Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉམས་མྱོང་དང༌། ལག་རྩལ་དེ་ཚོ་བེད་སྤྱོད་ཐེངས་གཅིག་གནང་རོགས།

Posted on 2012-04-132012-04-13 By ཁ་བརྡ་ 3 Comments on ཉམས་མྱོང་དང༌། ལག་རྩལ་དེ་ཚོ་བེད་སྤྱོད་ཐེངས་གཅིག་གནང་རོགས།

སྲས་མོ།

ང་དང་ངའི་གྲོགས་མོས་ཁ་པར་རྒྱུད་རང་རང་སོ་སོའི་ས་གནས་ཀྱི་གནས་སྟངས་བཤད་རེས་བྱས།་ མཚམས་ཤིག་ནས་གྲོགས་མོས། “ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་ཞི་རྒོལ་བྱུང་སྐབས་བཙན་བྱོལ་བོད་མིས་ལས་འགུལ་ཚ་ཚ་འུར་འུར་གང་མང་སྤེལ་བ་རེད། སྐབས་དེ་དུས་ངས་མངགས་བཅོལ་བྱས་པ་ལྟར་ཁྱེད་རང་གིས་ཐབས་འཚོལ་གྱིས་བོད་ནང་གི་དཔའ་བོ་དཔའ་མོའི་སྐུ་པར་མང་པོ་ཞིག་ངེད་ཚོའི་ས་གནས་ལ་བཏང་ཡོང་བ་དང༌། དེ་རྣམས་ངེད་ཚོའི་ས་གནས་ཀྱི་སྲང་ལམ་གང་སར་སྦྱར་བ་ཡིན། ཡུལ་མི་ཚོས་མ་ཎི་བགྲངས་པ་དང་ལས་འགུལ་སྤེལ་བ་སོགས་བྱེད་དུས་ཧ་ཅང་ཕན་ཐོགས་ཆེ་བ་བྱུང་། འོན་ཀྱང་ད་ལོ་རང་ལུས་མེར་བསྲེགས་བཏང་མཁན་དཔའ་བོ་དང་དཔའ་མོ་ཚོའི་སྐུ་དཔར་དེ་ཙམ་མང་པོ་མཇལ་ཡས་མི་འདུག” ཅེས་ཁ་པར་ལས་ཕན་ཚུན་སེམས་ངལ་བརྗོད་རེས་བྱས། ད་དུང་མོ་རང་ནས་ང་ལ་དེ་སྔོན་ལྟར་སྐུ་པར་བསྐུར་དགོས་སྐོར་གསུང་རུང༌། ད་ལོ་ནི་བོད་ཀྱི་གཞོན་ནུ་ཚོགས་པས་ལས་འགུལ་སྣ་མང་ཞིག་སྤེལ་བ་དང་སྐུ་པར་འགའ་འགྲེམས་སྤེལ་བྱས་པ་ཙམ་ལས། དེ་སྔོན་ལྟར་གྱི་སྐུ་པར་མང་པོ་ཚོགས་པ་ག་གེ་ཞིག་ནས་དཔར་བསྐྲུན་གནང་མཁན་མེད་ཚོད་རེད། དེར་བརྟེན། ངས་ཀྱང་མོ་རང་གི་འདོད་པ་བསྐོང་ཐུབ་མ་བྱུང༌།
ངས་ཀྱང་གནས་ཚུལ་དེར་ཕྱིར་མིག་ཅིག་བལྟ་འདོད་བྱུང༌། དེ་ཡང་ཁ་སྔོན་ཁ་བརྡ་དྲ་བའི་གསར་འགྱུར་ཞིག་གི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ག་གེ་མོ་ཞིག་ལ་རང་ལུས་མེར་བསྲེགས་པ་ཚོའི་ཆེད་བསྔོ་སྨོན་དང་རྗེས་འཇུག་གང་རྒྱས་བྱེད་དགོས་སྐོར་ཚོགས་འདུ་སྐོང་ཚོགས་སྐབས་བོད་མི་མང་པོ་ཞིག་ཚོགས་འདུ་རིང་དྲགས་ནས་ཉོབ་སྣང་དང་བཅས་རེ་རེ་བཞིན་ཚོགས་འདུ་མ་ཚར་གོང་ནས་ཕྱིར་ལོག་པའི་སྐོར་བཀོད་འདུག དེ་དང་དེ་ལ་སོགས་པའི་གནས་ཚུལ་ཆུང་ཚགས་རིགས་མང་པོ་ཡོད་རེད། དེ་རྣམས་ནི་ནམ་རྒྱུན་བོད་བསྟན་སྲིད་ཆེད་ཡིན་ཟེར་བའི་ཚོགས་པ་ཁག་གིས་དོ་སྣང་མ་གནང་བ་དང་ཁྱབ་བསྒྲགས་ཡག་པོ་མ་བྱུང་བས་ལན་པ་ཡིན་རྒྱུ་རེད།
སྔ་ལོ་དང་ད་ལོ་བསྡུར་ནས་བལྟས་ན། ན་ནིང༌། རྡ་རམ་ས་ལ་དང་གཞིས་ཆགས་ཀྱི་རྩིས་ངོགས་ཚང་མ། ཤོག་བུ་དཀར་ཁྲ་དམར་གསུམ་གྱིས་གཡོགས་སོང༌། དེ་ནི། ང་ལ་འོས་ལྡུག་རོགས། ངས་སྤྱི་བའི་ཆེད་དུ་ལས་ཀ་བྱེད་ཐུབ་ཅེས་མང་ཚོགས་ཀྱི་དོ་སྣང་འགུག་པའི་ཁྱབ་བསྒྲགས་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྩིག་ངོས་ཕལ་ཆེར་བདག་བཟུང་བྱས་སོང༌། སྐུལ་སློང་གི་ནུས་པ་ནི་འདི་འདྲའི་ནུས་པ་ཆེ་བ་ཞིག་རེད་ཨང༌། ཁྱབ་བསྒྲགས་དེ་དག་གིས་འོས་མང་པོ་ཞིག་ཀྱང་བསྡུ་ཐུབ་ཡོད། ཁྱབ་བསྒྲགས་ལ་འདི་ལྟ་བུའི་ནུས་པ་ཡོད་པ་བདེན་དཔང་བྱས་པ་རེད། ཁྱབ་བསྒྲགས་ནི་འདི་ལྟར་གལ་ཆེ་བ་ཞིག་ཆགས་ཡོད། ཁྱབ་བསྒྲགས་དེ་དག་གི་མང་ཆེ་བ་ནི་མི་སྒེར་སོ་སོས་ཁྱབ་བསྒྲགས་དང༌། མི་སྒེར་ཁ་ཤས་མཉམ་འབྲེལ་གྱིས་མཉམ་འབྲེལ་ཁྱབ་བསྒྲགས་འགྲེམས་པ་སོགས་ཚུད་ཡོད། སྤྱི་དོན་ཆེད་འོས་ཤོག་སློང་ཡིག་ལྟ་བུའི་ཁྱབ་བསྒྲགས་དེ་ཚོའི་ནུས་པ་དང་དུས་ཚོད་གཉིས་ཀ་ན་ནིང་རྫོགས་པ་རེད། འོས་ཐོབ་པ་དང་མ་ཐོབ་པའི་དབྱེ་ཐག་ཆོད་པ་རེད།
ད་ལོར། ཁྱབ་བསྒྲགས་དེ་དག་གི་ཚབ་ལ་རང་ལུས་མེར་བསྲེགས་ནས་བདེན་དོན་ཆེད་གཤེགས་ཟིན་པ་ཚོའི་ལོ་རྒྱུས་དང་འདྲ་པར་གྱིས་ཁེངས་པ་ཞིག་ཆགས་དགོས་ནའང༌། ཁྱབ་བསྒྲགས་ཧ་ཅང་ཉུང༌། ས་ཆ་ཁ་ཤས་ན་ཁྱབ་བསྒྲགས་དེ་རིགས་མཐོང་རྒྱུའང་མེད། མཆོད་འབུལ་སྨོན་ལམ་དང༌། མར་མེ་ཁྲོམ་སྐོར་སོགས་ཀྱི་སྐབས་སུ་པར་རིས་ཧ་ཅང་མཁོ་ཆེ་ནའང༌། ས་གནས་ཁ་ཤས་ན་མཐོང་རྒྱུ་མེད། མང་ཚོགས་ནང་ནུས་པ་མུ་མཐུད་ནས་གནས་དགོས་ན། ཁྱབ་བསྒྲགས་ལ་བརྟེན་དགོས། ངར་ཤུགས་སློང་ནའང་ཁྱབ་བསྒྲགས་ཟེར་བ་འདི་ནུས་པ་ཆེ།
སྤྱི་དོན་ཆེད་འོས་ཤོག་སློང་བའི་ཁྱབ་བསྒྲགས་གནང་མཁན་ཚོའི་སེམས་ཤུགས་དེ་ད་དུང་ཡང་རྒྱུན་གནས་ཡོད་པའི་ཡིད་ཆེས་ཡོད། ཁ་གསལ་དུ་བཏང་ནས་ཞུས་ན། སྤྱི་འཐུས་ཚོའི་སེམས་ཤུགས་དང་ངར་ཤུགས་གཉིས་མུ་མཐུད་ནས་གནས་ཡོད་པའི་ཡིད་ཆེས་ཞུ་ཡི་ཡོད། མྱ་ངན་གྲོས་ཆོད་རིམ་འཇོག་གནང་བ་བྱེད་སྟངས་ཤིག་དང་དགོས་ངེས་ཤིག་ཡིན་ནའང༌། དཔའ་བོ་དང་དཔའ་མོ་ཚོའི་བྱས་རྗེས་དང་ཁ་ཆེམས་ང་ཚོས་བོད་པའི་སྤྱི་ཚོགས་ནང་ངོས་འཛིན་གསལ་པོ་ཞིག་བསྐྲུན་དགོས་པ་གལ་ཆེན་ཆགས་ཡོད། ངས་རེ་བ་ཞིག་བྱེད་ཀྱིན་ཡོད། ལོ་གཅིག་སྔོན་རང་ཉིད་ལ་འོས་ཤོག་སློང་ཡིག་ཁྱབ་བསྒྲགས་ཀྱི་ངར་ཤུགས་དེ། མི་སྒེར་སོ་སོར་འོས་ཤོག་སློང་བའི་འགྲན་རྩོད་རེད། ད་རེས་རང་ལུས་མེར་བསྲེགས་བཏང་ནས་ང་ཚོའི་ཆེད་གཤེགས་ཟིན་པ་ཚོའི་ལོ་རྒྱུས་དང་བྱས་རྗེས། འདྲ་པར་བཅས་ཀྱི་ཁྱབ་བསྒྲགས་ཤུགས་ཆེ་ཙམ་གནང་བའི་སྣེ་ཁྲིད་ནས། ན་ནིང་ལྟ་བུའི་ངར་ཤུགས་ཤིག་འཕྱུར་བའི་སྣེ་ཁྲིད་མཁན་དུ་བཞེངས་ཐུབ་ན་བསམ། དེར་ཐུགས་སེམས་རེ་བཞེས་གནང་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ན་ནིང་གི་ཁྱབ་བསྒྲགས་ཉམས་མྱོང་དང༌། ན་ནིང་གི་ཐབས་བྱུས་ལག་རྩལ་དེ་ཚོ་བེད་སྤྱོད་ཐེངས་གཅིག་གིས་དགོངས་པ་རྫོགས་པ་དེ་འདྲ་མ་ཡིན་པར། རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དང་དཔའ་མོ་ཚོའི་བྱས་རྗེས་ཁྱབ་བསྒྲགས་ཀྱི་ཆེད་དུ་བེད་སྤྱོད་ཐེངས་གཅིག་གནང་རོགས།

སྣ་ཚོགས།

Post navigation

Previous Post: ད་ནི་མེ་ལྕེའི་ཀློང་ལ་ཞུགས་ནས་བླ་འབོད་ཐེངས་ཤིག་བྱེད་སྙིང་འདོད།།
Next Post: རྡ་སའི་རི་གྲོང་ན།

Comments (3) on “ཉམས་མྱོང་དང༌། ལག་རྩལ་དེ་ཚོ་བེད་སྤྱོད་ཐེངས་གཅིག་གནང་རོགས།”

  1. གྲགས་པ་གནམ་ཐོས། says:
    2012-04-13 at 12:45 pm

    ཐུགས་རྗེ་ཆེ། དོན་དང་མཐུན་པའི་གཏམ་དང། གནས་ལ་ཕོགས་པའི་མདའ་མོ་ཞིག་ཞུས་འདུག དོན་རྣམ་དགོངས་པར་བཞག་རོགས་གནང་།

  2. ལྷོ་པ་ལུང་རིགས says:
    2012-04-13 at 2:13 pm

    བོད་མི་མང་སྤྱི་འཐུས་ཚོས་སྣེ་ཁྲིད་རྒྱུ་ཡིན་ན། སྣེ་ཞིག་ཁྲིད་རན་རེད། འོས་ཤོག་སློང་བའི་ཁྱབ་བསྒྲགས་དེ་ཚོ་ད་ཆ་མི་མང་ལ་ཡང་བསྐྱར་བཀྲམས་ནས། སྤྱི་འཐུས་སེམས་ཤུགས་ཅན་དེ་ཚོར་དྲན་སྐུལ་ཞིག་བྱེད་དགོས་པ་ཆགས་པ་རེད། ན་ནིང་ནི་སེམས་ཤུགས་ཅན་དང་སྤྱི་སེམས་ཅན། གཞིས་ལུས་རྒྱ་ཆེའི་མི་མང་ལ་འགན་ཁུར་དགོས་རེད་ཟེར་མཁན་དེ་ཚོ་གང་ན་ཡོད། ཡོད་པ་ཚོ་ཕེབས་ཤོག སྣེ་ཁྲིད་པར་ཕེབས་ཤོག ཁྱབ་བསྒྲགས་བྱེད་པར་ཕེབས་ཤོག སྤྱི་སེམས་བསྟན་ནས་ཕེབས་ཤོག

  3. མཚོ་ནག says:
    2012-04-15 at 12:22 pm

    སྤྱི་འཐུས་གི་སྣེ་ཁྲིད་ན་འདྲ། ཚོགས་པ་ཁག་གི་སྣེ་ཁྲིད་ན་འདྲ། རྔ་ལ་བབས་པའི་འཆམ་ཞིག་འཁྲབ་པའི་དུས་ལ་བབས་འདུག། ད་ལྟར་བོད་པ་ཚང་དངོས་གནས་འགུལ་བསྐྱོད་ཏིག་ཙམ་བྱས་ན་གྲུབ་འབྲས་ཆེན་པོ་ཐོན་པའི་དུས་ཞིག་ལ་ཁོ་བོས་ངོས་འཛིན་བྱེད་གི་ཡོད། རྒྱུ་མཚན་ནི་རྒྱ་ནག་ནང་ནས་ཅང་དང་ཧུའུ་གཉིས་ཁ་བཏད་ཆགས་ནས་རྒྱ་ནག་ནང་དུ་ཟིང་ཆ་འདི་ལྟར་ཡོད་དུས། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཤ་ཕ་ལག་དམར་དང་སྐུ་ཕྲེང་བཅུ་གཅིག་པ་བཙོན་དུ་བཅུག་མཁན། རང་ལུས་མེ་བསྲེགས་མཁན་སུམ་བཅུ་སོ་བཞིའི་འབྱུང་རྩ། དམ་ཉམས་རྒྱ་འགོང་ཧུའུ་ཅིན་ཐའོ་དེ་སྤྱི་ཚོགས་བདེ་སྐྱིད་གཏོར་མཁན་ཡིན་པའི་ཁྱབ་སྒྲག་རྒྱ་ཆེན་བྱེད་ཐུབ་ན་ཡག་པོ་མཐོང་སོང། མ་ཚད་ཆུ་བཞི་སྒང་དྲུག་དང། བུད་མེད་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོ་ག་རེ་བྱས་པ་རེད། བོད་ཀྱི་རྩ་དོན་ལ་ཕན་མ་ཐོགས་ན་ཚོགས་པས་ག་རེ་བྱེད་དགོས་རེད། ད་ཚོགས་པ་དེ་ཚོ་གོ་རྒྱུ་ཚོར་རྒྱུ་མེད་པ་དེ་ལྟས་ངན་མ་རེད་བས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme