Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།

Posted on 2017-07-14 By ཁ་བརྡ 5 Comments on ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།

ཁྲོ་གཏུམ།

 

འཇིག་རྟེན་དཀར་ངོགས་སུ་གངས་ཏི་སེ་མཐོ་ཟེར
ཉི་འོད་ཀྱི་ལག་པ་རི་བོ་དེའི་བང་རིམ་ལ་སྙོབ་ཡོད
གངས་འཁྱག་བརྩེགས་རིམ་གྱི་ཁྲོད་ལ་ཉི་འོད་ཀྱིས་འཕྱིད་བརྡར་བྱས་མོང

ཉིད་འོད་ཡོད་ཀྱང་དྲོད་མེད་ས
ཟླ་བ་ཤར་ཀྱང་མོག་པོར་འགྱུར་ས
མིང་ལ་ཙི་ན ཡང་ན་རྒྱ་ནག ལྟ་བ་དམར་ཤོག
འཛམ་གླིང་གི་མི་བུ་རླབས་ཆེན་དག་ལ་སྡང་མིག་བགྲད་དེ
འཛམ་གླིང་ལ་ཁ་ཕྱོགས་པའི་མི་དག་བཙུར་བའི་ཚོགས་ཁག་ཅིག

དྲང་བདེན་ཡ་ཐོལ་ལ་བཟུང་བའི་མི་ཕོ་ཞིག
མང་གཙོ་ཡ་ཁོག་ལ་གཅུད་པའི་ཕོ་རབ་ཅིག
མི་བུ་ཞིག་གི་དཔའ་སྙིང་ལས་བརྡོལ་བའི་དྲང་བདེན་གཅིག་པུ་གཡོ་བ

རྒྱ་ཁ་མི་སྙོམས་པའི་ཁྲིམས་དེས་བཙོན་དུ་བཅུགས
འཛམ་གླིང་མི་རིགས་གང་ཡིན་ཀྱང་ཧང་སང་ཞོར་ཁྱོད་སར་ཧད་ཅིང
རྒྱལ་སྤྱི་ཡིས་མིག་ཟུར་རེ་གཡུགས་ཞོར་ལྷག་སོང་བ
འགྲོ་མིའི་ཐོབ་ཐང་གིས་སྒྲིག་གཞི་ཞིག་བཟོས་ཏེ་སྐད་ཅོར་འཐེན་པ
དེ་ལྟར་ཁྱོད་རང་བཙོན་ནས་སྙུན་ཞིང་སྨན་ཁང་ནས་བཀྲོངས

ཤི་ཚར་རྗེས་ད་གཟོད་ལིའུ་ཞའོ་པོ་ཞེས་འབོད་མཁན་དེ
ཁྱོད་ཀྱི་ཆུང་མ་གཅིག་པུ་མིན་ཀྱང་རུང
མིག་ཆུ་དངོས་བཞུར་མཁན་ནི་ཁྱོད་ཀྱི་ཆུང་མ་དང་ནང་མི་ཡིན

རྒྱ་ནག་ནུབ་སོང
ཞི་བདེ་གཟེངས་རྟགས་བཞེས་ཀྱང་རྒྱ་ནག་ནས་ནུབ་སོང
བདེན་པ་དང་ཞི་བདེ་བྲིས་ཀྱང་རྒྱ་ནག་ནས་ནུབ་སོང
རྒྱ་ནག་འཛམ་གླིང་གི་ཡངས་རྩེ་ནས་ནུབ་སོང
པེ་ཅིན་གྱི་སྒོ་འགྲམ་ནས་ནུབ་སོང

༢༠༡༧ཟླ༠༧ཚེས་༡༣ཉིན་རྒྱ་གར་ཉི་མ་དྲོ་ས་ནས་བྲིས།

སྙན་ངག

Post navigation

Previous Post: རྩོམ་ཡིག་འདི་བོད་མི་རྣམས་རང་ངོ་རང་གིས་ཟིན་པའི་རྒྱུ་རུ་བསྔོ་རྒྱུ་ཡིན།
Next Post: བཅོམ་ལྡན་འདས་དང་། ཏཱ་ལའི་བླ་མ། སི་གཱ་ལི་དང་ང་ཚོ།

Comments (5) on “ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།”

  1. མགར་རྡོར། says:
    2017-07-14 at 11:14 am

    བཟང་ངན་གྱི་དབྱེ་བ་མེད་པར་གང་ལྟར་རྒྱ་རྒན་གཅིག་མེད་སོང་ན་ར་དགེ་བ་ཟིག་རེད་ཀོ།

  2. ཀརྡོ་རབ་འབྱམས་པ་ says:
    2017-07-14 at 5:51 pm

    རྒྱ་ནག་གི
    མང་གཙོ་པ་ནུབ་ཀྱང་། མང་གཙོ་དེའང་ཤར་ངེས།
    དྲང་བདེན་པ་ནུབ་རྐྱེན། གདུག་རྩུབ་དེའང་ནུབ་ངེས།
    རྩོམ་བྲིས་པ་བསད་ཀྱང་། རྩོམ་ལུས་དེའང་གསོན་ངེས།
    རང་རིགས་པ་གསོད་མཁན། དམར་གཞུང་དེའང་འཇིག་ངེས།

  3. རྒྱ་ཞིང་མྱི་དཀར། says:
    2017-07-15 at 1:18 am

    རྒྱ་རྒན་གཅིག་ཤི་སོང་ན་དགྲ་ཡ་གཅིག་ཉུང་རུ་ཆགས་སོང་ནོ་དུ་རེད་གཞན་དེ་ལ་མྱ་ངན་བྱ་དགོས་དོན་རྩ་བ་ནས་མེད་དོ།།

  4. ཨ་འབར་འཇིགས་དབང། says:
    2017-07-15 at 2:51 pm

    ༄༅། ཆོས་དུག་ཏུ་འཛིན་རྒྱ་ནག་དམར་པོ།།
    བདེན་པ་ལ་མི་དགའ་བའི་རྒྱ་ནག་དམར་པོ།།
    དྲང་པོར་མི་དགའ་མཁན་རྒ་ནག་དམར་པོ།།
    ཞི་བདེར་མི་དགའ་མཁན་རྒྱ་ནག་དམར་པོ།།
    བྱམས་བརྕེ་ལ་མི་དགའ་མཁན་རྒྱ་ནག་དམར་པོ།།
    བཙན་བཟུང་དྲག་སྤྱོད་གཉའ་གནོན་སྡིག་པ་ཅན།།
    དྲང་མིན་ཤ་སྟག་བཤད་མཁན་རྒྱ་དམར་པོ།
    སྐྱག་རྗུན་རིང་ལུགས་དམངས་ལ་རང་དབང་མེད།།

  5. ཀརྡོ་རབ་འབྱམས་པ་ says:
    2017-07-21 at 1:20 pm

    ལི་འུ་ཞོ་པིས། བོད་དོན་གླེང་བ།
    https://www.facebook.com/CTATIBETTV/videos/10154792609135382/?hc_ref=ARRd4DYe2Xqr4hACaZZO74G23SbDThIF8Dbl99iPtCbnGD8AK9FueEFoKvqbrqWlhpk

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme