Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇོ་མོ་གླིང་མའི་རེ་སྒུག

Posted on 2012-08-06 By ཁ་བརྡ་ 19 Comments on ཇོ་མོ་གླིང་མའི་རེ་སྒུག

རིན་ཆེན་སྒྲོལ་མ།

ལོ་མང་རིང་ ཆེས་འཐུག་པོའི་རེ་སྒུག
ཕྱོགས་བཞིར་བསྐུར་ཀྱང་
རླུང་བས་ཕྱིར་བསྐྱལ་བ མྱ་ངན
ཁྲག་མདོག་གི་ཚོར་འདུ་ཁོ་ན

དུང་དཀར་གྱི་རང་མདངས གཙང་པོར་སྤྲུལ་ནས
ཐག་རིང་གི་སེམས་གསོ་དང་
ཉེ་འཁོར་གྱི་འཚོ་བཅུད་དུ་ཇི་ལྟར་བཏང་རུང་
ངོམ་ཆོག་པའི་མཛེས་སྡུག་དང་
དགོད་འོས་པའི་དབྱངས་རྟ་དེ
ཤིན་ཏུ་ཐོབ་དཀའ་བས རེ་སྒུག་གི་ཀློང་དུ
རེ་སྒུག་ལྟར་ལུས་དགོས་བྱུང་

འཁྱག་རོམ་དང་བུ་ཡུག་གི་རང་གཤིས
འཇིག་རྟེན་འདིའི་སུ་ལ་ཡང་མངའ་ནའང་
ལོ་མང་གི་དེ་རིང་ མདའ་མཚོན་གྱི་དྲག་ཆར
ཕྱོགས་བཞི་ནས་བབས་ཤིང་ སྲ་མཁྲེགས་ཀྱི་དམ་བཅའ
ཕྱོགས་ཀུན་ཏུ་གཏོར་བས མྱ་ངན
ཁྲག་མདོག་གི་ཚོར་འདུ རེ་སྒུག་ཁོ་ན

སྙན་ངག

Post navigation

Previous Post: ཨ་མ་རྒན་མོ། ངས་ཁྱེད་ལ་འདྲི།
Next Post: གུང་ཐང་བསླབ་བྱ་ལས་འཕྲོས་པའི་ཟུར་གཅིག

Comments (19) on “ཇོ་མོ་གླིང་མའི་རེ་སྒུག”

  1. བསེ་རུ། says:
    2012-08-06 at 6:50 am

    ཇོ་མོ་གླིང་མ་ཟེར་བ་
    ཇོ་མོ་གླང་མ་ཡིན་ནམ་མིན།
    ཡིན་ན་གླིང་མ་མ་རེད་གླང་མ་རེད།

    ང་བོད་ཡིག་ལ་དགའ་བའི་དབང་གིས།
    ཡིག་ནོར་ནམ་མཐོང་ལ་བཅོས་པར་འདོད།
    ང་བོད་ཡིག་ལ་གཅེས་པའི་དབང་གིས།
    བོད་ཡིག་གི་ཚེ་སྲོག་སྐྱོབ་པར་འདོད།
    ང་བོད་མི་ཞིག་ཡིན་པའི་དབང་གིས།
    ནམ་ཡང་བོད་སྐད་དང་བོད་ཡིག་ལྷན་དུ་འགྲོགས།

  2. རི་རྒྱལ་ཏི་སེ། says:
    2012-08-06 at 7:02 am

    ཕལ་ཆེར་རྩོམ་འདིའི་ཁ་བྱང་གི་དག་ཆ་ལའང་གཟབ་གཟབ་མ་བྱས་འདྲ།

  3. ཚངས་པ། says:
    2012-08-06 at 7:11 am

    རྩོམ་པ་པོས་ཁྱིས་དེད་པ་འདྲ།

  4. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-08-06 at 7:38 am

    ཕེབས་ཤིག་རིན་ཆེན་སྒྲོལ་མ་ལགས།
    ཡངས་པའི་གཤོག་ཟུང་བརྐྱངས་ནས་རྩོམ་རིགས་ཀྱི་ཞིང་ཁམས་ལ་ཕེབས་ཤིག
    ཡས་འདུག་དང་མས་འདུག་ཟེར་བ་ནི་དྲ་ངོས་འཇིག་རྟེན་གྱི་ཆོས་ཉིད་ཡིན་ན། དེ་ཚོར་ཁ་ཡ་མ་གནང་། ནོར་བ་དང་འཁྲུལ་བ་ནི་ཀུན་གྱི་ཆོས་ཉིད་ལགས་ཤིང་། དག་ཡིག་དགེ་རྒན་གྱིས་ཀྱང་དག་ནོར་འབྲི་བཞིན་འདུག་ལ་འབྲི་སྲིད་པའང་ཡིན།

  5. སེང་བུ་འབྲུག་ཞོན།། says:
    2012-08-06 at 8:31 am

    ནོར་འཁྲུལ་འཇིག་རྟེན་གྱི་ཆོས་ཉིད་ཡིན་མིན་ལ་མ་ལྟོས་པར་དེ་ལ་ཡོ་བསྲང་དགོས་པ་ལས་སྣང་མེད་དུ་ནམ་ཡང་འཇོག་མི་རུང་ངོ་།

  6. ལོག་སྨྲ་ཚར་གཅོད། says:
    2012-08-06 at 8:51 am

    《དེ་རིང་། རྔ་བ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་འདུག》

    one more Tibetan self immolated in Ngaba town.His condition and whereabouts remains unknown.ཨ་མདོ་རྔ་བ་ནས་དེ་རིང་བསྐྱར་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག རྔ་བའི་རྫོང་ཐོག་དཔའ་བོའི་སྲང་ལམ་དུ་རང་ལུས་མེར་བསྲེགས་བཏང་བ་དང་མེ་ཡིས་འཚིགས་ཡོད་པ་ཁོང་ཉེན་རྟོག་པས་ཁྱེར་ཡོད་འདུག་པས་ཤི་གསོན་དང་སུ་ཡིན་ཤེས་རྟོགས་ཐུབ་མི་འདུག
    གོང་གི་གནས་ཚུལ་འདི་ནི། ཨ་རིའི་བརྙན་འཕྲིན་ཁང་གི་དྲ་ནང་བོད་ཅེས་པའི་ལེ་ཚན་གཙོ་སྐྱོང་བ་Tsering Kyiལགས་ཀྱིས་ངོ་དེབ་ལས་བཤུས།

  7. ལོག་སྨྲ་ཚར་གཅོད། says:
    2012-08-06 at 9:28 am

    གནས་ཚུལ་འདི་བོད་ཀྱི་དྲ་རྒྱ་གང་ནའང་ད་ལྟ་ཐོན་མི་འདུག ཡིན་ནའང་དེ་རིང་བོད་ནང་གི་ཆུ་ཚོད་ལྔ་པར་བྱུང་པ་རེད་ཟེར་ནས་བལ་ཡུལ་ནང་མི་ཚང་སྔོ་སྨོན་བྱེད་ཀྱིན་འདུག། བདེན་པ་ཡིན་ས་རེད།

  8. བཙན་པོའི་བུ། says:
    2012-08-06 at 7:36 pm

    ཇོ་མོ་གླང་མ་ནི་བེམ་གཟུགས་རེད། དེས་ཅི་ཞིག་ལ་རེ་སྒུག་བྱེད་ངེས་སམ། ཆེས་འཐུག་པོའི་རེ་སྒུག་ཟེར་ན་ཅི་ཞིག་ཡིན། རེ་སྒུག་ལ་སྲབ་འཐུག་ཡོད་དམ། ངོ་མ། དེང་སང་བོད་སྐད་ཁྱད་མཚར་དེ་འདྲ་མཐོན་ཡོང་གི་འདུག་ག ཡང་སྙིང་ཁྱེད་ཀྱིས་ཅི་ཞིག་བརྗོད་ཀྱི་ཡོད་མིན་གོ་རྟོགས་ཐུབ་མ་སོང་། གཅིག་བྱས་ན་ང་རང་ལྐུག་དྲག་པ་འདྲ། ཡང་ན་ཁྱེད་རང་གི་སྙན་ངག་དེ་འཐུག་དྲག་པ་འདྲ། གང་ལྟར་གོ་རྒྱུ་ཅི་ཡང་མི་འདུག་གོ

  9. རིན་ཆེན་སྒྲོལ་མ། says:
    2012-08-06 at 11:51 pm

    བསེ་རུ་ལགས་ཀྱིས་ཐུགས་ཞིབ་ཀྱིས་དགེ་སྐྱོན་གླེང་བར་སྙིང་ནས་དགའ། དེ་མིན་དྲ་གྲོགས་བསམ་གླིང་ཚེ་རིང་ལྷ་མོའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གཞན་ཡང་དྲ་གྲོགས་ལྷན་རྒྱས་ཚང་མར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-06 at 11:56 pm

    བསེ་རུ་ལེགས་དང་། བསམ་གླིང་ཚེ་རིང་ལྷ་མོ་རྣམ་གཉིས་ཀྱིས་བྲིས་པ་བདེན། ང་ལོ་བདུན་ཅུ་དོན་གྲངས་ལྷག་བོད་ཡིག་དང་འགྲོགས་ཀྱང་། དི་རིང་སྔར་ཐོས་མེད་བརྡ་ཞིག་ཐོས། དེ་ནི། རླུང་བས། ཞེས་པ་འདི་ལགས་སོ།།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-07 at 12:17 am

    ཁྲག་མདོག་གི་ཞེས་པ་གཅིག་ན་ཕྲག་དོག་ཡིན་ཤས་ཆེ།
    ཁ་སང་གནམ་གྲུར་བསྡད་སྐབས་སུ་རྗེ་དགེ་འདུན་གྲུབ་ཀྱིས་རྗེ་བཙུན་སྒྲོལ་མར་འཇིགས་པ་བརྒྱད་ལས་སྐྱབས་བཅོལ་བ་ན། ཕྲག་དོག་ལ་འདི་ལྟར་གསུངས་པ་མཐོང་སྟེ།

    མ་རིག་འཐིབས་པོའི་ཁུང་དུ་མངོན་ཞེན་ཅིང་།
    གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པ།
    གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི།
    ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ།། ལེགས་བྲིས་མ། ཚིགས་ ༢༣

  12. རང་དབང་ཨ་རྡུ་མན་ says:
    2012-08-07 at 2:41 am

    རིན་ཆེན་སྒྲོལ་མ་ལགས་་་་བསེ་རུས་་་་ཡིག་ནོར་བཅོས་པ་དེ་་་་དོན་ལ་གནས་ན་དེ་ནི་་་་་ཆེས་ཧ་ཅང་གི་ནོར་འཁྲུལ་ཞིག་རེད་རྩོམ་ཡིག་གི་ཁ་བྱང་ནོར་ན་་་་་་ཀློག་པ་པོ་ཚོས་དོན་གྱི་བརྗོད་བྱ་ཡང་རྟོགས་པར་དཀའ་བས། ཕྱིན་ཆད་དེའི་རིགས་ལ་གཟབ་གལ་གནང་རོགས། དེ་མིན་ཡིག་ནོར་གཞན་ཡོད་པ་ནི་སྤྱིར་བཏང་ཞིག་རེད་སྙམས། གང་ཡིན་རུང་ཡག་པོ་བྲིས་ཤག།

  13. གནམ says:
    2012-08-07 at 7:07 am

    དགོད་འོས་པའི་དབྱངས་རྟ། དཔེ་འཇོག་འདི་འདྲ་འདྲ་ཡོད་ནི་རེད་ནེ། སྤྲུལ་ནས་ཟེར་བའི་ནས་སྒྲ་དེ་ག་རེ་རེད། ཨ་ནེ་ནེ་ཁོ། ཁྱོས་འགྲེལ་བཤད་ཞིག་གནོངས་དང།

  14. གཡུ་བྲག་པ says:
    2012-08-07 at 12:02 pm

    མུ་འཐུད་དུ་འབད་པ་བྱོས་དང་ཡར་རྒྱས་དང་རྒྱལ་ཁའི་ཁྱེད་ལ་སྒུག་བཞིན་འདུག

  15. རྒད་པོ། says:
    2012-08-07 at 1:59 pm

    བོད་པ་ཚང་འཇིག་བརྟེན་འདིར་ཆགས་སྒོ་ཆེན་པོའི་ནང་ལ་ལྷུང་ནས། མཐའ་ན་རང་གི་ས་ཆུ་རི་ཀླུང་ཡང་གཞན་གྱི་བདག་དབང་ལ་ཤོར་བའི་རྒྱུ་མཚན་མང་པོ་ཡོད་མོས། མངོན་གསལ་འདོད་པོ་ཞིག་འདི་རུ་དཔེ་ལེགས་པོ་བཞག་འདུག བོད་པ་ཚོས། དོན་ཆེན་གློད། དོན་ཆུང་འཇུས་ནས་ཐར་མི་གཏོང་བ་འདི་རེད། དཔེར་ན། རིན་ཆེན་སྒྲོལ་མའི་སྙན་ངག་གི་ནང་དོན་དང་། རྩོམ་ལུགས། རྩོམ་གཤིས་དང་ལྟ་བ་སོགས་ལ་སུ་ཅིག་གིས་སྐད་ཆ་མ་བཤད་པར། ཡིག་ནོར་གཅིག་གཉིས་གཅིག་ལ་དོན་ཆེན་བཟོས་ནས། རྩོད་པ་རྒྱག་པ་འདི་རེད།

    སྔོན་མ་རྒྱ་དང་མཉམ་དུ་དོན་ཚན་བཅུ་བདུན་ཅན་པོ་འཇོག་པའི་སྐབས་ལ། དོན་ཆེན་བོད་གཞུང་གི་ཐོབ་ཐང་དང་། རྒྱལ་བ་རིན་པོ་ཆེའི་སྐུ་དབང་། དེ་བཞིན་བོད་དམག་གི་དབང་ཆ་ཚང་མར་རྩོད་པ་མི་རྒྱག་པར།བལྟས་ངན་དོན་ཆུང་དམངས་གཙོ་ཟེར་བའི་ཚིག་དང་། རྒྱ་ནག་གི་ཚིག་ལ་ཀྲུང་གོ་ཟེར་བའི་ཐ་སྙད། དེ་བཞིན་གུང་ཁྲན་ཏང་ཟེར་བའི་ཐ་སྙད་ལ་བོད་པའི་སྐུ་ཚབ་ཚོ་མ་འཆམ་པར། རྒྱ་དཔོན་ཚོ་ཡང་མགོ་ན་ནས། གྲོས་དོན་ཚོགས་འདུ་ཉིན་ཤས་མཚམས་བཞག་ནས། ཨ་མདོ་ནས་དགེ་བཤེས་ཤེས་རབ་རྒྱ་མཚོ་སྐད་བཏང་ནས། བར་འདུམ་བྱེད་དུ་བཅུག མཐའ་མ། ཀྲུང་གོ་དང་གུང་ཁྲན་ཏང་ཟེར་བའི་ཚིག་རྒྱ་ཡིག་ནང་ལ་བཞག་དགོས་ཐུབ་པ་འདི་གོང་གི་མཆན་པོ་དག་དང་རྩ་དོན་གཅིག་ཏེ། བོད་པ་ཚོ་དོན་ཆེ་དོན་ཆུང་དབྱེ་བའི་རྣམ་དཔྱོད་མེད་པ་གསལ་པོ་རེད། 

  16. རྒད་པོ། says:
    2012-08-07 at 2:18 pm

    རྒན་ལ་དྭགས་འཇམ་དཔལ་ལགས། རིན་སྒྲོལ་གྱི་སྙན་ངག་འདི། དབྱིན་ཇི་དང་ཨ་རིའི་དེང་རབས་ཀྱི་སྐད་གྲགས་ཆེ་བའི་སྙན་ངག་འབྲི་སྲོལ།  ཆར་སྣང་ཅན་གྱི་སྙན་ངག་ཏེ། Imagismཟེར་བ་འདིའི་འབྲི་སྟངས་རེད། དེའི་སྲོལ་གཏོད་པ་པོ་གཙོ་བོ་Eliot དང་Pound ལ་སོགས་ཡིན་སྟེ། འབྲི་སྲོལ་འདིའི་ལུགས་གཙོ་བོ་ནི། རང་གི་ཆར་སྣང་གི་དཔེ་ས་ཆུ་མེ་རླུང་ཇི་ཡོད་བཀོད་ནས། ནང་གི་ཚོར་སྣང་ཞིག་བསྟན་ཐབས་བྱེད་པ་དང་། ཚོར་སྣང་འདི་ཡང་། གང་ཟག་སྒེར་གྱི་སྣང་ཚུལ་གཙོ་བོ་འདུ་བ་བྱེད་པ་དེ་རེད། སྙན་ངག་འདི་ཅུང་ལྐོག་འགྱུར་གྱི་རང་བཞིན་ཡིན་ཞིང་། ནང་གི་སེམས་ཀྱི་ཚོར་བ་དཔེར་ན། དངངས་སྐྲག་ལྟ་བུ། ཕྱིའི་སྣོད་ཀྱི་བཀོད་པ་ཇི་རུང་ཞིག་ལ་དཔེ་བཀོད་ནས། རྩོམ་པ་པོ་རང་ལ་དཔེ་འདི་དངངས་སྐྲག་ཡིན་པ་བསྟན་པར་བྱེད། ཞིབ་ཕྲ་གཤམ་གྱི་དྲ་ཚིགས་ལ་གཟིགས།

    རྒན་ལགས། ཕྲག་དོག་མ་རེད། ཁྲག་མདོག་རེད། ཁྲག་གི་མདོག་ཤོད་ཀྱི་ཡོད།

    http://en.wikipedia.org/wiki/Imagism 

  17. མིག་བརྒྱད་པ། says:
    2012-08-07 at 5:12 pm

    རང་མོས་སྙན་ངག་ལ་སྐྱོན་ཞིག་ཡོད་པ་ཚོར་འདུ་ཁོ་ནའི་རྗེས་སུ་འབྲངས་སྟེ་བོད་ཀྱི་བརྡ་དག་ལ་སྣང་ཆུང་བྱེད་པ་དེ་རེད། དོན་དངོས་དང་འགལ་བ་བརྗོད་པ་ལྟ་བུས་སེམས་མེད་ལ་སེམས་ཡོད་ཀྱི་སྒྲོ་བཏགས་ནས་ནང་གི་འགྱུར་བ་ཁྱད་པར་བ་ཞིག་མཚོན་ཐུབ་ན་སྙན་ངག་གི་རྒྱན་དུ་ངོས་འཛིན་ཆོག་མོད། ༼ ལོ་མང་རིང་ ཆེས་འཐུག་པོའི་རེ་སྒུག ཕྱོགས་བཞིར་བསྐུར་ཀྱང་ རླུང་བས་ཕྱིར་བསྐྱལ་བ མྱ་ངན
    ཁྲག་མདོག་གི་ཚོར་འདུ་ཁོ་ན ༽ཞེས་པ་ལྟ་བུ་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་གོ

  18. དགེ་བསྙེན་རྡོ་རྗེ་ says:
    2012-08-07 at 5:53 pm

    ཇོ་མོ་གླིང་མའི་རེ་སྒུག་ལ། ཇོ་མོ་གླང་མའི་རེས་སྒུག་གི་འགྲེལ་པ་ཞིག་འབྲི་མི་དགོས་སམ།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-07 at 11:57 pm

    རྒན་ལགས། ཕྲག་དོག་མ་རེད། ཁྲག་མདོག་རེད། ཁྲག་གི་མདོག་ཤོད་ཀྱི་ཡོད།
    དེ་ལྟར་ཡིན་ན། ངས་བསམ་བློ་ལེགས་པར་མ་བཏང་བའི་སྐྱོན་ལ་དགོངས་དག་ཞུ་འོས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme