Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མ་གཟའ་ཡིས་འཛིན་བཞིན་པ།

Posted on 2010-01-152010-01-15 By དགེ་རབ་ 34 Comments on ཉི་མ་གཟའ་ཡིས་འཛིན་བཞིན་པ།

སྨྱུག་རྒོད་གངས་བུ་དཔལ་གྱིས།
——————
དེ་རིང་གྱི་ཉིན་ཉི་ཟླ་ལྷན་དུ་རོལ་བས་གཞིས་བྱེས་མཉམ་འཛོམ་གྱི་ཉིན་མོ་དྲན་བྱུང་།
ཉི་འཛིན་དང་འབྲེལ་བའི་སྐོར་གླེང་བ།

img_1111
དཔར་པ།༼ར་ས་ཕོ་ཉ།༽ ས་གནས།༼མོན་གྷོ་ཌི།༽ དུས་ཚིགས། ༼Today, January 15, 2010, 1:34:52 PM༽

ཉི་འཛིན་ནི་སྲོལ་རྒྱུན་བཤད་ལུགས་ལྟར་ན། ར་ཧུ་ལའམ་སྒྲ་བཅན་ཟེར་པའི་བདུད་མགོ་ལས་ལུས་པ་མེད་པ་ཞིག་ཡོད་པ་དེས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཟ་བཞིན་ཡོད་པར་བཤད།  དུས་རྒྱུན་ཆོས་སྐད་དུའང་སྒྲ་བཅན་གྱི་མགོ་དང་ཆི་གུའི་ལུས་ཞེས་གྲགས་པ་ལྟར་ཡིན། སྒྲ་བཅན་ནི་ཕྱི་རོལ་པའི་རིག་བྱེད་ཀྱི་གཏམ་རྒྱུད་དང་མཐུན་པར་གླེང་བ་ཞིག་ཡིན་འདུག།
དེང་དུས་ཚན་རིག་པས་བཤད་ལུགས་ལྟར་ན། དུས་ཀྱི་འཁོར་བསྐྱོད་ཀྱིས་ཟླ་བའི་དཀྱིལ་འཁོར་དེ་འཛམ་བུ་གླིང་དང་ཉི་མའི་བར་འཚང་ནས་ཉི་མའི་གཟུགས་འགེབ་པ་ལས་ཉི་མ་གཟའ་འཛིན་དེ་བྱུང་བ་ཡིན་པ་དང་། ཟླ་བ་གཟའ་འཛིན་ཡང་ཟླ་བ་དང་ཉི་མའི་བར་དུ་འཛམ་བུ་གླིང་འཛུད་པས་འཛམ་བུ་གླིང་གི་གྲིབ་ནག་ཟླ་བ་ལ་ཕོག་པ་ལས་བྱུང་བར་བཤད། དེ་ནི་ཉི་འཛིན་དང་ཟླ་འཛིན་ཚང་མ་གནམ་གང་གི་ཉིན་མཚན་དུ་བྱུང་བ་དང་མཐུན་པ་ཡིན།

img_1098
དཔར་ཆས་ཀྱི་ནང་དུ་ཉི་འཛིན་བལྟ་བ།

གསར་འགྱུར།

Post navigation

Previous Post: ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད།
Next Post: སྙན་ངག་པས་རང་སྲོག་གཅོད་པའི་དུས་ཚོད་བསླེབས་སོང་།

Comments (34) on “ཉི་མ་གཟའ་ཡིས་འཛིན་བཞིན་པ།”

  1. གཞོན་ནུ་ཟླ་མེད says:
    2010-01-15 at 10:16 am

    བོད་ཀྱི་སྐར་རྩིས་རིག་པའི་གསུང་སྟངས་བྱས་ན་དུས་མེའམ་སྒྲ་གཅན་གྱིས་སྒྲིབ་པ་ལ། རྩ་གདོང་མཇུག་གསུམ་གྱི་སྒྲིབ་པ་བཤད། གདོང་སྒྲུབ་མ་གཏོགས་རྩ་མཇུག་གཉིས་ཀྱིས་སྒྲིབ་པ་ནི་ང་ཚོས་ཟླ་ཉི་སྒྲིབ་པ་མཐོང་མི་ཐུབ། གདོང་སྒྲིབ་གཅིག་བུ་ང་ཚོས་མཐོང་ནས་ཟླ་ཉི་མཐོང་མི་ཐུབ། རྒྱུ་མཚན་ནི་སྒྲ་གཅན་ནམ་དུས་མེ་ནི་ལུས་དང་མཇུག་མ་དྭངས་གསལ་ཤེལ་གྱི་རང་བཞིན་ལྟ་བུ་ཡིན་པས་ཟླ་ཉི་སྒྲིབ་ན་ཡང་ང་ཚོས་ཟླ་ཉི་མཐོང་ཐུབ། གདོང་ནི་དྭངས་ཤེལ་གྱི་རང་བཞིན་མིན་པས་ཉི་མའམ་ཟླ་བ་སྒྲིབ་པའི་ཚེ་ང་ཚོ་ལ་ཟླ་ཉི་མངོན་ཐུབ་གྱི་མེད། སྒྲིབ་པའི་དོན་ཡང་སྒྲ་གཅན་གྱིས་ཟླ་ཉི་ཟོས་པ་ལ་གོ་བ་མི་ལེན་པར་དེས་སྒྲིབ་པ་ལ་གོ་བ་ལེན་དགོས། སྒྲ་གཅན་ནམ་དུས་མེ་ནི་ང་ཚོའི་འཛམ་བུ་གླིང་དང་ཟླ་ཉིའི་བར་དུ་འཁོར་བསྐྱོད་བྱེད་བཞིན་པ་ཅིག་ཡིན་པས་དེས་སྒྲིབ་པ་དཔེར་ན་དེའི་བར་དུ་སྤྲིན་པས་སྒྲིབ་པ་དང་མཚུངས། འོན་ཀྱང་ཁ་ཤས་ཀྱི་སྐར་རྩིས་རིག་པའི་སྒྲིབ་སྟང་དང་རིག་བྱེད་གཏམ་རྒྱུད་གཉིས་དཀྲུགས་ན་ནོར་བ་ཡིན།

  2. གཅན་བཟོད་རྒྱམ། says:
    2010-01-15 at 10:19 am

    ངས་མཚོ་སྔོན་བརྙན་འཕྲིན་ལས་ཇང་གིར་རྒྱལ་པོའི་མུ་འགྲེལ་བརྙན་འཕྲིན་ཟློས་གར་ལ་བལྟས་བསྡད་པས་ཉི་འཛིན་ལ་བལྟ་རྒྱུ་བརྗེད་སོང་ཟིག་ཡ།

  3. གཞོན་ནུ་ཟླ་མེད says:
    2010-01-15 at 10:47 am

    བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོ་ན། ། ཟླ་ཉིའི་དཀྱིལ་འཁོར་སྒྲིབ་པའི་སྐབས།། འབྲས་བུ་ཅུང་ཟད་ངན་ན་ཡང་།། བཞི་ལྔ་མ་གཏོགས་ཞག་བདུན་ཚུན།། ཆར་བབས་ངན་འབྲས་ཞི་བར་འགྱུར།། དགེ་སྡིག་འགྱུར་ཁྱད་དུས་བཟང་དཀྱུས་མ་ལ།། བརྒྱ་འགྱུར་ཟླ་འཛིན་བྱེ་བ་བདུན་འགྱུར་དང་།། ཉི་འཛིན་བྱེ་བ་འབུམ་འགྱུར་དུ་གསུངས་ཕྱིར།། སྡིག་སྤོངས་རྣམ་དཀར་ལས་ལ་འབད་པར་འཚལ།། གསུངས་སོ།།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-15 at 11:34 am

    ངས་འདི་ལ་ཉི་འཛིན་ཟེར་བ་ལས། ཉི་སྒྲིབ་ཟེར་ན་འདོད་ཀི་ཡོད།

  5. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-15 at 11:59 am

    ང་ཚོའི་བོད་སྐད་ནང་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པའི་ས་ཁྱབ་རྡོ་ཁྱབ་ཀྱི་ཐ་སྙད་མང་པོ་ཡོད་པ་དེ་ཚོ་རང་གསོར་བཞག་ན་ཡག་པོ་འདུག་སྙམ། དཔེར་ན། སྐམ་ལས་སྐྱེས་པའི་པད་མ་མཚོ་སྐྱེས་མ་རེད་ལབ་མི་རུང་བ་བཞིན་རེད།

  6. ཀུན་གསལ་ says:
    2010-01-15 at 1:02 pm

    དེ་ནི་ཉི་འཛིན་དང་ཟླ་འཛིན་ཚང་མ་གནམ་གང་གི་ཉིན་མཚན་དུ་བྱུང་བ་དང་མཐུན་པ་ཡིན།ཟེར་བ་འདིའི་དོན་ཅི་རེད།

  7. ཀུན་གསལ་ says:
    2010-01-15 at 2:01 pm

    སྨྱུག་རྒོད་གངས་བུ་དཔལ་ཟེར་ལ།
    ༡ ཉི་འཛིན་ནི་སྲོལ་རྒྱུན་བཤད་ལུགས་ལྟར་ན། ར་ཧུ་ལའམ་སྒྲ་བཅན་ཟེར་པའི་བདུད་མགོ་ལས་ལུས་པ་མེད་པ་ཞིག་ཡོད་པ་དེས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཟ་བཞིན་ཡོད་པར་བཤད། བོད་ཀྱི་སྲོལ་རྒྱུན་གནམ་རིག་གམ་སྐར་རྩིས་ཀྱི་གཞུང་ལུགས་མ་མཐའ་འང་ལྔ་བཅུ་ལྷག་ཡོད་པ་གང་གི་ནང་ན་་་་་་བདུད་མགོ་ལས་ལུས་པ་མེད་པ་ཞིག་ཡོད་པ་དེས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཟ་བཞིན་ཡོད་པར་བཤད་་་་་་པ་གསལ་བོར་འབྲི་དགོས། ༢ དེང་དུས་ཚན་རིག་པས་བཤད་ལུགས་ལྟར་ན།ཟེར་བའི་དེང་དུས་ཀྱི་མགོ་ནམ་ནས་འཛིན་དགོས། འདི་དག་ལ་ལན་མེད་ན་ཁྱེད་ཡང་རྒྱུ་མཚུན་མེད་པར་བོད་ཀྱི་སྲོལ་རྒྱུན་ལ་རྒོལ་མཁན་གུང་ཁྲན་ཏང་གི་སྐྱག་འབུ་ཞིག་ཡིན་ནི་ཡིན། རྗེས་མ་ཤེས་མ་ཤེས་འདི་མོ་འདི་འབྲི་མི་ཉན་ལོ། མ་གཞི་ཉི་འཛིན་ཟླ་འཛིན་ནམ་བྱུང་གི་ལོ་དང་ཟླ་བ། ཞག་དང་དུས་ཚོད། སྐར་མ་དང་སྐར་ཆ་རེ་རེ་བཞིན་་མ་མཐའ་ཡང་བོད་པས་ལོ་ངོ་དགུ་བརྒྱའི་སྔོན་ནས་ཤེས་བཞིན་ཡོད་པ་རེད། དཔེ་ཁ་གསལ་རེ་བཤད་ན། ཨ་ལགས་ཚེ་ཏིན་ཞབས་དྲུང་ཚང་གིས་ལོ་ངོ་ཉེར་ལྔའི་སྔོན་ནས་༢༠༠༨ དང་༢༠༠༩་ལོའི་ཉི་མ་ཧྲིལ་སྒྲིབ་གཉིས་ཚུད་པའི་ཉི་འཛིན་དང་ཟླ་འཛིན་མང་པོའི་ལོ་དང་ཟླ་བ།་དུས་ཚོད་དང་་སྐར་ཆ་རེེ་རྒྱ་རྩིས་གོ་དོན་ཟེར་བའི་དེབ་ཆུང་ནང་གཅིག་གཅིག་གཉིས་གཉིས་བྱས་བྲིས་ཡོད་པ་རིག་ཨེ་མྱོང་། ཚན་རིག་ཟེར་ན་འདི་ཚན་རིག་རེད། ཁྱེད་ཚོར་རྒྱ་མི་དང་ཕྱི་རྒྱལ་པའི་སྐྱག་པ་ཡན་ཆད་དེང་དུས་ཚན་རིག་ཡིན་ནི་རེད། བོད་པའི་ཡོད་ཚད་སྲོལ་རྒྱུན་ངན་པ་ཞིག་ཡིན་ནི་རེད། མ་གཞི་ཁྱེད་ཚོའི་བསམ་བློའི་རྨང་གཞི་རྙིང་བ་ལ་རྒོལ་བའི་དམར་པོའི་ལྟ་བས་བསྐྲུན་ཡོད་པས་རེད།

  8. མགོན་པོ་ཕྱག་གཉིས་པ། says:
    2010-01-15 at 4:13 pm

    སྨྱུག་རྒོད་གངས་བུ་དཔལ་ལ་རྒྱབ་སྐྱོར་ཡོད། ཁོང་གིས་བྲིས་པར་ནང་འགལ་ཆེན་པོ་དང་སྲོལ་རྒྱུན་ལ་སྐྱོན་བརྗོད་བྱས་པ་དེ་འདྲ་གང་ཡང་མེད་གི ཁོང་གི་མཆན་ནང་ཡང་། ་་བོད་སྐད་ནང་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པའི་ས་ཁྱབ་རྡོ་ཁྱབ་ཀྱི་ཐ་སྙད་མང་པོ་ཡོད་པ་དེ་ཚོ་རང་གསོར་བཞག་ན་ཡག་པོ་འདུག་སྙམ།་་ཟེར་བ་དེ་ཡང་དགོངས་གཞི་ཅན་གྱི་སྐད་ཆ་རེད། དམངས་ཀྱི་ཁ་རྒྱུན་ན་ཡོད་པའི་སྐད་ཆ་དེ་ཚོ་ལའང་དེའི་ཚོད་ཀྱི་རིན་ཐང་ཞིག་དང་ཞིབ་འཇུག་བྱེད་རིན་ཡོད་པར་འདོད།
    ཁོང་གིས་སྲོལ་རྒྱུན་གྱི་བཤད་ལུགས་ལྟར་ཞེས་བྲིས་འདུག་པ་ལ། ཀུན་གསལ་ལྟ་བུ་བློ་རིག་མི་གསལ་བའི་མི་འདི་འདྲས་སྲོལ་རྒྱུན་གྱི་བཤད་ལུགས་དེ་བོད་ཀྱི་སྐར་རྩིས་རིག་པ་དང་མཉམ་བསྲེ་བྱས་ནས་དགག་ཁུལ་བྱེད་པ་འདི་ནི་རང་གིས་ཅང་མ་ཤེས་པའི་མུ་ཅོར་ཙམ་དུ་ཟད་དོ།
    ཉི་མ་གཟའ་ཡིས་ཟ་ཟེར་མཁན་དང་ཉི་མ་གཟའ་ཡིས་བཟུང་ཟེར་མཁན། ད་རུང་ཉི་མ་མཚའ་གོ་གི་ཟེར་མཁན་ཡང་ཡོད་གི ད་རུང་ལ་ཁུག་ལུག་ཁུག་དེ་འདྲར་མིང་གི་འབོད་སྟངས་གཞན་ཡང་ཡོད་སྲིད། མཚའ་ཡི་དག་ཆ་ཅི་ཡིན་མ་ཤེས། སྒྲ་ཇི་བཞིན་བྲིས་པ་ཡིན་སུ་ཞིག་ནས་གསལ་བཤད་བྱས་ན་ཐུགས་རྗེ་ཆེ།
    སྒྲིབ་ཟེར་བ་དེ་བོད་ཀྱི་སྐར་རྩིས་རིག་པའི་ནང་གི་ཐ་སྙད་ཅིག་རེད། (དབྱིན་ཡིག་གི་སན་སི་ཞེས་པའི་ཐོག་མའི་དོན་ནི་དངོས་སུ་ན་རིག་པའི་དོན་དུ་འདུག རྒྱ་ཡིག་གི་ཁི་ཞེའེ་ཞེས་པ་ལ་བལྟས་ནས་ཚན་རིག་ཅེས་ཐོག་མར་སྒྱུར་མཁན་སུ་ཡིན་མི་ཤེས།)
    སྒྲིབ་གླེང་ཡོང་སྐབས་ངའི་སེམས་སུ་ཡུལ་མདོ་སྨད་ཀྱི་སྐར་རྩིས་རིག་པ་སྨྲ་བའི་མཁས་དབང་ཨ་ཁུ་བསམ་གྲུབ་རྒྱ་མཚོ་ཚང་ཞལ་བཞུགས་སྐབས་ཀྱི་གསུང་གདངས་དྲན་ནས་སེམས་པ་གྲང་ཤུར་ཤུར་ཆགས་སོང་། ཁོང་ནས་སྒྲིབ་ལས་འཕྲོས་ཏེ་སྐར་རྩིས་ཀྱི་སྐོར་རྒྱ་ནག་གི་ཚན་རིག་པ་ཚོར་རྩོད་པ་བྱས་པའི་ལོ་རྒྱུས་མང་པོ་གསུང་རྒྱུ་ཡོད། ཁོང་ནས། རྒྱ་མི་ཚོས་བོད་ཀྱིས་དགྲ་གཅན་ཟེར་བའི་སེམས་ཅན་ཞིག་ནས་ཉི་མ་དང་ཟླ་བ་ཟ་གི་ཡོད་པ་རེད་ཟེར་ནས་འཕྱ་ལས་རྒྱབ་པར་བོད་ཀྱི་སྐར་རྩིས་རིག་པ་གཞིར་བཟུང་ནས་རྩོད་པ་མང་པོ་རྒྱབ་པ་དང་། ཁོང་བཙོན་ཁང་ནང་ངམ་གང་ཞིག་སྐབས་རྩིས་པ་ཆགས་ནས་མགྱོགས་རྩིས་ཀྱི་སོར་མོའི་གློག་ཞགས་འཁྱུག་ན་རྒྱ་མི་རྩིས་པ་ཚོ་ཧང་སང་ནས་བོད་ལའང་རྩིས་ཡོད་པ་རེད་དམ་ཞེས་ཡིད་མི་ཆེས་པ་ལྟ་བུ་བྱེད་གི་འདུག་གསུངས།
    རྗེས་སུ་བརྒྱད་ཅུ་གྱ་གྲངས་ནང་ལ་ཚན་རིག་པ་དེ་འདྲས་བོད་རྩིས་ལ་ཉམས་ཞིབ་བྱེད་པའི་ཆ་ཤས་སུ། ཁོང་ནས་སམ་ཊའི་ཐོག་བོད་རྩིས་རྒྱབ་པ་དང་གཞན་རྒྱ་མི་གཉིས་ནས་རྒྱ་ནག་གི་ཕྲེང་རྩིས་དེད་དེ་ཁོང་ལ་རྩིས་འབྲས་སོན་པ་དང་རྒྱ་མི་གཅིག་གིས་ཕྲེང་རྡོག་རྗེས་མ་དེ་དེད་དེ་ཕལ་ཆེར་མཉམ་ཚར་བྱུང་བ་ཞིག་ཀྱང་བཤད་རྒྱུ་ཡོད། སྤྱིར་བཏང་ཕྲེང་རྩིས་དེ་ཧ་ལས་པའི་མགྱོགས་པོ་ཡོད་པ་རེད། མདོར་དེད་ན་ཁོང་ནས་འཕྲུལ་ཆས་ཤིག་ལ་འགྲན་བསྡུར་བྱས་ནས་རྒྱལ་ཁ་ཐོབ་པ་རེད་ཟེར་ནའང་མ་འགྲིགས་པ་ཆེར་མི་འདུག ཁོང་ལ་རྒྱ་མི་སྐར་རྩིས་ཀྱི་ཚན་རིག་པ་གཉིས་ཡོད་པ་དེ་གཉིས་ཀྱི་མིང་དང་དེ་གཉིས་རིག་པ་ཡག་པོ་ཡོད་པའི་སྐོར་ཡང་སེ་བཤད་གི་རེད། ད་རུང་ནུབ་གླིང་བ་བོད་ཀྱི་སྐར་རྩིས་ལ་དོ་སྣང་ཅན་དེ་འདྲ་ཁོའི་མདུན་དུ་བཅར་བའི་སྐོར་ཞིག་དང་། དེ་ཚོས་བོད་ཀྱི་སྐར་རྩིས་སྔོན་བླ་བྲང་དུས་འཁོར་གྲྭ་ཚང་ནས་ཡིན་པའི་བློ་གྲོས་ཟེར་བ་ཞིག་རྒྱ་གར་ན་ཡོད་པ་རེད་དེའི་རྩ་ནས་སྦྱངས་འདུག་གསུངས།
    ཁོང་ནི་དབེན་པ་ནས་དབེན་པ་བསྙེགས་ཏེ་སྒོམ་སྒྲུབ་བྱས་འགྲོ་མཁན་ཞིག་ཡིན་ནའང་བོད་ནང་གི་སློབ་གྲྭ་ཆེ་ཁག་ནས་ཁོང་ལ་རྔོན་པས་རི་དྭགས་ཀྱི་རྗེས་སྙེགས་སྙེགས་བྱས་ཏེ་གར་འགྲོའི་རྗེས་སུ་བརྒྱུགས་ནས་གདན་ཞུ་བྱས་པའི་ངོ་མ་ལྕོགས་པར་མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་བོད་སློབ་རྣམས་ལ་སྒྲ་དང་སྐར་རྩིས་སོགས་ཀྱི་སྐོར་སློབ་ཁྲིད་གནང་བར་ཐེངས་གཅིག་མིན་དུ་ཕེབས་དགོས་བྱུང་བ་རེད། ལོ་འགའ་ཤས་ཀྱི་གོང་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་པ་སེམས་པ་སྐྱོ་བའི་རྒྱུ་རུ་འདུག་ཀྱང་ཆོས་ཉིད་ཀྱི་གོ་སྒྲིག་ལ་སུ་ཡིས་འཁང་ར་བྱེད།

  9. གཞོན་ནུ་ཟླ་མེད says:
    2010-01-15 at 4:30 pm

    འོ་བར་སྐབས་ཤིག་ནས་ཟི་ལིང་སྨན་ཁང་གི་སྐར་རྩིས་སློབ་དཔོན་སྒོ་མེ་མཆོད་རྟེན་སྐས་ཨ་ཁུ་ངག་དབང་རེད་འདུག ཁོ་ངོ་ནས་སྐར་རྩིས་ལ་མཁས་པ་རེད། ཁོང་གིས་ཟི་ལིང་ཀ་ཀྲུང་བོད་སྨན་ཁང་དུ་སྨན་དང་སྐར་རྩིས་རིག་པ་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྗེས་སུ་ཁོང་གིས་ཟི་ལིང་དུ་སྨན་ཁང་དུ་བསྡད་ན་ཁ་བཏོན་བྱེད་མི་ཐུབ་གི་ཟེར་ནས་མཆོད་རྟེན་སྐས་དགོན་པ་སོང་ནས་དགོན་པའི་ཆོས་སྤྱོད་དང་འདོན་རྟ་དབྱངས་གསུམ དཀྱིལ་འཁོར། ཐིག་རྡུལ་མཚོན་སོགས་ཁྲིད་ཀྱི་འདུག དགོན་པ་ཆེ་ཆུང་ཁག་ནས་སློབ་མ་མང་པོ་ཕེབས་ཀྱི་ཡོད་ཀི ངས་ཀྱང་ཁོང་གི་མདུན་ནས་སྐར་རྩིས་སྐོར་སྦྱང་མྱོང་མོད། འོན་ཀྱང་དེང་སང་སེམས་ལ་ལྷག་མི་འདུག

  10. གཞོན་ནུ་ཟླ་མེད says:
    2010-01-15 at 4:36 pm

    གངས་བུ་དཔལ་ནས་སྲོལ་རྒྱུན་གྱི་ཐ་སྙད་ལ་གཅེས་སྤྲས་བྱེད་དགོས་པའི་བསམ་ཚུལ་བཏོན་པ་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་སྒྲ་གཅན་ལ་བདུད་མགོ་ལས་ལུས་མེད་ཅེས་སྲོལ་རྒྱུན་གང་ན་བཏགས་ཡོད་ལགས། མདོར་ན་ར་ཧུ་ལ་བདུད་ཅེས་གང་ན་བཏགས་ཡོད་པ་རེད་ཅེས་དྲི་བ་ཕུལ་བ་ཡིན།

  11. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 12:54 am

    སྐུ་ཞབས་གཞོན་ནུ་ཟླ་མེད་ལགས། སྒྲ་གཅན་ནི་དེང་སང་རྒྱ་གར་གྱིས་བཤད་བཞིན་པའི་ལོ་རྒྱུས་ཀྱི་ནང་དུའང་འདུག་ལ། དེའི་ནང་སྒྲ་གཅན་ནི་ལྷ་མ་ཡིན་ངམ་བདུད་ཀྱི་རིགས་སུ་བཤད་འདུག སྤྱིར་བཏང་ལྷ་ཡི་རིགས་ཡིན་ན་བདུད་མ་ཡིན་པ་མི་དགོས་པ་བདུད་དགའ་རབ་དབང་ཕྱུག་ལྷ་ཡི་རིགས་ཡིན་པ་མ་ཟད་འདོད་ལྷའི་རིགས་དྲུག་གི་མཐོ་ཤོས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ཡིན་པ་མཁྱེན་དགོས།

    ཡང་སངས་རྒྱས་པའི་ནང་དོན་རིགས་པའི་གཞུང་ལུགས་དག་ཏུ་སྒྲ་་གཅན་ལ་མགོ་མ་གཏོགས་པའི་ལུས་བཟུང་དུ་མེད་པ་དང་། ཆི་གུ་ལ་ལུས་མ་གཏོགས་མགོ་གཟུང་དུ་མེད་པ་བཤད་འདུག་པས། དོན་དངོས་སྒྲ་གཅན་ལ་མགོ་གཏོགས་ལུས་པོ་འདི་ཟེ་བསྟན་རྒྱུ་མེད་པ་འདྲ།

    གཟའ་ཡི་རྒྱལ་པོ་ར་ཧུ་ལ་ཞེས་པ་དེ་མིག་མང་པོ་ཡོད་པ་དང་། ལུས་ལ་མེ་འབར་བ། མིའི་མགོ་ཐོད་དུ་འགྲོ་ན་སྒྲིབ་ནད་ཕོག་པ་ཞིག་ཡོད་སྐད་། དེ་ནི་ཉི་མ་འཛིན་མཁྱེན་དེ་ཨེ་ཡིན་མི་ཤེས།
    རྒྱ་གར་གྱི་ལྷ་སྒྲུང་རི་མོའི་གཟུགས་སུ་ཡོད་པ་ཞིག་ན་ར་ཧུ་ལ་ནི་མགོ་མཐོང་རྒྱུ་ཡོད་ལ་ལུས་མི་མངོན་པ་ཤེལ་གོང་ལྟ་བུ་ཞིག་ཀྱང་བྲིས་འདུག

  12. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 1:01 am

    ཀུན་གསལ་ལགས། ཉི་འཛིན་དང་ཟླ་འཛིན་གནང་གང་སྟེ་ཧོར་ཟླའི་བོད་ཚོས་༣༠ཉིན་འཁེལ་བ་དེ་དང་ཚན་རིག་པས་ཉི་ཟླ་དཀྱུས་སམ་ཐིག་ཕྲེང་གཅིག་དུ་སླེབས་སྟེ་ཕན་ཚན་སྒྲིབ་པར་བཤད་པ་དེ་མཐུན་འདུག་སྙམ། གང་ཡིན་ཟེར་ན། ཚེས་༡༦ནས་རིམ་པས་ཟླ་འཆར་རྒྱུ་རྗེས་སུ་ལུས་ཏེ། ཉི་ཁ་ཤས་ཀྱི་རྗེས་སྔ་དྲོ་ཉི་ཤར་ཚེ་ཡང་ཟླ་བ་མ་ནུབ་པར་ལུས་ཡོད་པ་དང་། དེ་ནས་རིམ་པས་ཚེས་༣༠་ཚེ་ཟླ་དང་ཉི་མ་གཉིས་ཀ་མཉམ་དུ་ནམ་མཁའ་བགྲོད་པ་ཡིན་དུས། གཏན་གཏན་ཉི་མའི་འོག་རྟག་རྟག་ཟླ་དཀར་སླེབས་སྲིད་པ་རེད། དེ་མིན་ཟླ་དཀར་དང་ཉི་མ་བརྡུང་ཡག་ཉེན་ཁ ཡོད་དགོས།

  13. མགོན་པོ་ཕྱག་གཉིས་པ། says:
    2010-01-16 at 1:30 am

    ཁོང་ལ་སློབ་མ་རྒྱ་མི་སྐར་རྩིས་ཀྱི་ཚན་རིག་པ་གཉིས་ཞེས་བཅོ་འཚལ།

  14. ཀླུ་སྨྱོན། says:
    2010-01-16 at 2:03 am

    རྒྱང་ཤེལ་ནང་ནས་ལྟོས་དང་ཉི་འཛིན་སྐབས་སུ་ཟླ་བ་དེ་ཉི་མ་དང་སའི་གོ་ལ་གཉིས་ཀྱི་བར་དུ་བསླེབས་པས་ཉི་འོད་ས་སྟེང་དུ་འཕྲོ་ལམ་བཀག་ཡོད་པ་མིག་གིས་ཧ་ཅང་གསལ་བོར་མཐོང་ཐུབ་ཅིང་། ཟླ་འཛིན་སྐབས་སུ་ཡང་སའི་གོ་ལ་ཉི་མ་དང་ཟླ་བ་གཉིས་ཀྱི་བར་དུ་བསླེབས་ནས་ཉི་འོད་ཟླ་བའི་སྟེང་དུ་འཕྲོ་ལམ་བཀག་ཡོད་པ་གསལ་བོར་ཤེས་ཐུབ། གནའ་བོའི་རྩིས་རིག་པས་སྐབས་འདིའི་སའི་གོ་ལ་དང་ཟླ་བའི་གྲིབ་ནག་གཉིས་ལ་སྒྲ་གཅན་ཞེས་མིང་གིས་བཏགས་དེ་དེས་ཉི་ཟླ་བསྒྲིབས་ཚུལ་ཡོད་པས། མིང་འདོགས་སྟངས་མ་འདྲ་བའི་ཁྱད་པར་ལས་དོན་ལ་གཅིག་པ་འདྲ་ཞིག་རེད། དེ་ཡང་རྩིས་གཞུང་ལས་སྒྲ་གཅན་འདི་ནས་འདི་ལ་བསླེབས་ཞེས་པ་དེ་ཡང་སའི་གོ་ལ་དང་ཟླ་བའི་གྲིབ་ནག་དེ་ཕྱོགས་གང་ཞིག་ནས་ཕྱོགས་གཞན་ཞིག་ཏུ་བསླེབས་པའི་མིང་གི་འདོགས་སྟངས་ཤིག་རེད། འདི་་ལྟར་བཀྲལ་ན་གནའ་བོའི་སྐར་རྩིས་རིག་པ་དང་དེང་གི་གནམ་རིག་པའི་འགྲེལ་བཤད་གཉིས་གཞི་གཅིག་གི་སྟེང་དུ་འབབ་ཐུབ་པ་རེད་ལ། གནའ་མྱི་ད་མྱི་ཚང་མའི་བློ་ལ་ཡང་འཆར་བདེ་བའི་ཁྱད་ཆོས་ཡོད་པ་རེད།

  15. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 2:28 am

    ཀླུ་སྨྱོན་ཧེ་རུ་ཀས་སྒྲ་གཅན་དེ་གྲིབ་ནག་བཟོས་འདུག དེ་འདྲ་བྱེད་དུ་སྒྲ་གཅན་གཉིས་བཟོས་པ་མ་རེད་པས། སྤྱིར་བཏང་མནའ་མིའི་འདོད་པ་དང་དེང་སང་གི་འདོད་པ་གཉིས་གཅིག་ཏུ་བཟོ་རྒྱུ་དང་མཐུན་ཐབས་བྱ་ས་ཞིག་ཡོད་ན་མ་གཏོགས་རྟེན་འབྲེལ་གྱི་ཆོས་མཐའ་དག་གི་སྟེང་དུ་མཐུན་དགོས་ཀྱི་མ་རེད་ལ། གལ་ཏེ་གཅིག་ཏུ་མཐུན་ན་ཡར་རྒྱས་དང་གསར་གཏོད་ཀྱི་ངོ་བོ་བརླག་འགྲོ་ཡི་རེད་སྙམ།

    སྤྱིར་བཏང་ཉི་ཟླ་གཟའ་ཡིས་འཛིན་ལུགས་ལ། ཚན་རིག་པས་བཤད་པ་དེ་ལྟར་དང་། སྲོལ་ལུགས་ལས་བྱུང་བ་དེ་ལྟར་གཉིས་ཀ་ཡོད་ཆོག་པའང་རེད་འདུག

  16. མགོན་པོ་ཕྱག་གཉིས་པ། says:
    2010-01-16 at 2:40 am

    ད་གནའ་མྱི་ད་མྱི་མི་ཤེས་ཏེ། བོད་ཀྱི་སྐར་རྩིས་ནང་ཉི་འཛིན་ཟླ་འཛིན་སྐོར་གསལ་བོ་དང་ཞིབ་ཚགས་ཞེ་དྲགས་ཡོད་པ་རེད། ཕྱོགས། ཁ་དོག དུས་ཚོད་སོགས། ལྷག་པར་དུ་དུས་ཚོད་ལ་མཚོན་ན། ཉི་མ། དུས། སྐར་མ། སྐར་ཆ། སྐར་ཆ་ལའང་ཆ་དྲུག་ཅུར་དབྱེ་བ་ཕྱེ་སྟེ་ཞིབ་ཚགས་ཧ་ལས་པ་ཡོད་པ་རེད།
    ཐ་ན་སམ་ཊའམ་རྩིས་གཞུང་དེའང་འཁྱེར་སྐབས་མ་གཏོགས་སྟབས་བདེ་བོ་ཡོད་པ་རེད། རྩིས་རྒྱབ་ནས་ཤོག་བུ་མང་པོ་འཕྲོ་བརླག་གཏོང་དགོས་མ་རེད། རྩིས་རྒྱག་ཞོར་དང་བསུབ་ཞོར་བྱེད་གི་བྱེད་གི་མཐའ་མཇུག་རྩིས་གཞུང་ནང་རྩིས་འབྲས་གཅིག་པོ་བབས་ཡོང་གི་རེད།
    ངེད་ཚོས་སློབ་ཆེན་ནང་རྩིས་གཞུང་གི་པང་ལེབ་གྲུ་བཞི་རེ་མཆན་ལ་བཅུག་སྟེ་ཕྱིན་སྐབས་རྒྱ་མི་ཚོས་འདི་ག་རེ་ཡིན་ན་བསམ་ནས་མཚར་སྣང་སྐྱེ་གི་འདུག ཨ་ཁུ་བསམ་གྲུབ་ཚང་ནས། རྒྱ་མི་ཚོས་འདི་ག་རེ་རེད་ཟེར་ནས་དྲིས་ན་ཧྲ་པན་རེད་ཟེར་ནས་ཤོད་གསུང་གི་རེད། (ཧྲ་ནི་བྱེ་མ་དང་། པན་ནི་པང་ལེབ་ཀྱི་དོན།)
    གནའ་སྔ་མོའི་དུས་རྒྱ་ནག་ནང་དམག་འཁྲུག་སྐབས་ཧྲ་པན་ཟེར་བའི་ཤིང་གཞོང་ཞིག་ནང་བྱེ་མ་བླུགས་ཏེ་ས་བཀྲ་འབྲི་ས་བྱེད་གི་ཡོད་འདུག་པ་དེ་དང་བོད་ཀྱི་རྩིས་གཞུང་གཉིས་འདྲ་བོ་ཡོད་པ་རྒྱ་མི་མཁས་པ་དེ་འདྲས་ཁོང་ལ་གསུངས་འདུག

  17. ཀླུ་སྨྱོན། says:
    2010-01-16 at 2:40 am

    རེད་རེད། བཤད་སྟངས་མི་འདྲ་བ་མ་གཏོགས་སའི་གོ་ལ་དང་ཟླ་བ་གཉིས་ཀྱིས་ཉི་འོད་འཕྲོ་ལམ་བཀག་པ་ཞིག་ཡིན་པ་ནི་ང་ཚོས་མངོན་སུམ་མིག་གིས་མཐོང་ཐུབ་པས་དོན་དག་གཅིག་རེད་ཟེར་བ་ཡིན། མིག་གིས་མཐོང་ཐུབ་པའི་ཉི་ཟླ་སྐར་གསུམ་གྱི་དོན་དག་འདི་ཚོར་ཨུ་ཚུགས་བྱེད་དགོས་དོན་མེད་ཀི བོད་གངས་ཅན་པའི་མ་འོངས་པའི་མདུན་ལམ་ལྟ་བུ་ལྐོག་གྱུར་གྱི་རིགས་འདིར་མི་ཚང་མས་རང་རང་གི་ལྟ་ཚུལ་རེ་སྤེལ་ཐུབ་ན་དགའ་བསུ་ཡོད།

  18. ཀླུ་སྨྱོན། says:
    2010-01-16 at 2:48 am

    ང་ལ་སེམས་ཁུར་གསར་བ་ཞིག་ཡོད་པ་ནི་ཉིན་འགའི་སྔོན་ཚན་རིག་པས་ཉི་མའི་ཐག་ཉེ་ས་ཞིག་ནས་དྲག་ཏུ་འབར་བཞིན་པའི་རྒྱུ་སྐར་གསར་བ་ཞིག་རྙེད་འདུག་ཅིང་། རྒྱུ་སྐར་དེའི་སྤུས་ཀར་དཔྱད་ན་དེ་ཙམ་མཁྲེགས་པོ་ཞིག་མིན་པས། རང་སྟེང་གི་མེ་རི་འབར་གས་དང་ཉི་མའི་ཚ་དྲོད་གཉིས་བསྡོངས་ནས་རྒྱུ་སྐར་དེ་གས་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཞིག་ཡོད་ལུགས་ཟེར་བས། གལ་སྲིད་ཉི་མའི་ཉེ་སྐར་དེ་གས་འཐོར་དུ་ཕྱིན་པ་ཡིན་ན་དེའི་རྐྱེན་གྱིས་ཉི་མའི་སྟེང་གི་དྲག་འབར་མེ་རླབས་ཀྱི་འཕྲོ་ཚད་ཆེ་རུ་སོང་ནས་སའི་གོ་ལའི་སྟེང་ཉི་འོད་ཕོག་སྟངས་ལ་འགྱུར་ཆེན་པོ་ཞིག་ཐེབས་པར་སེམས་ཁུར་བྱེད་བཞིན་ཡོད། གལ་སྲིད་སྤྱི་ལོ་༢༠༡༠ལོར་ཉི་མ་དང་ཉི་མའི་ཉེ་སྐར་གཉིས་གདོང་གཏུགས་ལྟ་བུ་རེ་བྱུང་བ་ཡིན་ན་དེའི་རྐྱེན་གྱིས་སའི་གོ་ལ་འདིར་ཡང་འཇིགས་སུ་རུང་བའི་ཆག་སྒོ་ཞིག་ཡོང་རྒྱུ་ངེས་ཅན་ཡིན་པས། འདིའི་སྐོར་ནས་རང་རང་གི་ལྟ་ཚུལ་རེ་སྤེལ་དང་།

  19. མི་རྐང་གླིང་བུ says:
    2010-01-16 at 3:31 am

    ཨ་ཁུ་ལགས། དེ་ནི་རྒྱུ་སྐར་གསར་པ་ཅང་མ་རེད། སྔར་ནས་ཡོད་པ་ཞིག་ཚན་རིག་པས་དེ་རིང་གཞི་ནས་མཐོང་བ་རེད། འཇིག་རྟེན་བྱེ་བ་ཕྲག་བརྒྱ་གསུངས་པ་དེ་དག་ག་ལས་ཚན་རིག་ཡར་རྒྱས་ཕྱིན་ན་རྙེད་ཐུབ་ཀྱི་རེད། ཚན་རིག་པས་རྒྱུ་སྐར་གཅིག་གཅིག་དང་བརྡུང་ཁ་རྒྱག་གི་རེད། བརྡར་འགྲོ་གི་རེད། འབར་འགྲོ་གི་རེད་ཟེར་བ་སོགས་ནི་འཆར་ཅན་གྱི་སྐད་ཅ་རེད། ཁོང་ཅག་གིས་ང་ཚོ་རྫུན་བཤད་པ་མ་རེད། ཁོང་ཅག་གིས་དེ་ལྟར་མཐོང་གི་ཡོད་རེད། མ་ཤེས་པ་རེད། ང་ཚོས་ཚན་རིག་ལ་བལྟ་སྟངས་ནོར་བ་རེད། ཁོང་ཚོས་སྐད་ཆ་ཕལ་མོ་ཆེར་ཐག་མ་ཆོད་པ་ཤ་སྟག་རེད། ཁོང་ཚོ་དོགས་པ་སློང་མཁན་དང་། རྣམ་རྟོག་སློང་མཁན་རེད།

  20. ཀླུ་སྨྱོན། says:
    2010-01-16 at 4:20 am

    ཁོ་ཚོས་གསར་དུ་རྙེད་པར་ཡང་གསར་བ་ཞེས་བཏགས་ན་ལོས་ཀྱང་ཆོག རྒྱུ་མཚན་ནི་ཁོ་ཚོར་དེ་གསར་པ་ཡིན་པའི་ཕྱིར་རོ།།

  21. མི་རྐང་གླིང་བུ says:
    2010-01-16 at 5:22 am

    ཨ་ཁུ་ལགས། ཁོང་ཚོའི་ངོས་ན་གསར་པ་ཡིན་ནའང་གསར་པ་ཡིན་མི་དགོས། གྲོང་འདབས་ན་གཡུགས་པའི་ལྷམ་གོག་རྙིང་པ་ཞིག་མི་ཞིག་གིས་གསར་དུ་རྙེད་ནའང་དེ་གསར་པ་མ་རེད། དེ་ལྷམ་གོག་རྙིང་པ་རེད། རྙིང་པ་རྙིང་ནག་ཞིག་གཡུགས་བཞག་པ་རེད།
    ཧ་ཧ་་་་་་་་་་འདི་ཚོ་བསྡུས་གྲྭའི་འགྲོ་སྟངས་ཤིག་རེད་་་་་་་་་་ཨ་ཁུ་རྟོགས་པ་སྔོན་སོང་རེད། ངས་བརླག་ཁེལ་གྱི་མ་རེད།་ཧཧཧཧཧཧཧཧཧཧ

  22. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 5:37 am

    ཨ་ཁུ་གྲོགས་པོ་ཚོ། གསར་སྙིང་རྩོད་མ་བསྡད་པར། ཉི་འཛིན་གྱིས་སྐོར་སོམས་དང་། ཉི་འཛིན་གྱི་ཉིན་ཉི་མ་ཟླ་བ་འཛམ་གླིང་གསུམ་ཐིག་ཕྲེང་གཅིག་ཏུ་འཁེལ་འཛམ་གླིང་གི་རླུང་ཁམས་དང་། རྩ་དབུ་མ་ཁ་འབྱེད་པ་སོགས་བཤད་ཀྱིན་འདུག་ན། འོ་ན། ད་དུང་འཛམ་གླིང་གི་གཤམ་གྱི་གླིང་སྐར་མིག་དམར་དང་། ཡང་སྟོད་ཀྱི་བ་སངས་སོགས་ཐིག་ཕྲེང་གཅིག་ཏུ་འཁེལ་ན་གང་འདྲ་བྱེད་ཡོང་།

  23. མི་རྐང་གླིང་བུ says:
    2010-01-16 at 5:42 am

    སྨྱུག་རྒོད་ལགས་ཀྱིས་གསུངས་པ་བདེན། ཉི་འཛིན་གྱི་སྐབས་སུ་རྩ་དབུ་མ་ཁ་འབྱེད་ཐུབ་པ་དང་། དེའི་སྐབས་སུ་དགེ་བ་བྱས་ན་མཐུ་ཆེ་བ་ཞིག་བཤད་ཀྱི་འདུག དེ་ག་རེ་ཡིན་ན་གསུངས་རོགས་ཞུ

  24. ཀརྨ་རྡོ་རྗེ་ says:
    2010-01-16 at 6:37 am

    ཉི་འཛིན་ལས་ཉིན་སྒྲིབ་ཚིག་དག་པ་དང་། ཉི་མ་གཟས་ཟིན་པ་ཡིན་མིན་ངས་མི་ཤེས་ཀྱང་། ཟླ་བས་ཉིན་སྒྲིབ། ཡང་ན། ཟླ་བའི་ཉིན་གྲིབ་༼ཉིན༽ཅེས་འབྲི་དགོས་མི་འདུག་གམ། །

  25. ལྷགབསམ་རྒྱ་མཚོ། says:
    2010-01-16 at 7:00 am

    གནའ་བོའི་རིག་གཞུང་ལ་རྟེན་ད་ལྟའི་འགྱུར་བ་བརྩི་ཐུབ་པ་འདི་ངོ་མཚར་མི་ཆེའམ། སྒྲིབ་དང་འཛིན་ལ་རྩོད་པ་ཧ་ཅང་མི་དགོས་པར་སེམས། གནའ་བོའི་ལོ་རྒྱུས་སུའང་གཉིས་ཀ་འབྱུང་སྟེ། དཔེར་ན་པདྨ་བཀའ་ཐང་དུ། བཅོ་ལྔར་ལྟད་མོ་བལྟས་པས་ཟླ་འོད་སྒྲིབཿ ཅེས་པ་ལྟ་བུས་མཚོན། ཉི་ཟླ་འཛིན་ཚུལ་བརྩི་རྒྱུ་འདི་ཕལ་གཏན་ཁེལ་བ་ཞིག་ཡིན་པས་བརྩི་བར་རི་མོ་འགྲོ་དགོས་པའི་ངེས་པ་མེད། ཆ་ཤས་དཔེར་བཀོད་ན།
    ༢༠༡༠ལོ་ཟླ་༦་ཚེ་༢༦ལ་ཟླ་བ་ཆ་འཛིན།
    ༢༠༡༠ལ་ཟླ་༡༢ཚེས་༢༡ཧྲིལ་འཛིན།
    ༢༠༡༡ལོ་ཟླ་༡༢ཚེ་༡༠ལ་ཟླ་བ་ཧྲིལ་འཛིན།
    ལ་ཟླ་བ་ཆ་འཛིན།
    ༢༠༡༢ལོ་ཟླ་༥ཚེ་༢༡ལ་ཉི་མ་ཧྲིལ་འཛིན།
    ལ་ཟླ་བ་ཆ་འཛིན།
    ༢༠༡༣ལོ་ཟླ་༦ཚེ་༤ལ་ཟླ་བ་ཆ་འཛིན།
    འདི་ཉིན་རང་གི་ནོར་འཁྲུལ་ཡོ་བཅོས་དང་། ལེགས་ཆ་ཡར་སྐྱེད་ལ་དྲན་གསོ་ཐེབས་པའི་བསྐུལ་མ་ཡོང་ན་དགེ་སྒྲུབ་སྡིག་སྤང་གི་དོན་ལ་ཡང་ཅུང ཟད་ཉེ་བར་འགྲོ་སྲིད།

  26. མེ་རི་གཏོར་མཁན says:
    2010-01-16 at 9:58 am

    ཆོས་མི་ཤེས་ན་།་ཆོས་མ་བཤད་།་ཚན་རིག་མི་ཤེས་ན་།་ཚན་རིག་མ་བཤད་།་གཉིས་ཀ་མ་ཤེས་ན་།་དེའི་གཉིས་ཀྱི་སྐོར་ལ་སྐད་ཆ་མ་བཤད་།་གྲྭ་བ་ལ་ཆང་ས་རྒྱག་ཚུལ་མི་འོས་།་ཁྱིམ་པ་ལ་གཟམ་ཤམ་གོན་ཚུལ་མི་འོས་།་གཉིས་ཀ་ལ་གྲུབ་མཐའ་རྩོད་གླེང་འོས་།་

  27. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 11:15 am

    ཉི་སྒྲིབ་ཟེར་ན་ཉི་འོད་འགོག་བྱེད་ཀྱི་སྒེའུ་ཐོད་ཀྱི་པུ་ཤུད་དམ། དེའི་ཚབ་རས་དང་གྱིག་ཤོག་གིས་བཟོ་བཞག་པ་དེར་གོ་བ་མིན་ནམ།

  28. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 11:15 am

    སྒེའུ་ཁུང་ཐོད་ཀྱི་ཞེས་བཅོས།

  29. ཀརྨ་རྡོ་རྗེ་ says:
    2010-01-16 at 1:39 pm

    ཉི་འཛིན་ནམ་ཟླ་འཛིན་ཞེས་བློས་འཛིན་པ་ལྟ་བུ་ལ་འཇོག་དགོས་པ་ལ་ཕྱི་རོལ་པའི་གཏམ་རྒྱུད་དང་སྦྲག་ནས་བྱུང་བ་༼གཟའ་ཡིས་བཟུང་༽ཞེས་ཟླ་འཛིན་གི་མིང་གི་རྣམ་གྲངས་སྦྱར་བས་ཚིག་རྙིང་པ་དེ་རྙིང་དྲགས་པའི་མི་ཐད་དོ། །

  30. ཀརྨ་རྡོ་རྗེ་ says:
    2010-01-16 at 2:30 pm

    དཔེར་ན། འབྲུག་སྒྲ་ལ་སྤྲིན་སྒྲའམ་སྤྲིན་གྱི་སྒྲ་ཞེས་ཐ་སྙད་ཡོད་བཞིན་དུ་འབྲུག་སྒྲ་ཞེས་གྲགས་ཆེ་བ་དེས་སྐྱོན་ཆེ་བ་ཤོར་མི་འདུག་གེ །

  31. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-16 at 11:29 pm

    ཀརྨ་རྡོ་རྗེ་ལགས། ཁྱེད་ཀྱི་མིང་དེ་ཡང་བརྗེས་པོ་རྒྱག་དགོས་ས་རེད། ཧ་ཅད་སྙིང་དྲག་འདུག ཀརྨ་ནི་ལས་ཀྱི་དོན་ཡིན་པས་དེང་སང་ལས་ཁས་མི་ལན་མཁྱེན་མང་། རྡོ་རྗེ་ནི་རྡོ་རིན་པོ་ཆེ་ཞིག་ལ་གོ་བའི་ དེང་སང་ཕར་ལམ་གྱི་མིང་ཡོད་པའི་ཁྱེད་ལ། བྱ་བ་ཕར་ལམ་ཞེས་མིང་འགྱུར་དགོས་སམ།

  32. རྡོ་རྗེ་དྲིལ་བུ་པ་ says:
    2010-01-17 at 5:14 am

    ཉི་འཛིན་ཟླ་འཛིན་གྱི་མིང་གསར་ནི།

    ཉིན་གྲིབ་ཉིན་དང་ཟླ་གྲིབ་ཉིན། །
    ཉི་འཛིན་ཟླ་འཛིན་མཆེད་ཟླར་འདོད། །
    གནའ་དེང་སྙིགས་དོར་བཅུད་ལེན་དང་། །
    སྔ་རབས་ཚན་རིག་ཡོད་ཕྱིར་འབད། །

  33. སྐལ་བཟང་། says:
    2018-01-31 at 1:13 pm

    རྩ་དབུ་མ་ལ་སྒྲ་གཅན་གྱི་རྩ་དང་རོ་མ་ལ་ཉི་མའི་རྩ། རྐྱང་མ་ལ་ཟླ་བའི་རྩ་ཞེས་རྩ་དབུ་རྐྱང་རོ་གསུམ་ལ་ཉི་ཟླ་སྒྲ་གཅན་གྱི་མིང་གིས་སྨོས་དགོས་པ་དང་། ཉི་ཟླ་སྒྲ་གཅན་གྱིས་ཟིན་པ་ཞེས་པའི་སྒྲ་གཅན་དེ་སེམས་ཅན་ཡིན་ནམ་གྲིབ་ནག་ཡིན། རྩའི་མིང་གི་རྣམ་གྲངས་ལ་སྒྲ་གཅན་གྱི་རྩ་དང་མུན་པའི་རྩ་དོན་གཅིག་ཡིན་པ་ལ་མིང་དུ་མས་བསྙད་དགོས་པ་སྐབས་རེར་མུན་པར་གོ་ན་ཅིས་མི་འགྲིག དེ་བཞིན་དུ་ཕྱི་རོལ་གྱི་ཉི་ཟླ་སྐར་གསུམ་གྱིས་ནང་གི་རྩ་རླུང་ཐིག་ལེ་ལ་ཤུགས་རྐྱེན་སྤྲོད་པ་སྨོས་ཅི་དགོས། ཟླ་བ་གཟའ་འཛིན་སྐབས་རྩ་དབུ་མའི་ནང་རླུང་ཞུགས་ཚེ་དགེ་བ་སྣ་གཅིག་བྱེད་ན་བྱེ་འགྱུར་དུ་འགྲོ་བ་ནི་འོད་གསལ་འཆར་བའི་གནས་རྩ་དབུ་མ་ཡིན་པས་དུས་ཀྱིས་གང་ཟག་ལ་བྱིན་གྱིས་རློབ་པ་གང་ཟག་ལས་དག་ལ་འབྱུང་ངེས་ཀྱང་ཐམས་ཅད་ལ་རིགས་འདྲ་སྦྱར་ན་མི་རུང་ངོ་།།

  34. སྐལ་བཟང་། says:
    2018-01-31 at 2:00 pm

    བོད་ཚེས་བཅོ་ལྔའི་མཚན་མོར་ཟླ་བ་གཟའ་འཛིན་མཐོང་བ་དང་། དགེ་བའི་འགྱུར་ཁྱད་ལ་དཔྱད་ན་རྩ་དབུ་མ་ལ་སྒྲ་གཅན་གྱི་རྩ་དང་རོ་མ་ལ་ཉི་མའི་རྩ། རྐྱང་མ་ལ་ཟླ་བའི་རྩ་ཞེས་རྩ་དབུ་རྐྱང་རོ་གསུམ་ལ་ཉི་ཟླ་སྒྲ་གཅན་གྱི་མིང་གིས་སྨོས་དགོས་པ་དང་། ཉི་ཟླ་སྒྲ་གཅན་གྱིས་ཟིན་པ་ཞེས་པའི་སྒྲ་གཅན་དེ་སེམས་ཅན་ཡིན་ནམ་གྲིབ་ནག་ཡིན། རྩའི་མིང་གི་རྣམ་གྲངས་ལ་སྒྲ་གཅན་གྱི་རྩ་དང་མུན་པའི་རྩ་དོན་གཅིག་ཡིན་པ་ལ་མིང་དུ་མས་བསྙད་དགོས་པ་སྐབས་རེར་མུན་པར་གོ་ན་ཅིས་མི་འགྲིག དེ་བཞིན་དུ་ཕྱི་རོལ་གྱི་ཉི་ཟླ་སྐར་གསུམ་གྱིས་ནང་གི་རྩ་རླུང་ཐིག་ལེ་ལ་ཤུགས་རྐྱེན་སྤྲོད་པ་སྨོས་ཅི་དགོས། སྣོད་བཅུད་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་འཆར་བའི་རྣལ་འབྱོར་བ་ལ་ཟླ་བ་གཟའ་འཛིན་སྐབས་རྩ་དབུ་མའི་ནང་རླུང་ཞུགས་ཚེ་དགེ་བ་སྣ་གཅིག་བྱེད་ན་བྱེ་འགྱུར་དུ་འགྲོ་བ་ནི་དུས་ཀྱིས་གང་ཟག་ལ་བྱིན་གྱིས་རློབ་པ་དང་འོད་གསལ་འཆར་བའི་གནས་རྩ་དབུ་མ་ཡིན་པས་གང་ཟག་ལས་དག་ཅན་ལ་འབྱུང་ངེས་ཀྱང་ཐམས་ཅད་ལ་རིགས་འདྲ་སྦྱར་ན་མི་རུང་ངོ་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme