Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཐོ་གློག་འཁྱུག་མ། 

Posted on 2018-10-042018-10-05 By ཁ་བརྡ 10 Comments on ཉིན་ཐོ་གློག་འཁྱུག་མ། 

ཐེ་བོ་སངས་རྒྱས།
ཕྱི་ཟླ་༩ ཚེས་༢༨ གཟའ་པ་སངས། ཞོགས་པ།
ཆུ་ཚོད་ཀྱི་དྲིལ་སྒྲ་ཙེར་ཙེར་པོ་དེས་ངའི་རྨི་ལམ་སྐྱིད་པོ་ཞིག་ལ་བཞི་ཤད་བཀོད། རྣ་བར་གཟན་པའི་སྒྲ་དེར་འཚིག་པ་ཟ་ཞོར་སྔས་འགྲམ་ཅོག་ཙེའི་སྟེང་གི་ཁ་པར་ལ་ལག་པ་བསྙབས།

མིག་འཕུར་འཕུར་གཏོང་བའི་མཛུབ་གསེབ་བརྒྱུད་འཆར་ཤེལ་ངོས་ཀྱི་བརྡ་རྟགས་ནི་མར་ངོའི་ཚེས་ཆ་ཙམ་དུ་མཐོང་། དེ་ལྟ་ནའང་། སྐད་འཕྲིན་སྒོ་འབྱེད་ཐུབ་ཙམ་ན་གྲོགས་ཚོམས་ངོས་སུ་ ༼ཀརྨ་པ་མཐའ་ཡས་རྡོ་རྗེའི་སྲས་སུ་ཞྭ་དམར་པ་འཁྲུངས་པ།༽ ཞེས་དང་། ༼ཆོས་རྒྱལ་ནམ་མཁའི་ནོར་བུ་སྐུ་གཤེགས་པར་མྱ་ངན་ཞུ།༽ ༼རྒས་གསོ་ཁང་གི་སྐྱོབ་གསོ་ལྐོག་ཟ་བྱས་པ།༽ ༼ནད་པ་ཉམ་ཐག་ཆེད་ཞལ་འདེབས་སློང་ཡིག༽ ༼བྱིས་པ་འཚོལ་ཡིག༽ ཅེས་པ་སོགས་ཧ་ཅང་འཁྲུག་ཆ་དོད་པའི་མེག་ལེའོ་ཌི་གྷན་ཇིའི་༡ སྲང་བར་དང་འདྲ་ཆེ་ལ།

དཔེ་གཞན་ཞིག་བཞག་ན། སྐྱེ། རྒ། ན། འཆིའི་ཟློས་གར་འཁྲབ་སྟེགས་ཀྱི་ཡོལ་བ་ཕྱེ་བ་དང་འདྲ། གཞན་ཡང་། བོད་མི་ཚོས་སྐད་འཕྲིན་རྒྱབ་ངོས་སུ་བཏབ་པའི་མཆན་དང་། ཁྱབ་བསྒྲགས། ཚོང་བཤད། དྲན་ཐོ་འཆལ་ལེ་འཆོལ་ལེ་སོགས་རྒྱ་ཡིག་གམ། དབྱིན་ཡིག་གིས་བྲིས་པ་འདིས། ང་ཚོའི་མི་རབས་འདི་ཁྲོན་པའི་ནང་གི་༼ལྕོང་མོ་མགོ་རྡོ་༽ ཁྱུ་ཞིག་ཡིན་ཞེས་པའི་ཤུགས་བསྟན་དང་གཉིས་སུ་མ་མཆིས།

ད་དུང་སྐད་འཕྲིན་ཚོགས་པ་རེའི་ནང་། ལ་ལས་ངག་རྩལ་ངོམ་པ། ལ་ལས་ལ་གཞས་ལེན་པ། ལ་ལས་ངོ་བསྟོད། ལ་ལས་རྒྱབ་བཤད། ལ་ལས་ཟུར་ཟ། ལ་ལས་རྒོལ་གཏམ། ལ་ལས་སྟོང་གཏམ་སོགས་ཀྱི་དབུགས་ཐག་སྐར་ཆ་༦༠ ཅན་མུ་མཐའ་མེད་པ་འདི་དྲ་རྒྱའི་ཤུགས་ཚད་ཀྱིས་ཁྱོག་མིན་ཐད་སེམས་ཁྲལ་ཤོར།

ཕྱི་རོལ་ཏུ་ཆར་ཤུར་ཁྲོད་མིང་མི་ཤེས་པའི་ཤིང་ལོ་རྣམས་སྐད་འཕྲིན་ནང་གི་པར་རིས་བཞིན་ཟགས་ཀྱིན་པ་སྒེའུ་ཁུང་གི་དྲ་མ་ལས་མཐོང་ཐུབ། ངས་ལྟ་སྟངས་ཤིག་ལ། ངའི་དཔེ་སྒྲོམ་ལས་དཔེ་དེབ་ཐོག་གི་ཐལ་རྡུལ་ནི་སྐད་འཕྲིན་ནང་གི་གད་སྙིགས་བཞིན་མཐུག་པ་མཐོང་བས།སྒྱིད་ལུག་ཅེས་པའི་ཐ་སྙད་དེ་ཁད་ཀྱིས་ཡིད་ལ་འཁོར། ཀུན་གྱི་ཁ་ལ་བྱང་བའི་བརྡ་འཕྲིན་དུས་རབས་ཞེས་པ་འདི་བཞིན་ཡིན་པ་འདྲ་ལ།མ་མཐའ་ཡང་། འུ་ཚོར་འདི་འདྲ་རེད་འདུག དེ་ནས་གོམས་ལོབ་ལ་སྦྲུལ་སྦྲུལ་ཤུབས་ལས་དོན་པ་ལྟར་དུ་མལ་ལས་ལངས། ལག་ཏུ་ཁ་པར་བཟུང་བཟུང་ལ་བསིལ་ལྷམ་དྲུད་ཅིང་ཁྲུས་ཁང་ནང་སོ་བཀྲུ་རུ་སོང་། ཅང་མ་འགོར་བར་སྒོ་འགྲམ་དུ་བག་ལེབ་འཚོང་མཁན་གྱིས་སྐད་བརྒྱབ་པས་ཞོགས་ཟས་དྲན།

སྔ་དྲོ་ཆུ་ཚོད་༩ པ་ནས་ནམ་རྒྱུན་བཞིན། གློག་ཀླད་འཆར་ངོས་སུ་བརྡ་དང་ཐ་སྙད་ཀྱི་རྡེའུ་རྣམས། བཤེར། བསྲེས། བཤུག སྦྱོར། གཏུབ།སྣོན། བརྗེ། སྒྲིག འདེད་ཀྱིས་རྒྱལ་ཕམ་ཐག་མི་ཆོད་པའི་མིག་མངས་ཉིན་ཐོག་ཐག་ཏུ་བརྩེས།

ཕྱི་དྲོ་ཆུ་ཚོད་༥:༣༠ ཐོག་རང་ཤག་འབར་སྒམ་མའི་ནང་ཕྱིར་འབྱོར་མོད། འོན་ཀྱང་། ངའི་ནུས་ཤུགས་ནི་ཁ་པར་གྱི་གློག་རྫས་བཞིན་ཨང་ཀི་༢༠ ཡས་མས་སུ་ལྷུང་བས་ནུབ་འཚལ་གཡོ་ཐུབ་མིན་འཕྱང་མོ་ཉུག་ཏུ་གྱུར། བལྟས་ཡོང་ན། དོ་ནུབ་མྱི་རྐྱང་ཐུག་པ་ལས་ཧ་ལམ་རེ་བ་མེེད་པ་འདྲ། སྐད་འཕྲིན་ངོས་དང་གློག་སྒྲོན་དམར་ལམ་མེ་བའི་འོག་གོ་མེད་ཚོར་མེད་ངང་སླར་ཡང་གཉིད་དུ་གཡུར།

མཆན། ༡ McLeod Ganj རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལའི་གྲོང་བརྡལ་ཞིག དེ་ལ་བོད་མི་ཚོས། དབྱིབས་བཀོད་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྐང་སྣམ་ཁྲོམ་སྲང་ཞེས་འབོད།

ལྷུག་རྩོམ།

Post navigation

Previous Post: བོད་ནང་གི་ཨ་ཕ་ཞིག་གི་ཁ་ཏ།  
Next Post: ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ་།

Comments (10) on “ཉིན་ཐོ་གློག་འཁྱུག་མ། ”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-10-08 at 12:20 am

    ཐེ་བོ་སངས་རྒྱས་ཀྱིས།
    ིཉིན་ཐོ་གློག་འཁྱུག་མ།
    བྲིས་ནས་ཁ་བརྡར་བཀོད།
    བོད་ཡིག་བོད་སྐད་སྤེལ།
    ་
    དྷ་སར་ལོ་བཅུ་གཉིས།
    བསྡད་པས་དྷ་ས་དྲན།
    རྐང་སྣམ་ཁྲོམ་སྲང་ཞེས།
    འབོད་པ་དེ་རིང་ཤེས།
    ་
    ལས་མེད་དལ་སྡོད་ངས།
    ཁ་བརྡ་ཡར་མར་བཀླགས།
    གནས་ཚུལ་མེད་པ་ནི།
    གནས་ཚུལ་ཡག་པོ་རེད།
    ་
    ཨིན་སྐད་གཏམ་དཔེ་ལ།
    ནོ་ནི་འུས་ཨིས་ཨེ།
    གུཊ་ནི་འུས་ཟེར།
    ཨིན་སྐད་བོད་ཡིག་བྱས།

  2. ལ་དྭགས་འཇམ་དཔལ།། says:
    2018-10-09 at 11:36 pm

    ཐེ་བོ་སངས་རྒྱས་ལེགས་ལ་དགའ་བསུ་ཞུའོ།།
    ་
    རྡ་རམ་ས་ལ། དྷ་རྨ་ཤཱ་ལཱ། ཞེས་འབྲིན། རྒྱ་གར་སྐད་ཡིག་ལ་ཕན། བོད་ཡིག་དག་ལ་ཡང་དེ་བཞིན་ནོ།

  3. ཀརྡོ་གཉེར་ཕྱག་པ་ says:
    2018-10-10 at 1:11 am

    ༡༽ རྡ་རམ་ས་ལ།
    ༢༽ དྷ་རྨ་ཤཱ་ལཱ།
    ༣༽ དྷརྨ་ཤཱ་ལཱ།
    གང་དག་གམ། ལགས།

  4. ཀརྡོ་གཉེར་ཕྱག་པ་ says:
    2018-10-10 at 1:23 am

    ཧིན་སྐད་དུ་༸གོང་ས་མཆོག་གི
    https://www.youtube.com/watch?v=Rqx_B2a23A0

  5. ཀརྡོ་གཉེར་ཕྱག་པ་ says:
    2018-10-10 at 3:17 am

    https://www.facebook.com/gyalpolinxia/videos/10205303465783020/
    ་
    མ་ཧྰ་བྷ་ར་ཏྰ། དང་། མ་ཧྰ་བྷྰ་རཏ། འབྲི་སྟངས་ གང་དེ་ དག་པ་ རེད་དམ། ལགས།

  6. ཀརྡོ་གཉེར་ཕྱག་པ་ says:
    2018-10-10 at 7:38 am

    ར་ལུག་ཚེ་ཐར་ཐུབ་བམ། ལགས།
    https://www.facebook.com/drak.jekal/videos/1824233367683805/UzpfSTEwMDAwMTE4NzI3Nzc1NzoxODY3Mzk4ODM5OTc2MzQw/

  7. ཐེ་བོ་སངས་རྒྱས། says:
    2018-10-10 at 1:52 pm

    ངྷ་རྨ་ནི་ངྷརྨ་སྟེ་ཆོས་ཀྱི་སྐད་དོད་དུ་མི་འགྱུར་རམ། སྤྱིར་ངྷ་རམ་ཤཱ་ལ྄་ཞེས་པ་གནས་སྐོར་པའི་མགྲོན་ཚིགས་ཀྱི་དོན་ཡིན་པ་འདྲ་ཞིག་གོ་མྱོང་བ་ལས་ཁོ་བོ་ནི་ལེགས་སྦྱར་གྱི་སྐད་ལ་མིག་ལོང་བ་རང་ཡིན། ང་དགུ་ལོའི་རྗེས་ནས་ཡུལ་འདི་བོད་པའི་ཕ་ས་གཉིས་པ་ལྟ་བུར་གྱུར་ཅིང་། གཞུང་སྒེར་གྱི་ཡིག་ཆ་མང་ཆེ་བར་རྡ་རམ་ས་ལ་ཞེས་བྲིས་པ
    ཕལ་ཆེར་མ་དག་རྒྱུན་འབྱམས་སུ་གྱུར་པར་སྣང་། བཀའ་དྲིན་་ཆེ།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-10 at 10:14 pm

    Dharamsala དབྱིན་ཡིག་ནང་གི་ཚིག་འདི་ལ་གཞི་བཅོལ་
    ནས་བོད་ཀྱིས་སྐད་ཡིག་ལ་འགན་ཁུར་དགོས་པ་མ་རེད་དམ་།

  9. ཀརྡོ་གཉེར་ཕྱག་པ་ says:
    2018-10-11 at 1:20 pm

    ཀརྨ་པ་རྣམ་གཉིས་ཀྱིས་མཇལ་འཕྲད་གནང་།
    བོད་ཀྱི་དུས་བབ། ཆུ་ཚོད་ ༦ སྔོན་ལ། རིག་པ། (༡)
    ་
    http://tibettimes.net/2018/10/11/172678/

    ད་ ཀརྨ་པ་ དངོས་གནས་ སུ་ རེད། རྫུན་མ་ སུ་ རེད་དམ། ལགས། གཉིས་ཀ་ དངོས་གནས་ ཡིན་ན་ བོད་ཀྱི་ སྤྲུལ་སྐུ་ ལམ་ལུགས་ལ་ ཡིད་ཆེས་ བརླག་ས་ རེད་དོ།།

  10. ཐེ་བོ་སངས་རྒྱས། says:
    2018-10-13 at 6:10 am

    མཆན་འདེབས་མཁན་དག་ལ་བཀྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme