Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིང་རྡུལ་ནུས་འདོན་དང་རང་བྱུང་ནུས་འདོན་ཐད་ནས་རྒྱ་ནག་གིས་འཛམ་གླིང་ཕམ་པར་རྒྱག་གམ།                                                      

Posted on 2018-05-012018-05-01 By ཁ་བརྡ No Comments on ཉིང་རྡུལ་ནུས་འདོན་དང་རང་བྱུང་ནུས་འདོན་ཐད་ནས་རྒྱ་ནག་གིས་འཛམ་གླིང་ཕམ་པར་རྒྱག་གམ།                                                      

རྐ་འོད་ཟེར་གྱིས་བསྒྱུར།

སྔར་བས་གློག་གི་དགོས་མཁོ་ཆེ་ཞིང་འཁོར་ཡུག་ཉམས་སུ་ཆགས་འགྲོ་བཞིན་པའི་འཇིག་རྟེན་ཞིག་ཏུ། རྒྱ་ནག་གི་ཚན་རིག་པ་རྣམས་ཀྱིས་ནུས་ཤུགས་ཐོན་ཁུངས་ལ་ཅི་ཞིག་མཁོ་བར་མཐོང་བ་དག་ཡར་རྒྱས་གཏོང་བའི་སྣེ་ཁྲིད་བྱེད་ཀྱི་ཡོད།

བྷེ་བྷེ་སི་གསར་ཁང་གི་སི་ཊེ་ཧྥིན་མེག་ཌོ་ནེལ་ལ་རྒྱ་ནག་གི་ཨེན་ཧྥེ་ཞིང་ཆེན་གྱི་ཆ་རྐྱེན་ལ་ལྟ་བའི་གོ་སྐབས་དཀོན་པོ་ཞིག་ཐོབ་ཡོད། 

ཚད་བཀག་མེད་ཅིང་ཆུད་ཟོས་མེད་པའི་ནུས་ཤུགས་ཐོན་ཁུངས་ཤིག་གི་ཞིག་ཡིད་ལ་འཆར་བར་བྱོས་དང་། དེ་ནི་ཉིང་རྡུལ་ནུས་ཁུངས་ཀྱི་ཚད་མཐོའི་ཕུགས་འདུན་ཡིན།

རྒྱ་ནག་གི་ཤར་ཕྱོགས་ཨན་ཧྤེ་ཞིང་ཆེན་ཚན་རིག་གླིང་ཕྲན་དུ། ཁང་ཚིགས་གཉིས་ལྟར་ཧ་ཅང་ཆེ་ཞིང་། འོད་མདངས་འཚེར་བའི་སྣོད་སྒོར་སྒོར་ཞིག་གི་ནང་དུ་འོད་ཆེམ་ཆེམ་ཀྱི་ལྕགས་ཞུན་ཧ་ཅང་འབོར་ཆེན་པོ་ཞིག་བཏུམ་འདུག འདི་ནི་ཉིང་རྡུལ་ཚད་མཐོའི་བཀོད་འདོམས་ཚོད་ལྟ་ Tokamak ཊོ་ཀཱ་མཱག་ཞེས་པ་དེ་ཡིན།

སྣོད་དེའི་ནང་དུ་དབྱང་རླུང་རྡུལ་ཕྲན་རྣམས་བཞུས་ནས། ཧེ་ལེམ་སྟེ་ཉི་མིའི་དཀྱིལ་སྙིང་ལས་ལྡབ་ཁ་ཤས་ཚ་བའི་ཚ་དྲོད་སྐྲུན་གྱི་ཡོད་པ་རེད། དེ་ནས་ནུས་པ་དེ་ཤུགས་ཆེ་བའི་གློག་རྫས་སུ་གསོག་ཉར་ཐུབ་ཚེ། ཉིན་ཞིག་གློག་འདོན་འབོར་ཆེན་པོ་བྱེད་ཐུབ།

འཛམ་གླིང་གི་ཁྱོན་ཡོངས་སུ་ཨ་རི་དང་། ཉི་ཧུང་། ཀོ་རུ་ཡ། བྷར་རྫལ། ཡོ་རོབ་སྤྱི་མཐུན་བཅས་ཀྱིས་ཉིང་རྡུལ་ནུས་འདོན་ཐད་དབང་འབྱོར་བ་བྱེད་པར་འབད་བརྩོན་བྱས་མོད། རྒྱལ་ཁབ་དེ་དག་གཅིག་གིས་ཀྱང་ཨན་ཧྥེར་བྱས་པ་བཞིན་བརྟན་པོ་དང་རྒྱུན་རིང་ཉར་ཐུབ་མེད།

ད་ལྟ་དེའི་ཚ་ཚད་ནི་ 100 oc ཡིན་པ་དང་དྲོད་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བ་རེད། ཨན་ཧྥེ་ན་ཁོ་ཚོས་ད་ལྟ་ནས་དེའི་ཚ་ཚད་ལྡབ་བཅུ་སྟེ། ཚ་ཚད་ས་ཡ་བརྒྱར་གཏོང་བའི་དམིགས་ཡུལ་གྱི་སྐོར་ཤོད་ཀྱི་ཡོད་པ་རེད།

འོན་ཀྱང་། ཚན་རིག་པ་དང་འཆར་འགོད་པ་རྣམས་ཉིང་རྡུལ་བཞུ་སྦྱོར་ལ་ཡོལ་བར་རྒྱུ་མཚན་ཞིག་ཡོད་པ་རེད། དེ་ནི་ཧ་ཅང་ཁག་པོ་ཡོད་པ་རེད།

བདེ་འཇག་ལྡན་པའི་ཉིང་རྡུལ་ནུས་ཤུགས།

དེ་སྔ་བཞུ་སྦྱོར་ལྡོག་ཤུགས་ཚད་བཀག་ཅན་ཞིག་ལོ་ངོ་ལྔ་བཅུ་ལྷག་གི་རིང་། སྟངས་འཛིན་བྱས་བའི་འཁོར་ཡུག་ཅིག་ཏུ་གསོག་ཉར་བྱེད་ཐུབ་ཡོད་མོད། དུས་ཡུན་དེ་ཙམ་ནི་ཚ་ཤུགས་ཧ་ཅང་ཆེན་པོ་ཞིག་ཉར་ཚགས་བྱས་ཏེ། གློག་ནུས་སུ་བསྒྱུར་རྒྱུར་མཚོན་ན་ཧ་ཅང་ཐུང་དྲགས་པ་རེད།

ཨན་ཧྥེ་ཞིང་ཆེན་གྱི་ཉིང་རྡུལ་ཚད་མཐོའི་བཀོད་འདོམས་ཐབས་ལམ་ནི། རཱ་ཤི་ཡའི་ཉིང་རྡུལ་བཀོད་འདོམས་མ་དཔེ་ཚད་མཐོ་རུ་བཏང་བ་ཞིག་རེད།

ང་ཚོ་དེ་གར་ལྟ་སྐོར་ལ་སོང་བའི་ཉིན། དེ་གའི་ཉིང་རྡུལ་བཀོད་འདོམས་ཁང་དུ་གྲུང་ཉམས་ལྡན་པའི་བགྲོ་གླེང་ལྷུག་པོ་ཞིག་ལ་བལྟ་རྒྱུ་བྱུང་། དེ་གར་གཤེར་ཁུ་སོགས་ཅི་ཡང་འཛར་ཐོན་བྱེད་ཀྱི་མི་འདུག་མོད། བཞུ་སྦྱོར་སྣོད་ཀྱི་སྟོང་ཆའི་ཁྲོད་དུ་མཁའ་དབུགས་འཐེན་འགྲོ་བཞིན་ཡོད་པས། ཁོ་ཚོས་དེ་སེལ་བའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་འདུག

དེ་གར་ཁག་སོ་སོར་བགོས་བའི་མི་སྐོར་ཞིག་གིས་མཚེ་འཕྲིན་བརྒྱུད་ནས་བཀོད་འདོམས་ཁང་ལ་འབྲེལ་གཏུགས་བྱེད་ཀྱི་འདུག་ལ། ཁོ་ཚོས་འཁྲིད་སྦུག་ལྷུ་ལག་མང་པོ་ཡར་མར་ཁྱེར་ཀྱི་འདུག བཞུ་སྦྱོར་ཁང་དེ་གློག་གསོག་ཁང་དང་། གཤེར་ཁུ་འཛར་ཐོན་བྱེད་སའི་རྒྱུད་ལམ་ཐོན་གྱི་ཡོད་མེད་བལྟ་བྱེད་ཀྱི་གཟར་སྐས་བཅས་ཀྱིས་བསྐོར་འདུག

ཞི་ཅིན་ཕན་གྱིས་དེ་གར་ལྟ་སྐོར་བྱེད་སྐབས་ཁོས་འཕྲུལ་ལས་འདི་ཉེན་ཁ་ཅི་ཙམ་ཆེ་བའི་སྐོར་དྲིས་བ་རེད། ང་ཚོས་ཁྱེད་ཅག་གིས་སྲིད་འཛིན་ལ་ལན་ཅི་བཏབ་བམ་ཞེས་དྲིས་པ་ཡིན།

“ཉིང་རྡུལ་བཞུ་སྦྱོར་ལྡོག་ཤུགས་ནི། ཉིང་རྡུལ་འབར་གས་ལྡོག་ཤུགས་ལ་དང་བསྡུར་ན། ཧ་ཅང་བདེ་འཇག་ལྡན་པ་ཞིག་ཡིན། ཁབ་ལེན་ནུས་པའི་བཀར་འཇུག་ནི་སྟངས་འཛིན་བྱེད་ཐུབ་པའི་བཞུ་སྦྱོར་ཞིག་རེད། ཕྲན་གྱིས་གློག་ཤུགས་མཁོ་འདོན་བྱེད་མཚམས་འཇོག་ཐུབ་ཀྱི་རེད། ཉིང་རྡུལ་གྱི་ཆགས་སྒོ་ཅི་ཡང་ཡོང་གི་མ་རེད།” ཅེས་ཉིང་རྡུལ་ཚད་མཐོའི་བཀོད་འདོམས་འགོ་ཁྲིད་གཞོན་པ་སའོ་ཡང་ཚོ་ཡིས་བཤད་བྱུང་།

ད་ལྟའི་ཉིང་རྡུལ་གློག་འདོན་ནི། རྡུལ་ཕྲན་གས་གཤགས་ཀྱི་ལས་ཀ་སྟེ། ལོ་ངོ་སྟོང་ཕྲག་མང་པོའི་རིང་བདེ་འཇག་ངང་ཉར་ཚགས་བྱེད་དགོས་པའི་དུག་རྫས་སྙུགས་རོ་བསྐྱེད་པར་བྱེད་པའི་ལས་ཀ་ཞིག་ལ་བརྟེན་ཡོད།

ཉིང་རྡུལ་བཞུ་སྦྱོར་ནུས་ཤུགས་ཀྱིས་ཉིང་རྡུལ་གཉིས་བཞུས་ནས་གཅིག་དུ་བཟོས་ཏེ། ལྕགས་ཞུན་ནང་རིམ་ལྡེབས་ངོས་ཀྱི་ཁབ་ལེན་ནུས་ཤུགས་ཀྱིས་སྦུབ་མདོང་ཆེན་པོ་དེའི་ནང་གི་ལྡོག་ཤུགས་Plasma་ཕཱལ་སི་མཱ་ཞེས་པ་དེ་འཛིན་པ་རེད། བཞུ་སྦྱོར་འདིས་ཕལ་ཆེར་སྙུགས་རོ་ཅི་ཡང་མི་བསྐྲུན་ཞེས། ང་ཚོར་ཚིག་ཐག་བཅད་ནས་བཤད་བྱུང་།

རིན་གོང་མཐོན་པོ་ཞིག

གང་ལྟར་འཕྲུལ་ལས་འདི་ནི་རིན་གོང་ཁེ་པོ་ཞིག་མ་རེད། ཁྱད་ལས་པ་བརྒྱ་ཕྲག་མང་པོ་ཞིག་གི་ལས་གླ་དང་། བཞུ་སྦྱོར་ཁང་འདི་བསྐྲུན་པའི་འགྲོ་སོང་མ་བརྩིས་པར། འཕྲུལ་ཆས་འདི་སྒོ་འབྱེད་ཐེངས་རེར་ཉིན་གཅིག་ལ་ཨ་སྒོར་ 15,000 འགྲོ་གྲོན་ཡོད་པ་རེད།
བཞུ་སྦྱོར་འདིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དག་དུ་གློག་སྦར་བར་ལོ་བཅུ་ཕྲག་མང་པོ་འགོར་སྲིད་མོད། རྒྱ་ནག་གཞུང་གིས་ལས་གཞི་འདིའི་གནད་ཡོངས་སུ་རྟོགས་པར་འགྲོ་སོང་ཆེན་པོ་གཏོང་གི་ཡོད།

“བཞུ་སྦྱོར་འདི་ལ་ཚན་རིག་པ་དང་འཆར་འགོད་པ་རྣམས་ཀྱི་རླབས་ཆེན་གསར་གཏོད་མང་པོ་དགོས་ངེས་ལ། སྲིད་གཞུང་གི་དཔལ་འབྱོར་རྒྱབ་གཉེར་ཀྱང་དགོས་པ་རེད།” “དེ་ནི་འགྲོ་གྲོན་ཧ་ཅང་ཆེ་བའི་ལས་གཞི་ཞིག་རེད། འོན་ཀྱང་། ང་སྒེར་གྱི་འདོད་ཚུལ་ལྟར་ན། འདི་ནི་འགྲོ་བ་མིའི་རིགས་ལ་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱལ་ཐད་རླབས་ཆེ་བ་ཞིག་ཏུ་འགྱུར་རྒྱུ་རེད། ” ཅེས་སའོ་ཡང་ཚོ་ཡིས་བཤད་བྱུང་།
འགྲོ་གྲོན་ཧ་ཅང་ཆེ་བ་དང་། ཧ་ཅང་དཀའ་ཁག་ཆེ་བའི་ཆ་ནས་ཉིང་རྡུལ་བཞུ་སྦྱོར་གྱི་འཚོལ་སྙེགས་འདི། རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཁྲོད་ནས་ཁྲིམས་མཐུན་ཞིག་ཏུ་མཐོང་བཞིན་ཡོད་པ་རེད།

དཔེར་ན། རྒྱ་ནག་ནག་ནི་ཉིང་རྡུལ་ཚ་ནུས་ལྡོག་ཤུགས་སྟེ། རྒྱལ་སྤྱིའི་རེ་ལྟོས་ཆེ་བའི་ལས་གཞི་འདིའི་ཐད་བྱས་རྗེས་འཇོག་བཞིན་པའི་རྒྱལ་ཁག་དག་གི་ནང་ནས་གཅིག་ཡིན་ཞིང་། ཧྥི་རན་སི་ལྷོ་རྒྱུད་ཀྱི་ལས་གཞི་འདིས། ཡོ་རོབ་རྒྱལ་ཁབ་ཁག་ཕུད་པའི་རྒྱ་གར་དང་། ཉི་ཧུང་། ཨུ་རུ་སུ། བྱང་ཀོ་རུ་ཡ། ཨ་རི་བཅས་ཀྱི་ནང་དོ་སྣང་སློང་གི་ཡོད་པ་རེད། ལས་གཞི་དེ་ 2025 ལོར་དངོས་སུ་ཚོད་ལྟ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། དེ་དང་དུས་མཚུངས་སུ་རྒྱ་ནག་གིས་རང་ངོས་ནས་ལས་གཞི་དེའི་ཡར་ཐོན་གྱི་ཐད་ནས་མཐོང་སྐྱོད་བྱེད་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཚན་ཁག་འདིའི་གོམ་པ་རྗེས་མའི་དམིགས་ཡུལ་ནི། ཉིང་རྡུལ་བཞུ་སྦྱོར་ཚོད་ལྟ་ཡོངས་སུ་འཕེལ་རྒྱས་བྱུང་ཞིང་། གློག་མཁོ་འདོན་བྱེད་ནུས་པའི་ཉིང་རྡུལ་ལྡོག་འགྱུར་ཡོ་ཆས་ཤིག་བཟོ་བཀོད་བྱེད་རྒྱུ་དེ་རེད། དེ་ནི་ང་ཚོས་དེ་སྔ་མཐོང་བའི་སྐར་མ་གཅིག་དང་ཕྱེད་ཀྱི་རིང་ལྡོག་ཤུགས་འཛིན་ནུས་ཅན་དེ་ལྟ་བུ་ཞིག་མ་ཡིན་པར། དེ་ལས་ཧ་ཅང་ཆེ་ལ་ནོར་འཛོལ་མེད་པའི་ངང་ལས་ཀ་བྱེད་ཅིང་། ཉིང་རྡུལ་ལྡོགས་ཤུགས་དུས་གཏན་དུ་གསོག་ཉར་བྱེད་ཐུབ་པ་ཞིག་དགོས་པ་རེད།

“རྒྱལ་ཁབ་ཚང་མར་ནུས་ཤུགས་ཐོན་ཁུངས་ཀྱི་དགོས་འདུན་ཧ་ཅང་ཆེ་ཞིང་། རྒྱ་ནག་ལ་ཉིང་རྡུལ་བཞུ་སྦྱོར་གློག་འདོན་གྱི་འཆར་གཞི་ཞིག་ཡོད་པ་རེད། ང་ཚོས་བཞུ་སྦྱོར་ཚོད་ལྟའི་འཕྲུལ་ཆས་དེ་ལོ་ལྔའི་ནང་འགྲུབ་དགོས། གལ་ཏེ་ལེགས་འགྲུབ་བྱུང་བ་ཡིན་ན། དེ་འཛམ་གླིང་གི་ཉིང་རྡུལ་བཞུ་སྦྱོང་འཕྲུལ་ཆས་ཐོག་མ་དེ་ཆགས་ཀྱི་རེད” ཞེས་ སའོ་ཡང་ཚོ་ཡིས་བཤད།

མཐར་ཐུག་གི་རེ་འདུན་ནི་ཉིང་རྡུལ་བཞུ་སྦྱོར་གྱིས་འགྲོ་བ་མིའི་རྒྱ་ཆེ་བའི་རྨི་ལམ་ལས་བརྒལ་བའི་གློག་ཤུགས་འདོན་རྒྱུ་དེ་ཡིན།
དེ་ནི་ཅུང་རྒྱང་ཐག་རིང་པོ་ཡིན་སྲིད་མོད། གལ་ཏེ་ལས་དོན་དེ་བསྒྲུབ་ཐུབ་ན། ཕྱོགས་གཞན་ལ་རྒྱ་ནག་གཡག་པོ་ཡོད་སྟབས། མ་འོངས་པར་གློག་མཁོ་འདོན་གྱི་ཐད་རྒྱ་ནག་ལེགས་འགྲུབ་ཡོང་སྲིད་པར་སྙམ་ནས། པེ་ཅིན་གྱིས་ལས་དོན་འདིར་ཧ་ཅང་དོད་ནན་གྱིས་སྒྲུབ་ཀྱི་ཡོད།

འགྱུར་རྩོམ།

Post navigation

Previous Post: ངས་ངོ་ཤེས་པའི་ཨོག་སུ་སྤོར་(Oxford)སློབ་ཆེན་གྱི་བོད་ཡིག་དགེ་རྒན་ཚེ་རིང་དོན་གྲུབ།  
Next Post: རྒན་ཚེ་རིང་དོན་གྲུབ་ལགས་ནི་བོད་ཡིག་གི་རང་དབང་གི་ཚགས་པར་ “དམངས་གཙོ་”གསར་འདོན་བྱེད་མཁན་གྱི་གྲས་གཅིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme