Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་ཧོང་གི་རང་བྱུང་ལྷན་སྐྱེས་ཀྱི་ཀུ་ཤུ་འདེབས་མཁན་ཐོག་མ།

Posted on 2020-07-16 By ཁ་བརྡ No Comments on ཉི་ཧོང་གི་རང་བྱུང་ལྷན་སྐྱེས་ཀྱི་ཀུ་ཤུ་འདེབས་མཁན་ཐོག་མ།

གངས་དཀར་སེམས་ཀྱིས་བསྒྱུར།
 
སྤྱིར་ན་ཤིང་ཏོག་རིགས་ལའང་འབུ་གསོད་བྱེད་སྨན་དང་རྫས་ལུད་སྤྱོད་དགོས་མོད། འོན་ཀྱང་རྫས་སྨན་མ་སྤྱོད་པར་རང་བྱུང་གིས་ཀུ་ཤུ་འདེབས་ལས་མཁན་རང་ལོ་ ༥༨ ལོན་པའི་ཉི་ཧོང་གི་ས་ཆ་ཨཱམ་མི་རི་ཧྥུ་ཅི་ས་གནས་སུ་ Aomori Hirosaki གནས་སྡོད་བྱེད་མཁན་ནམ་ཤིང་ཏོག་འདེབས་ལས་བྱེད་མཁན་ཀཱི་མི་ར་ Akira Kimura ཡིས་སྨན་དང་རྫས་ལུད་མ་སྤྱོད་པར་ཡ་མཚན་ཟེར་བའི་གྲུབ་འབྲས་ཐོན་པར་བརྟེན། ཁོང་ལ་ཀུ་ཤུའི་རྒྱལ་པོ་ཞེས་འབོད་ཅིང་། དེ་ནི་ཡ་མཚན་དངོས་བྱུང་ཞིག་ལ་བརྩི་སྲོལ་ཡོད་པ་རེད།

ཉི་ཧོང་གི་ཚགས་པར་ཞིག་ཏུ་སྐུ་ཞབས་ཀཱི་མི་རར་བཅའ་འདྲི་བྱེད་སྐབས་ཁོང་གི་དཀའ་སྡུག་ཡོངས་རྫོགས་སྐད་ཅིག་ནང་ཡལ་ཞིང་། གྲུབ་འབྲས་དེ་ནི་ཁོང་ལྷ་ཡུལ་དུ་སླེབས་པའི་དགའ་ཚོར་བྱུང་ཚུལ་གསུངས།
དེང་ཞིང་ཁར་སྨན་སྣ་དང་རྫས་ལུད་བེད་སྤྱོད་པ་དེ་ནི་རྒྱུན་སྲོལ་ཞིག་རེད། འོན་ཀྱང་ད་ཐེངས་ཀྱི་གྲུབ་འབྲས་དེ་ནི་ཡོང་མི་སྲིད་པ་ཞིག་ཡིན་ལ། སློབ་ཆེན་ཞིང་ལས་ཚན་རིག་ཁང་གི་སློབ་དཔོན་སཱོ་གྷི་ཡ་མཱོ་ཡི་ཆིས་ Sugiyama Shuichi  འདི་ནི་འཛམ་གླིང་ཡོངས་ལ་ཐེངས་དང་པོ་མིན་ཡང་དེ་ནི་ཧ་ལས་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་རྒྱུན་སྲོལ་བཞིན་བགྱིས་པ་མིན་སྟབས་ཤེས་བྱའི་ཐོག་ནས་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་ཅེས་གསུངས། ད་བར་ཞིང་ལུད་དང་སྨན་རྫས་མ་སྤྱོད་པའི་རིག་གནས་དེ་ལ་ད་དུང་ཡང་གསལ་ཁ་མེད། ཉི་ཧོང་གི་ཞིང་ལས་སྡེ་ཚན་དང་སློབ་ཆེན་གྱིས་ཀྱང་དེའི་སྐོར་ཞིབ་འཇུག་བྱེད་མུས་ཡིན།

གོང་མཚུངས་ཀུ་ཤུ་ཧ་ཅང་སྐྱེ་འཕེལ་བྱེད་ས་ནཱ་གྷ་ནོ་རྫོང་ Nagano  ལ་མཚོན་ནའང་ལུད་དང་སྨན་རྫས་ཚོད་འཛིན་གྱིས་སྤྱོད་སྟངས་ཀྱིས་ཞིང་པར་གདིང་འཇོག་བྱེད་སྟངས་ཀྱི་ལམ་ལུགས་གཏན་འབེབས་བཟོས་ཡོད། འོན་ཀྱང་གོང་གསལ་ཞིང་ས་ལྡུམ་རའི་འགན་འཛིན་གྱིས་ཀྱང་སྨན་དང་ལུད་བེད་སྤྱོད་རྩ་བ་ནས་མི་བྱེད་པར་ཧ་ཅང་དཀའ་ངལ་ཡོད་པ་ཞིག་རེད། ཡིན་ཡང་དེར་ཞིབ་འཇུག་གི་རིན་ཐང་ལྡན། དེ་བཞིན་གོང་དེར་ཐོན་སྐྱེད་ཧ་ཅང་མང་པོ་བསྐྲུན་མི་ཐུབ་པ་དང་། དེ་ཚོང་རྫས་སུ་བསྒྱུར་བ་ལའང་དཀའ་ངལ་ཡོད་པ་རེད། ཅེས་བཤད།
དེ་བཞིན་སློབ་དཔོན་གྱིས་དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་ཞིང་ལས་ཐོན་སྐྱེད་ཀྱི་ཐབས་ལམ་ཞིག་རེད། གལ་ཏེ་ཀུ་ཤུར་རྒྱུས་ཡོད་ཧ་ཅང་ཆེན་པོ་ཞིག་མིན་ན་དེ་འདྲ་ཡོང་ཐབས་མེད་པ་རེད། ཅེས་ཀྱང་གསུངས།
དོན་དངོས་ཀྱང་དེ་འདྲ་ཡིན་ལ། རང་བྱུང་ཁམས་གཙང་གིས་ཞིང་ལས་དང་ཤིང་འབྲས་བསྐྱེད་བསྲིང་བྱེད་པའི་དབང་གིས་མཐར་དེ་དང་སྨན་རྫས་སྤྱོད་པའི་ཐོན་རྫས་ཀྱི་གྲངས་འབོར་བར་ཧ་ཅང་ཧེ་བག་ཡོད། སྐུ་ཞབས་ཀཱི་མི་རའི་ཀུ་ཤུ་ད་དུང་ཁྲོམ་རར་སླེབས་རྒྱུ་ཡིན་ལ། ཁོང་གི་ཀུ་ཤུ་དེ་དག་གྲགས་ཅན་གྱི་ཟ་ཁང་ཁག་ཅིག་དང་། དེ་དག་ཉོ་འདོད་མཁན་རྣམས་ཙམ་ལས་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་རེད།
 
བཤད་སྲོལ་ལྟར་ན་ཁོང་གི་ཀུ་ཤུ་ཁ་བཤགས་རྗེས་རྙིད་པ་མི་ཆག་ལ། མངར་མོའི་ཚད་གཞི་སྤྱི་བཏང་གི་ཀུ་ཤུ་གཞན་ལས་ཀྱང་མཐོ། སློབ་དཔོན་གྱིས་དེ་ནི་ཁོང་གིས་ཀུ་ཤུར་སྨན་རྫས་དང་ལུད་བེད་སྤྱོད་མ་གནང་བ་དང་འབྲེལ་བ་ཡོད་དམ། ཞེས་དང་། དེ་བཞིན་རང་བྱུང་ཀུ་ཤུ་གསོ་སྟངས་དང་འབྲེལ་འགྲེལ་བརྗོད་དགོས་པའི་གསང་བ་མང་དག་ཅིག་ཡོད།

ཀུ་ཤུའི་རྒྱལ་པོ་ཀཱི་མི་ར་ནི་ས་གནས་རང་གི་མཐོ་སློབ་ཐོན་རྗེས་གྲོང་ཁྱེར་དུ་བཟོ་ཚོང་ག་གེ་མོར་ལོ་གཅིག་དང་ཕྱེད་ལས་ཀ་བྱས་རྗེས་དེ་ནས་ཕྱིར་དོན་ཏེ་སོ་སོའི་ཕ་ཡུལ་དུ་ཕ་མའི་ཤུལ་འཛིན་གྱིས་ཀུ་ཤུ་འདེབས་ལས་བྱེད་འགོ་བརྩམས། ཡིན་ཡང་གོམས་འདྲིས་ཡོང་ཐབས་མེད་པའི་འཚོ་བ་ཉིན་རེ་བཞིན་བསྐྱར་ཟློ་བྱས། ཞིང་ལས་བྱེད་རྒྱུ་མེད་པའི་ཉིན་ཞིག་ལ་ཁོང་དཔེ་དེབ་ཁང་ཞིག་ཏུ་སླེབས་ཅིང་རང་བྱུང་ཞིང་ལས་འདེབས་སྟངས། ཅེས་པའི་དེབ་ཅིག་མཐོང་། དེའི་ནང་ལུད་རྫས་བེད་སྤྱོད་མེད་པའི་སྒོ་ནས་འབྲས་འདེབས་ལས་བྱས་པའི་དོན་དངོས་ཀྱི་གྲུབ་འབྲས་དེས་ཁོ་པར་ཤུགས་རྐྱེན་ཆེན་པོ་བཞག སྐབས་དེར་ཁོའི་བརྩེ་ཆེན་གྱི་བཟའ་ཟླ་མོར་ཞིང་སྨན་གྱིས་མི་འཕྲོད་པའི་ན་ཚས་སུན་པོ་འབྱུང་བཞིན་ཡོད། ཁོ་པས་སེམས་ནང་ལུས་གཟུགས་དང་ཕྱིའི་ཁོར་ཡུག་གཉིས་ཀར་ཕན་ཞིང་། ལུད་རྫས་དང་ཞིང་སྨན་སྤྱོད་མི་དགོས་པའི་ཀུ་ཤུ་འདེབས་མི་ཐུབ་པ་ཡིན་ནམ་བསམ། བསམ་བློ་དེས་སོ་སོའི་རང་བྱུང་གཙང་མས་ཀུ་ཤུ་འདེབས་ལས་ལ་རེ་བས་ཁེངས་པར་བྱས།
 
སྤྱི་ལོ་ ༡༩༧༨ ཟླ་ ༤ པར་ཁོང་གིས་རྫས་ལུད་མེད་པའི་ཀུ་ཤུ་འདེབས་འཛུགས་ཀྱི་ཚོད་ལྟ་འགོ་བརྩམས། ཡིན་ཡང་ཀུ་ཤུའི་སྡོང་པོ་དེར་མེ་ཏོག་ཁྱོན་ནས་བཞད་མེད་པ་མ་ཟད། ད་དུང་ཞིང་སའི་ནང་གི་འབའ་འབུ་སྲིན་དང་རྫོགས་མཐའ་མེད་པའི་འཐབ་རྩོད་རྒྱུན་མཐུད་གནང་དགོས་བྱུང་། ཡོངས་འབབ་མེད་པའི་ཐོག་གཞན་གྱིས་སྨྱོན་པ་ལྟར་ཚོར་བཞིན་པའི་ཉི་མ་རེ་རེ་དེ་ལྟར་སོང་།
 
ཉིན་ཞིག་གི་མཚན་མོར་ཁོང་རི་བོར་འཛེགས་ཏེ་ཤིང་སྡོང་ཞིག་ལ་ཐག་པ་བཏགས་ནས་རང་ཤི་རྒྱག་བརྩིས་བྱས། ཡིན་ཡང་ཐག་པ་ཐུང་དྲག་པས་བསམ་པ་བཞིན་མ་ཐུབ། ཁོང་གིས་གློ་བུར་དུ་རྐང་པས་བརྫས་པའི་སྡོང་པོ་དེ་ཀུ་ཤུའི་སྡོང་པོ་ཞིག་ཡིན་འདྲ་ཤར། ཁོ་པ་མར་སྒུར་ནས་སའི་དྲི་ལ་བསྣུམ་ཙམ་བྱས། དེ་ནས་དྲི་མ་འཕུར་ཡོང་བའི་དེ་ནི་སོ་སོའི་ཀུ་ཤུའི་ར་བ་ནས་ཡོང་བ་དང་ཁྱོན་ནས་མི་འདྲ་བ་ཚོར། མགོ་བོ་སྟེགས་ནས་ལྟ་དུས་དེར་སྐྱེས་པའི་སྡོང་པོའི་ཡ་ག་རྒྱས་ཤིང་རྩ་བའང་བརྟན་པར་མཐོང་། གློ་བུར་དུ་ཁོང་གིས་དེར་ཡོད་པའི་ས་དེ་གཞན་དང་མི་འདྲ་བ་ཡིན་པར་ཤེས།
 
ཁོང་གིས་སྡོང་པོའི་སྐྱེ་འཕེལ་གྱི་ནུས་ཤུགས་ལ་དམིགས་ཚད་བཟུང་ནས་ཤུགས་གནོན་རྒྱག ཁོང་གིས་ས་དེར་སྲན་ཆེན་འདེབས་རྗེས་སྡོང་པོའི་རྩ་བར་འགྱུར་ལྡོག་བྱུང་བ་མཐོང་། དེ་ནས་ཁོང་གིས་ཀུ་ཤུའི་སྡོང་པོ་དེ་སྔར་ལས་ལེགས་པར་སྐྱེ་འཕེལ་འགྲོ་བའང་མཐོང་།
༡༩༨༧ ལོར། ཀུ་ཤུ་སྡོང་པོ་དེ་ལ་མེ་ཏོག་རྐང་བདུན་སྐྱེས། དེའི་ནང་ཀུ་ཤུ་ལྔ་འབུ་ཡིས་བཟས་ཚར། འོན་ཀྱང་མཐར་ཁོང་ལ་ཀུ་ཤུ་རྨ་མེད་གཉིས་ལག་ཏུ་རག་བྱུང་།
 ཀུ་ཤུ་འདེབས་ལས་ཀྱི་རྒྱུན་སྲོལ་ལྟར་སྨན་རྫས་སྤྱོད་དགོས་པའི་ལྟ་བ་དེ་མེད་པར་ཆག་རྗེས་རང་བྱུང་ཁམས་གཙང་གི་ཀུ་ཤུ་སྐྱེ་འཕེལ་འདེབས་ལས་ལ་མཐར་གྲུབ་འབྲས་ཐོན་པ་བྱུང་ཡོད། ཀཱི་མི་རས་གཅིག་བྱས་ན་ཞིང་ལ་རྫས་ལུད་སྤྱོད་ཆེ་དྲག་པའི་རྐྱེན་གྱིས་ནད་འབུ་སྐྱེ་འཕེལ་ཡོང་གི་ཡོད་པའང་སྲིད། ཅེས་གསུངས།
ད་ལྟའི་ཆར་ཁོང་ཉིན་ལྟར་རྒྱལ་ཁོངས་སུ་འབྲུ་རིགས་དང་ཤིང་ཏོག་འདེབས་ལས་སྐོར་སློབ་འཁྲིད་གནང་གི་ཡོད་པ་མ་ཟད། ད་དུང་ཕྱིའི་རྒྱལ་ཁབ་ཁག་ཏུ་སྔོ་ཚལ་དང་འབྲས་བཅས་རང་བྱུང་གིས་འདེབས་ལས་སྐོརལའང་སློབ་འཁྲིད་གནང་བར་ཕེབས་ཀྱི་ཡོད་པ་རེད། 
 
 
ཞལ་རིས་ལ་འཛུམ་གྱིས་གཏིང་ཟབ་པའི་གཉེར་མ་ཁེངས་པའི་ཀཱི་མི་རས། ཕྱིའི་ཁོར་ཡུག་ལ་ཕན་པའི་ཞིང་ལས་འདེབས་ལས་བྱེད་སྟངས་དེ་རྗེས་རབས་པ་ཚོར་བརྒྱུད་སྤེལ་བྱ་བ་དེ་ནི་ངའི་འོས་འགན་ཡིན་པ་འདྲ། ཞེས་གསུངས་ཡོད་པ་རེད།

མ་རྩོམ་གྱི་འབྲེལ་ཐག
https://www.epochtimes.com/gb/9/9/26/n2669218.htm

འགྱུར་རྩོམ།

Post navigation

Previous Post: ༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་རྒྱ་མཚོའི་ཆུ་ཐིགས།
Next Post: གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་ཐ་མ། ( 19 )

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme