Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཐོ་ཤར་བྲིས་མ།

Posted on 2012-10-302012-10-30 By ཁ་བརྡ་ 5 Comments on ཉིན་ཐོ་ཤར་བྲིས་མ།

ཨ་མའི་གཅེས་ཕྲུག

ཧ་་་་་་་ ཧ་་་་་་་་ཧ་་་་་ད་ཅི་ཞིག་བྱ་གིན་ཡོད་དམ། ཞེས་པའི་སྒྲ་ཞིག་ཐོས་མ་ཐག་ང་རང་སྐྱིད་པའི་མལ་གཟན་ལས་དངངས་མ་སྐྲག་གིས་ཧོབ་ལངས་བྱ་གིན་ལག་གདགས་ཀྱི་དུས་ཚོད་འཁོར་ལོར་བལྟ་ཙམ་བྱས་པ་ན་ལས་ཀར་འགྲོ་བའི་དུས་ཚོད་ཟིན་ལ་ཉེ་འདུག བསྐྱར་དུ་བསམ་གཞིགས་ཤིག་བྱ་གིན་་་་ཨའོ་་་་་་དེ་རིང་ནི་རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་དྷིའི་འཁྲུངས་སྐར་ཡིན་པས་ཚང་མ་གུང་གསེང་ཡིན་པ་གཞི་ནས་དྲན་པ་གསོས་ཏེ་སེམས་ལྷོད་ལ་བབས་ནས་སླར་ཡང་རྐྱོང་ཤད་ཅིག་དང་སྦྲགས་ཉལ་ཁྲིའི་སྟེང་ཨ་ལོག་ཅིག་བརྒྱབས་ཏེ་ཉལ་བ་ཡིན། གང་ལྟར་གུང་གསེང་གི་སྐབས་སུ་དུས་ཚོད་ཕྱི་པོ་ཉལ་རྒྱུ་ནི་ངའི་མ་བཅོས་གཤིས་སུ་གྲུབ་པ་ཞིག་ལགས་ན། དེ་རིང་ཡང་དེ་ལྟར་བྱ་རྒྱུ་ལས་མ་འདས། དེ་ནས་དུས་ཚོད་གཅིག་ཙམ་གྱི་རྗེས་ཉལ་གོས་དང་བྲལ་ཏེ་ཕྱི་རོལ་དུ་ཐོན་པ་ན་ནམ་རྒྱུན་གོམས་ལོབས་སུ་སོང་བ་བཞིན་དེ་རིང་ཡང་རང་གི་མིག་ཟུང་གཉིས་པོ་མདུན་ཕྱོགས་སུ་བལྟ་བར་ཐལ། དེ་ནི་ཁོང་དང་ངོ་ཤེས་པའི་དུས་དེ་ནས་བདག་ལ་ཚོར་ཤུགས་གསར་པ་ཞིག་གིས་སྣེ་དྲངས་ཏེ་བལྟ་འདོད་པ་དང་མཐོང་འདོད་པ་དེ་ཁོ་ན། ད་དུང་མདུན་ཕྱོགས་ནས་འཕྲོས་འོང་བའི་འོད་ཟེར་དེས་བདག་ལ་སྔར་མེད་ཀྱི་བདེ་བ་ཞིག་དང་སེམས་ཚོར་གསར་པ་ཞིག་སྦྱིན།
སྐབས་རེ་ཞིབ་ཏུ་བསམ་ན་དེ་ནི་བདག་གིས་ཡུན་རིང་རེ་སྒུག་བྱས་པའི་བདེ་སྐྱིད་ཀྱི་རྩ་བ་ཡིན་ནམ། ཡང་ན་སྔར་བྱུང་མ་མྱོང་བའི་སྡུག་བསྔལ་གྱི་རྒྱུ་ཞིག་ཡིན་པ་རང་ཉིད་ཀྱིས་ཀྱང་དབྱེ་འབྱེད་དཀའ། བདག་གིས་ཁོང་དྲན་ཞིང་ལོ་ཟླ་མང་པོ་འདི་ལྟར་རིམ་གྱིས་འདས་སོང་ལ་ད་དུང་དྲན་པས་གདུང་ཞིང་སྐྱོ་བས་མནར་བའི་མིག་ཆུའི་ཐིགས་ཕྲེང་སེམས་ཁོང་དུ་བཞུར་བ་གྲངས་ཀྱིས་མི་ལངས། ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་དེ་སུ་ཞིག་གིས་བདག་ལ་གནང་བའི་ལེགས་སྐྱེས་ཡིན་ནམ། ཉིན་མཚན་དབྱེར་མེད་དྲན་པས་གདུང་བ་སུ་ཞིག་གིས་བདག་ལ་བཏང་བའི་ཉེས་པ་ཡིན། དེ་ལྟར་ཁོང་ཉིན་གཅིག་ལ་མ་མཐོང་ཡང་དྲན་པའི་སེམས་ཀྱིས་བསྐུལ་ནས་ཟོས་པའི་ལྟོ་ལ་བཅུད་མེད་པ་དང་ཉིན་གང་པོ་སེམས་སྐྱ་སྟོང་སིང་སིང་ཞིག་གིས་དེ་མ་ཉིད་དུ་ཁོང་དང་མཇལ་རྒྱུ་བྱུང་ན་སྙམ་པའི་ཚོར་བ་ཞིག་རང་བཞིན་གྱིས་སྐྱེས་ཡོང་གིས། ད་ལྟ་བར་དུ་ཁོང་ནི་སུ་ཞིག་གིས་བཏང་བའི་ཕོ་ཉ་ཡིན་པ་མི་ཤེས་མོད། འོན་ཀྱང་བརྡ་ལན་ཙམ་ཞིག་གིས་བདག་གི་སེམས་པ་ཀློང་ཀློང་པོར་བཏང་། དེ་ནས་བཟུང་མདུན་ཕྱོགས་སུ་ཅི་ཞིག་ཡོད་པ་བཞིན་བདག་གི་མིག་ཟུང་ཡང་དེ་ཕྱོགས་སུ་བལྟ་བར་གོམས་གཤིས་སུ་གྱུར་འདུག ཨོ་་་་་་་དེ་དག་ལ་བསམ་གཞིགས་བྱ་གིན་གྲོད་ཁོག་ཡང་སྟོང་པར་ལྷག་འདུག ད་བསམ་བློ་ནང་ལ་བཀུག་ནས་ཞོགས་ཇ་ཞིག་བཟོས་ཏེ་རང་ལ་སེམས་གསོ་ཞིག་ཐོབ་ཆེད་དུ་རང་ཉིད་ཀྱི་དགའ་ཤོས་གླུ་གཞས་དེ་སྒྲ་སྒམ་ཆུང་ཆུང་དེ་ལས་གཏོང་འགོ་བཙུགས་པ་ཡིན་ལ་སྔོན་གྱི་འཆར་ཡན་གྱི་བསམ་བློ་དེ་ལས་གཡོལ་ཐུབ་ཙམ་བྱུང་།

སྣ་ཚོགས།

Post navigation

Previous Post: འཁྲེང་ཞེན་ནག་པོའི་ཕྱི་མིག
Next Post: ཚོར་བས་བྲིས་པའི་སྙན་ཐུང་འགའ།

Comments (5) on “ཉིན་ཐོ་ཤར་བྲིས་མ།”

  1. རེབ་སྐྱིད་མཚོ says:
    2012-10-30 at 11:56 am

    དེ་ཤིན་ཏུ་ལེགས་ཆར་ཡན་གྱི་བསམ་སྤྱོད་དོར་ཐུབ་ན་ངག་དྲང་ཚིག་དང་ཡིད་རྣལ་མ་བྱ་སྤྱོད་
    མ་བཅོས་པར་གནས་ཐུབ་པའི་མ་ཚད་བེད་མེད་ཀྱི་ལས་ལ་གཡེང་སྦྱོར་དེ་ཡང་ཞི་འགྲོ།།

  2. མེ་ཏོག་དཀར་པོ། says:
    2012-10-31 at 1:32 am

    འཆར་ཡན་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་སམ། གསལ་བཤད་ཞུའོ།།

  3. དགའ་བའི་བུ་མོ། says:
    2012-10-31 at 8:11 am

    མེ་ཏོག་དཀར་པོ་ལགས། འཆར་ཡན་གྱི་བསམ་བློ་ཟེར་ན་རང་ཉིད་ཀྱིས་བསྒྲུབ་འོས་པའི་བྱ་བ་ལ་བསམ་བློ་རྩེ་གཅིག་ཏུ་གནས་མི་ཐུབ་པར་སེམས་རྒྱ་ཡན་དུ་སོང་བའམ་སེམས་གནས་ཚུལ་གཞན་ཞིག་ཏུ་གཡེང་པ་ལ་གོ་ན་འགྲིག

  4. Ten Tse Prince says:
    2012-10-31 at 9:57 am

    ཨ་མའི་གཅེས་ཕྲུག་མ་་་་་་་་་་་་་་་ཁྱེད་ཀྱི་་ཉིན་ཐོ་འདི་ལ་ཐེངས་གཅིག་ལྟས་བ་ཡིན་ཧ་ཅིང་གི་སྙན་པོ་འདུག་་་་་དེ་མ་ཟད་ཁྱེད་རང་ལ་བརྩེ་དུང་གི་ཚོར་ཤུགས་རྣོ་པོ་ཞིག་ཡོད་པའང་་གསལ་བོ་རེད་་་་་་་་་་་་དེར་བརྟེན་་་འཆར་ཡན་གྱི་འཇིག་རྟེན་ཁོ་ནར་མགོ་བོ་འཐོམ་པ་ལས་་་ངེད་གཉིས་ནས་འཇིག་རྟེན་གྱི་བརྕེ་དུང་དངོས་མྱོང་བྱས་ན་ཅི་འདྲི་འདུག་་་་་་་་་་་་་་་་གལ་ཏེ་་་་འདོད་པ་ཡོད་་་་་ངའི༷་ངོ་དེབ་ལ་ཕེབས་རོགས་ཞུ་་་་་་་་་་་་་་་་ཡ་ལན་ཞིག་་ངེས་པར་ངུ་ཡོད་པ་ཞུ་

  5. Ten Tse Prince says:
    2012-11-02 at 10:34 am

    ཨ་མའི་གཅེས་ཕྲུག་མ་་་་་་་་་་་་་་་་་་་་་་་་་་་་་་ལན་ཞིག་གནང་གི་མ་རེད་དམ་་་་་་་་་་་་་་་་་་ཁྱེད་ཉེད་མྱུར་ཏུ་མཇལ་བའི་སྨོན་ལམ་ལེན་བརྒྱར་ཞུ་ྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme