Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་ལ་ཉ་སྲིན་ཚེ་ཐར་གཏོང་བ་ནི་དོན་དངོས་སྡིག་པ་རླབས་ཆེན་རེད་འདུག

Posted on 2018-05-222018-05-23 By tenzin 2 Comments on བོད་ནང་ལ་ཉ་སྲིན་ཚེ་ཐར་གཏོང་བ་ནི་དོན་དངོས་སྡིག་པ་རླབས་ཆེན་རེད་འདུག

བསྟན་འཛིན།

༼གསལ་བཤད། ངའི་རྩོམ་འདི་བོད་ཀྱི་གཙང་པོའི་ནང་ལ་རྒྱ་ནག་གི་ཉ་སྲིན་འབོར་བའི་སྐོར་ཡིན། གཞན་པ་མི་ཤེས། རྒྱ་ནག་གི་རྒྱ་མཚོའི་ནང་ལ་ཉ་སྲིན་འབོར་བ་དེ་ལ་འབྲེལ་བ་མེད། དེ་བས་མཁན་པོ་ཚུལ་ཁྲིམས་ལ་ཟུར་ཟ་མེད། ཁོང་ལ་སྙོན་འཛུགས་བྱེད་མཁན་རྣམས་ཀྱིས་རྩོམ་འདི་བེད་སྤྱོད་མི་གཏོང་བ་ཞུ། ༽
 

མིག་སྔའི་བོད་ཕྱི་ནང་གི་བགྲོ་གླེང་ཆེན་པོ་ཞིག་ནི་ཚེ་ཐར་སྐོར་རེད། ས་ག་ཟླ་བ་ཤར་བ་དང་། མི་མང་པོ་ཞིག་གིས་སེམས་ཅན་ཚེ་ཐར་གཏོང་བ་དེ་རེད། དེ་ལ་ཆོས་ལུགས་པ་རྣམས་ཀྱིས་དགའ་པོ་དང་ཡིད་རང་བྱེད། སྤྱི་ཚོགས་ཐོག་ཉམས་མྱོང་ཅན་དང་། ཐོས་རྒྱ་ཆེ་བ་རྣམས་ཀྱིས་ངོ་རྒོལ་བྱེད། ཆོས་ལུགས་པས་དགའ་པོ་བྱེད་པ་ནི་དགེ་བ་འབུམ་འགྱུར་ཡིན་སྟབས་རེད། སྤྱི་ཚོགས་ལ་བསམ་ཤེས་ཡོད་པ་རྣམས་ཀྱིས་ཚེ་ཐར་གྱི་ངན་འབྲས་གླེང་བ་རེད། ས་ག་ཟླ་བར་དགེ་བ་བསགས་ན་ཕན་འབྲས་བསམ་གྱིས་མི་ཁྱབ་པ་ཡོད་པ་སངས་རྒྱས་ཀྱི་གསུང་ནང་ལ་ངས་རྙེད་མ་སོང་། བོད་ཀྱི་བླ་མ་རྣམས་ཀྱི་གསུང་ནང་ལ་འདུག འོན་ཀྱང་། ལོ་ཤས་ནང་ལ་རྒྱ་རིགས་ཀྱི་སྦྱིན་བདག་མང་པོ་ཐོབ་ནས། ཉ་སྲིན་འབོར་ཆེན་ཚེ་ཐར་གཏོང་ཁུལ་གྱིས་བོད་ཀྱི་གཙང་པོའི་ནང་ལ་འབོར་བ་དེར་མཇུག་འབྲས་ངན་པ་འགའ་ཤས་ཡོད་པ་གསལ་པོ་རེད།

 

གཙང་པོ་སོ་སོར་དེའི་ཁོར་ཡུག་མི་འདྲ་བ་དང་འཚོ་ཁྱིམ་གནས་སྟངས་མི་འདྲ་བར་བརྟེན་། དེའི་ནང་ལ་འཚོ་སྡོད་བྱེད་མཁན་གྱི་ཉ་རྣམས་ཀྱང་སྲོག་ཆགས་མི་འདྲ་བ་ཡིན། གལ་ཏེ་ཁོར་ཡུག་དེ་ནས་མ་ཡིན་པའི་སྲོག་ཆགས་མང་པོ་དེར་འབོར་ན། སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་འཁྲུགས་ནས། སེམས་ཅན་མང་པོ་ཤི་འགྲོ་བ་དངོས་ཡོད་གནས་ཚུལ་རེད།

བོད་ནང་ལ་ས་ག་ཟླ་བར་ཉ་སྲིན་མང་པོ་ཉོ་མཁན་ཡོད་པར་གཞིགས་ནས། ཉ་སྲིན་ཚོང་པ་རྣམས་ཀྱིས་རྒྱ་ནག་གི་ཞིང་ཆེན་མང་པོ་ནས་བོད་ལ་ཉ་སྲིན་མང་པོ་དབོར། བོད་པ་སྲོག་བླུ་གཏོང་མཁན་རྣམས་ལ་བཙོང་། བོད་པ་དེ་དག་གིས་རྒྱ་ནག་ནས་རྫས་དང་སྨན་གྱིས་གསོས་པའི་ཉ་སྲིན་དེ་དག་བོད་ཀྱི་དྭངས་ཤིང་གཙང་བའི་གཙང་པོའི་ནང་འབོར། ཉ་སྲིན་དེ་དག་མང་ཆེ་བ་ཆུ་མ་འཕྲོད་པར་ཤི། གཙང་པོ་ཉ་རོས་ཁེངས། བོད་ཀྱི་དྭངས་ཤིང་གཙང་བའི་གཙང་པོ་དེ་དག་ཤིན་དུ་དྲི་ངན་ཞིང་། སྐྱུག་བྲོ་བའི་གཙང་པོ་ཞིག་ལ་གྱུར་བ་དེ་ངན་འབྲས་དང་པོ་དེ་རེད།  དེ་བཞིན་མ་ཤི་བར་ལྷག་མར་ལུས་པའི་རྒྱ་ནག་གི་ཉ་ལྷག་མ་རྣམས་ཀྱིས་བོད་ཀྱི་གཙང་པོའི་ནང་གི་རང་འབྱུང་གི་ཟས་ལ་བརྟེན་ནས་འཚོ་སྡོད་བྱེད་པའི་ཉ་ཆུང་རྣམས་བསད་ནས་བཟས། བོད་ཀྱི་གཙང་པོའི་ནང་ལ་ཡོད་པའི་བོད་པའི་ཉ་ཚང་མ་རྩ་མེད་གཏོང་བ་དེ་ནག་ཉེས་གཉིས་པ་དེ་རེད།

ད་དུང་ཉ་རོ་དང་དེ་དག་ལས་འཐོན་པའི་ནད་ཚབ་ཆེན་རྣམས་སྲིན་འབུ་བརྒྱུད་ནས་བོད་ཀྱི་གཙང་པོའི་ནང་ལ་འཕེལ། གཙང་པོ་དེའི་ཆུ་འཐུང་མཁན་གྱི་མི་དང་སྲོག་ཆགས་ཀྱི་ལུས་ལ་སྔར་བྱུང་མ་མྱོང་བའི་ནད་ཚབ་ཆེན་འཕོག་པ་དེ་ནག་ཉེས་གསུམ་པ་དེ་རེད། མཚོ་སྔོན་གྱི་ཟི་ལིང་སྨན་ཁང་ནང་ལ་ཟླ་བ་གཅིག་ལ་བོད་པའི་འབྲོག་པ་ལྔ་ཙམ་ཕོ་བའི་སྐྲན་ནད་ལ་བརྟེན་ནས་གྲོངས་པ་དེ་ཕོ་བར་སྲིན་འབུ་ལོ་མང་གསོག་པར་བརྟེན་སྐྲན་ནད་འཕེལ་བ་རྒྱ་ནག་གི་སྨན་པས་ཤོད་ཀྱི་འདུག སྲིན་འབུ་དེ་དག་བོད་ཀྱི་ཆུའི་ནང་ནས་ཡོང་གི་ཡོད་པ་ད་ཆ་རིམ་བཞིན་གསལ་པོ་ཆགས་ཡོང་གི་འདུག་ཟེར། ད་བསམ་བློ་ཐོངས།

མདོར་ན་བོད་ཀྱི་གཙང་པོ་བཙོག་པ་བཟོ་བ་དང་བོད་པའི་མི་དང་སྲོགས་ཆགས་ལ་དམྱལ་བ་མི་ཡུལ་ལ་འདྲེན་པ་དེ་བོད་ནང་གི་ཉ་སྲིན་སྲོག་བླུའི་ནག་ཉེས་ཆེ་ཤོས་དེ་རེད་འདུག

 

འོ་ན། ང་ཚོས་ས་ག་ཟླ་བར་ཇི་ལྟར་དགེ་བ་གསོག་དགོསསྙམས་ན། ངའི་བསམ་ཚུལ་ལ། སྔོན་ལ་རང་ཉིད་ཀྱིས་ཤ་སྤོངས་ན་སྲོག་གཅོད་མཁན་ཉུང་དུ་འགྲོ་རྒྱུ་རེད་སྙམས།

དེ་ལ་བགྲོ་གླེང་གནང་རོགས།
གསར་འགྱུར།, གསལ་བཤད།, དཔྱད་རྩོམ།, པར།, བསམ་ཚུལ།, ལྷུག་རྩོམ།

Post navigation

Previous Post: རིག་གནས་བཅུའི་དམ་བཅའ་གསར་བཏོད།
Next Post: བལ་བསྐྱོད་ཟིན་བྲིས།

Comments (2) on “བོད་ནང་ལ་ཉ་སྲིན་ཚེ་ཐར་གཏོང་བ་ནི་དོན་དངོས་སྡིག་པ་རླབས་ཆེན་རེད་འདུག”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2018-05-22 at 10:05 pm

    རེད་ཡ། ཡག་པོ་བྲིས་འདུག མི་མང་ལ་ཡོན་ཏན་མེད་པ་རེད། བླ་མ་ཚོས་བཀའ་སློབ་ཡག་པོ་གནང་དགོས་པ་རེད། དེ་མིན་མི་མང་ཚོས་རང་ཉིད་ནང་པ་ཡིན་སྙམ་ཡང་དོན་ལ་ནང་པའི་ཆོས་ཅུང་ཟད་ཀྱང་ཤེས་ཀྱི་ཡོད་པ་མ་རེད། ང་ཉིས་སྟོང་གཅིག་ལོའི་དགུན་ཁར་རྡོ་རྗེ་གདན་དུ་བསྐྱོད་པ་ཡིན། བོད་པ་གནས་མཇལ་བ་ཚོས་སྣུམ་གྱིས་མཆོད་མེ་སྤར་ནས་སྐོར་ལམ་ཚང་མ་བཙོག་པ་བྱས་འདུག མཆོད་མེ་ཕུལ་བས་དུད་པས་སྐོར་མཁན་ཚོའི་འཕྲོད་བསྟེན་ལའང་ཡག་པོ་མི་འདུག གང་ཅིའི་ཐད་ནས་མཆོད་མེ་སྤར་བ་ཡག་པོ་མ་མཐོང་ཡང་། གནས་མཇལ་པ་ཚོས་མར་མེ་སྤྱན་ལ་ཕུལ་བ་ཡིན་པས་གློག་མཆོད་ཡག་ཤོས་ཡིན་པ་ཤེས་ཐུབ་ཀྱི་མེད། དེང་དུས་མུ་མཐུད་ནས་སྣུམ་མཆོད་ཕུལ་གྱི་ཡོད་མེད་ཤེས་མ་སོང་། །

  2. ཟླ་ཟེར says:
    2018-06-10 at 3:15 pm

    བོད་ཀྱི་བླ་གྲྭ་རྣམ་པའི་ཆོས་ཀྱི་བཀའ་སློབ་༼སྲོག་བླུ༽ཟེར་བའི་མིང་ཚིག་འདིའི་དེང་ཆར་གངས་རིའི་ལྗོངས་འདིར་རྒྱ་དང་ཧྭེ་ཧྭེ་ཚོ་མ་རྩ་མེད་པའི་ཚོང་ལམ་གསར་བ་ཞིག་བོད་ཁུལ་དུ་བསྐྲུན་བཞིན་པ་འདི་་ངེས་པར་དུ་མཚམས་འཇོག་པར་བོད་་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་དག་གཙོའི་བོད་མི་ཡོངས་ཀྱི་ཁུར་དུ་བབས་པའི་ལས་ཀ་སང་ཉིན་ལས་དེ་རིང་བྱེད་དགོས་པའི་ཧ་ཅང་ཛ་དྲག་གི་གནོད་དོན་ཚབ་ཆེན་ཞིག་རེད། དེ་མིན་བོད་ཀྱི་རྒྱ་བླ་ཚོ་དང་ངན་འབྲེལ་ཡོད་པའི་མི་རིགས་གཞན་དག་གིས་ང་ཚོའི་ཡོད་ཚད་བརླགས་པའི་ཉེན་ཁ་ཧ་ཅང་ཆེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme