Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མ་༣༦༥ ཆ་ཚང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན།

Posted on 2014-12-182014-12-18 By ཁ་བརྡ 2 Comments on ཉི་མ་༣༦༥ ཆ་ཚང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན།

ཁྲོ་གཏུམ་གྱིས་བསྒྱུར།

 

ཕྱི་ཚེས་བཅུ་ཉིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ལ་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གྱིས་ཆེད་དུ་བསྒྲགས་གཏམ་སྤེལ་བ་ཞིག

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་ས་ཕྱོགས་གང་དུ་ཡིན་རུང་ཉི་མ་རེ་རེ་ཡང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་གི་ཉིན་མོ་ཡིན་དགོས་པའི་རྒྱུ་མཚན་མངོན་གསལ་བྱེད་འདོད་དུ། གཤམ་གྱི་འཕྲིན་ཐུང་འདི་བརྒྱུད་དེ་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་དམངས་ཡོངས་སུ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གྱིས་བརྙན་ཐུང་ཞིག་དང་མཉམ་དུ་སྒྲོག་སྦྱོང་ཁྱབ་སྤེལ་བྱས་འདུག

འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ Zeid Ra’ad Al Hussein ལགས་ཀྱིས་འགྲེལ་བརྗོད་ལྟར་ན། ཕྱི་ལོ་༡༩༤༨ ཟླ་༡༢ ཚེས་༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་སྟེང་དུ་གཏན་འབེབས་བྱས་པའི་སྐབས་ཀྱི་བསྒྲགས་གཏམ་སྟེ་ལོ་རྒན་དྲུག་ཅུའི་ཡར་སྔོན་གྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་གི་འོད་ཟེར་རབ་ཏུ་འཕྲོ་བའི་སྐད་ཆ་དང་པོ་དེ་ནི། ༼སྐྱེ་འགྲོ་ཡོངས་སྐྱེས་པ་ནས་རང་དབང་དང་འདྲ་མཉམ། ཆེ་མཐོང་དང་ཐོབ་ཐང་རང་ཆས་སུ་ཡོད་པ་ཞིག་ཡིན།༽ ཅེས་དང་།

གཅིག་བྱས་ན་མི་ཚང་མར་ཧ་ཅང་རྒྱུ་མཚན་ལྡན་ཞིང་ཡིད་དུ་འོང་བའི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་གྱི་རྩ་དོན་ནང་དུ། བསམ་ཚུལ་འདྲ་མིན་ཡོད་མེད་ལ་མ་ལྟོས་བར་དཔལ་འབྱོར། སྤྱི་ཚོགས། ཆབ་སྲིད། རིག་གཞུང་། མི་སེར་ཐོབ་ཐང་བཅས་ནི་མངོན་འདོད་དང་བརྩི་འཇོག་གིས་བསྐྲུན་ཞིང་རང་དབང་ལྡན་པའི་མི་ཚེ་གང་གི་སྟེགས་བུ་ཞིག་ཡིན་པ་དང་། འདི་དག་ནི་རྒྱལ་ཁབ་ཅིག་ལ་དམིགས་སུ་བཀར་ནས་ཡོད་པ་མ་རེད་ལ། ཁོར་ཡུག་ཅིག་གམ། ཡང་ན་ཚོགས་ཁག་གང་རུང་ཞིག་ཏུ་གཏོགས་པའི་དམིགས་བསལ་ཅན་དང་གཤིས་སྤྱོད་ཡག་པོའི་ཆེད་དུ་ལེགས་སྐྱེས་སུ་སྤྲད་པ་ཞིག་ཀྱང་མ་རེད། དེ་བས་འདི་དག་ནི་འགྲོ་བ་མི་ཡོངས་ལ་ཁ་བྲལ་ཐུབ་མེད་པའི་བདག་དབང་ཞིག་དང་། དུས་ནམ་ཡིན་དང་ཡུལ་གང་དུ་ཡིན་པ། ལོ་རེའི་ཉིན་མོ་༣༦༥ ཆ་ཚང་ལ་ཡོངས་ཁྱབ་ཏུ་བདག་པ་ཞིག

འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གྱིས་བསྐྱར་བརྗོད་བྱས་པ་ལས་བསྒྲགས་གཏམ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་ཀྱི་མ་ལག་ཡོངས་ཀྱི་སྙིང་བོ་སྟེ། ནོར་འཁྲུལ་བྱས་ཏེ་དྲང་བདེན་རྙེད་པ་དང་། རྒྱལ་སྤྱི་དང་རྒྱལ་ཁབ་སོ་སོའི་ངོས་ནས་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།

གདལ་བཤིག་ནི་སྔོན་འགོག་དང་། རང་སྐྱོང་དང་རང་དབང་མཐར་སོན་བྱུང་ཞིང་། རང་དབང་ནི་མནར་གཅོད་དང་དྲང་བདེན་མིན་པའི་བཙོན་འཇུག སྲོག་ཐོག་དང་བཙན་བཀའ་གཏོང་བ། སྡུག་སྦྱོང་མནར་གཅོད་དང་རིགས་དབྱེ་འབྱེད་པ་ལས་འབྱུང་མི་ཐུབ་པ་ནི་མི་མང་པོ་ཞིག་གིས་བསམ་གྱི་ཡོད་རེད། དེ་ནི་ཧ་ཅང་ལེགས་ཤིང་བར་ཐག་ཉེ་བའི་ཤེས་ཡོན་དང་། དཔལ་འབྱོར་གྱི་གོ་སྐབས། སྲོལ་རྒྱུན་རིག་གཞུང་གིས་ཕྱུག་པ། དགོས་མཁོ་དང་མཐུན་པའི་ཐབས་ལམ། འཕྲོད་བསྟེན་ལྟ་སྐྱོང་བཅས་ནས་ཡོང་བ་ཞིག་རེད།

བསྒྲགས་གཏམ་རྒྱབ་སྐྱོར་འོག་ཡར་རྒྱས་སུ་འགྲོ་བཞིན་པ་དང་། འདི་ལོ་ནི་དྲག་སྤྱོད་པར་ཁ་གཏད་བཅགས་ནས་ལོ་འཁོར་༣༠ལོན་བའི་སྤྱི་སྲོལ་ཞིག་ཆགས་ཡོད་པ་དང་། འདི་ལོ་ནི་བྱིས་པའི་ཐོབ་ཐང་སྤྱི་སྲོལ་གཏན་འབེབས་གནང་སྟེ་མི་ལོ་༢༥ འཁོར་བ་དང་ཨང་གྲངས་༢༥ནི་བྱིས་པའི་ཐོབ་ཐང་གི་མཚོན་རྟགས་སུ་ཆགས་ཡོད།
ཕྱི་ལོ་༢༠༡༥ ནང་། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་རྒྱལ་སྤྱིའི་གྲོས་མཐུན་གནང་བའི་ཤུགས་རྐྱེན་ཆེ་ཤོས་སྤྲད་པ་ཐོག་མ་དེ་ཆགས་རྒྱུ་དང་། དེ་ཡིས་དུས་རབས་ཕྱེད་ཀའི་རིང་མི་རིགས་དབྱེ་འབྱེད་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་བའི་རྒྱལ་སྤྱིའི་སྤྱི་སྲོལ་ཞིག་ཆགས་པར་བྱེད་རྒྱུ་དེ་ཡིན།

སྟོབས་ཤུགས་ལྡན་པའི་ཡོངས་ཁྱབ་གསལ་བསྒྲགས་འདི་ནི་འཛམ་གླིང་འགྱུར་འགྲོས་ཀྱི་བསམ་བློའི་ཁྱད་ནོར་ཞིག་ཡིན། དེ་ཡིས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་ནི་མེད་དུ་མི་རུང་བ་དང་དུམ་བུར་བགོ་མི་ཐུབ་པར་ལོ་གཅིག་རིང་གི་ཉི་མ་༣༦༥ ཆ་ཚང་ལ་ཡོད་པ་ཞིག་དང་། ཉི་མ་རེ་རེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་ལ། ཉིན་གཅིག་གི་ནང་དུ་ང་ཚོས་མི་ཡོད་དོ་ཅོག་ལ་རང་དབང་དང་ཆེ་མཐོང་། འདྲ་མཉམ་ཐོབ་པར་ངེས་གཏན་བཟོ་བའི་ལས་འགན་དང་དུ་ལེན་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

འགྱུར་རྩོམ།

Post navigation

Previous Post: ཐར་བའི་ལམ་སྟོན་ཆེན་པོ་ཁྱེད་ཉིད་འདུད།
Next Post: སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་དེབ་གསར། 《ཤེས་རབ་ཀྱི་བདག་པོ།》

Comments (2) on “ཉི་མ་༣༦༥ ཆ་ཚང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན།”

  1. ཇུས་ཏོག says:
    2014-12-18 at 12:59 am

    དམག་ཆེན་གཉིས་པའི་འཇུག་འབྲས་དྲག་དམག་གི་གྱོང་གུན་ནས་འགྲོ་བ་མིའི་
    ཐོབ་ཐང་ཟེར་བ་གཞི་ནས་སྙེད་པ་རེད་ཤེས་སོང་ངམ་།འགྲོ་བ་མི་ལ་ཐོབ་ཐང་
    འདི་དང་འདི་ཡོད་པའི་ངོ་སྤྲོད་བྱ་རྒྱུའི་ལས་འགན་དེ་འཛམ་གླིང་མཉམ་སྦྲེལ་
    རྒྱལ་ཚོགས་ལ་ཡོད་ཀྱང་ལག་ལེན་དང་འགན་སྲུང་དེ་རྒྱལ་ཁབ་སོ་སོར་ཡོད་ན་
    རྒྱལ་ནང་གི་བདེ་འཇགས་དང་མང་ཚོགས་ཀྱི་འཚོ་བ་ལ་འགན་བཞེས་ནས་ལུང་པ་སི་སོའི་ནང་ཁྲིམས་དང་སྒྲིུག་གཞི་བཟོས་ནས་ལག་ལྟར་དགོས་པ་ལས་འགྲོ་བ་
    མིའི་ཐོབ་ཐང་ཁ་་དང་ལག་ཏུ་ཉར་ཐུབ་ཙམ་གྱི་དོན་དག་འགྲུབ་རྒྱུ་མེད་་པ་མ་
    ཟད་་མགོ་ལས་རྨ་ཆེ་བ་བཟོ་མ་སྲིད་པ་མིན་ན་ང་ཚོའི་ཟབ་་ཟབ་བྱ་དགོས་པ་ནི་།
    རྐྱང་ཤ་འབྲོགས་རྗེས་ལ་བོང་བུ་འབྲོགས་།
    གལ་ཆེ་བའི་གཏམ་ལ་ནན་གཏན་དགྱིས་།
    ཟེེར་ཡང་ཟེར་ལ་བདེན་ཡང་བདེན་།
    བདེན་པའི་བདེན་ངོ་སྤྲད་ཡོད་དོ་།

    ྨ

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-18 at 10:06 pm

    ་་་་་་་་་་་་་་་་་་་ ཕྱི་ལོ་༢༠༡༥ ནང་། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་རྒྱལ་སྤྱིའི་གྲོས་མཐུན་གནང་བའི་ཤུགས་རྐྱེན་ཆེ་ཤོས་སྤྲད་པ་ཐོག་མ་དེ་ཆགས་རྒྱུ་དང་། དེ་ཡིས་དུས་རབས་ཕྱེད་ཀའི་རིང་མི་རིགས་དབྱེ་འབྱེད་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་བའི་རྒྱལ་སྤྱིའི་སྤྱི་སྲོལ་ཞིག་ཆགས་པར་བྱེད་རྒྱུ་དེ་ཡིན། ་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme