། དཀོར་གཉེར་ལགས་ཀྱིས་གསུངས་ན། ཐེག་དམན་པ་ཚོས། སྟོན་པས་ལོ་དྲུག་དཀའ་བ་སྤྱད་ས་ནི་སྒྲུབ་ཕུག་འདི་ཡིན་པ་ལས། ང་ཚོར་ཡོངས་གྲགས་ཀྱི་ཆུ་འགྲམ་དེ་ཡིན་པ་ཁས་མི་ལེན་པས་ཁོང་ཅག་གིས་ལོ་དྲུག་དཀའ་བ་སྤྱད་པའི་སྐུ་བརྙན་འདི་བཞག་པ་རེད་ཟེར།
ཡ་མཚར་ཤོས་ཤིག་ལ། ཤ་བ་རི་པའི་སྒྲུབ་ཕུག་ནི་བདག་གཉེར་གནང་མཁན་རྒྱ་གར་བ་མ་ཡིན་པར་བོད་པ་ཡིན་པ་དེ་རེད། དེ་ཡང་དཀོར་གཉེར་བས་བཤད་པ་ལྟར་ན། བོད་ས་མ་ཤོར་གོང་ནས་ལི་ཐང་བླ་རྒན་ཞིག་སྒྲུབ་ཕུག་འདི་ན་བསྙེན་སྒྲུབ་བྱས་ཏེ་བཞུགས་ཡོད་ཚུལ་དང་། བོད་ས་ཤོར་རྗེས་ཁོང་བརྒྱུད་ནས་རྣམ་རྒྱལ་གྲྭ་ཚང་དང་ཡར་མར་འབྲེལ་བ་བྱུང་སྟེ། ད་བར་སྒྲུབ་ཕུག་ནང་ནས་རྒྱ་གར་བ་གཉིས་ཕུད་མ་ཐུབ་པར་ནར་མར་སྡོད་པ་ཙམ་ལས། གཞན་ཆ་ཚང་རྣམ་རྒྱལ་གྲྭ་ཚང་གིས་བདག་གཉེར་བྱེད་ཀྱི་ཡོད་སྐོར་གསུངས།

རི་སྒང་འདི་ནས་མར་ལ་བལྟས་ན་བི་ཧར་གྱི་གནམ་མཐའ་ཐལ་མདོག་གིས་བཏུམ་ཞིང་། དམར་ཐག་ཆོད་པའི་ཉི་མ་ཡང་ནུབ་ངོས་སུ་རེ་ཐག་ཆད་པའི་ཟོལ་གྱིས་ག་ལེར་ནུབ་ལ་ལྷུང་འགྲོ་བས། གང་ལ་གཞིགས་ཀྱང་ས་མཐར་གྱར་བའི་ཡིད་སེམས་ནི་ཧ་ཅང་སྐྱོ་དུང་ངེ་བ་ཞིག་རེད།

12/ 1/ 2016

དྲན་ཐོ།

Post navigation

Previous Post: སྤྱིར་བོད་དུ་ཇ་བྱུང་ཚུལ།
Next Post: ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།

Comment (1) on “ཉིན་ཕྱེད་གནས་སྐོར་གྱི་ཟིན་ཐོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-01-17 at 2:12 am

    ལྕགས་སྒོར། ལས། དངུལ་ཊམ། རྙིང་། དངུལ་ཊམ་ལས། བསིལ་མ། བདེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme