Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ལ་ཁྲིམས་ཐག་བཅད་འདུག

Posted on 2013-11-222013-11-22 By ཁ་བརྡ་ 4 Comments on ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ལ་ཁྲིམས་ཐག་བཅད་འདུག

གསར་འགྱུར་བསྡུ་སྒྲིག་པ། ཨ་རིག་འགྱུར་མེད་དང་ཚངས་དབྱངས་རྒྱ་མཚོ།

????????????ཉེ་བའི་ལོ་ངོ་འདི་ཚོ་ནི་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ཁྲོད་དུ་སྔོན་ཆད་མ་བྱུང་ཞིང་། བྱིན་ཆད་འབྱུང་དཀོན་པའི་ཆེས་གཟི་བརྗིད་དང་ཆེས་བླ་ན་མེད་པའི་ལོ་རྒྱུས་ཀྱི་ཤོག་སླེ་ཞིག་ཡིན་ཞིང་། ལོ་ངོ་འདི་ཚོར་བོད་མི་བརྒྱ་དང་ཉི་ཤུ་ལྷག་གིས་བོད་མི་རིགས་ཀྱི་ཆེད་དུ་རང་གི་ཤ་ཁྲག་གིས་གྲུབ་པའི་སྐུ་ཕུང་མེ་རུ་བསྒྲོན་ནས་བོད་འདི་ད་ལྟའི་མུན་ནག་གི་གདུབ་རྩུབ་འོག་ནས་གྲོལ་རྒྱུར་ཐུགས་རེ་མཛད་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་བཤད་ན་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མིའི་ལུས་རྟེན་ནི་ཤིན་ཏུ་རྙེད་དཀའ་བ་བོད་མི་རྒན་གཞོན་ཚང་མས་ཤེས་ཀྱིན་ཡོད། བོད་མི་རྣམས་ཀྱིས་རང་སྲེག་འདི་དག་དང་འགྲོགས་ནས་རྒྱལ་གཅེས་དཔའ་བོ་དག་གི་ཤུལ་ལུས་ཀྱི་ནང་མི་བཟའ་ཟླ་བུ་ཕྲུག་དང་གཉེན་ཉེ་ཚན། གྲོགས་གྲོགས་མོ། དེ་བཞིན་གནས་ཚུལ་ཕྱིར་སྒྲག་བྱེད་མཁན་བཅས་ཀྱང་འཇུ་བཟུང་བཙོན་འཇུག་དང་རྣམ་པ་མི་འདྲ་བའི་ཁྲིམས་ཐག་སྣ་ཚོགས་གཅོད་ཀྱིན་ཡོད།

དེ་ཡང་ཉེ་ལམ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཇོ་ནང་འཛམ་ཐང་དགོན་གཙང་བ་གྲྭ་ཚང་གི་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་ལ་ལོ་ངོ་བཞི་དང་ཟླ་དྲུག་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁྲིམས་ཆད་འདི་ནི་སྲོག་ཁྲིམས་བཅད་པའི་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་། གྲྭ་བློ་བཟང་དགེ་འདུན་ལགས་རྣམ་གཉིས་དང་བསྡུར་ན་ཧ་ཅང་ཡང་མོའི་གྲས་ཡིན་ཡང་། ནག་ཉེས་གང་ཡང་མེད་པའི་དགེ་བསྐོས་རྟ་མགྲིན་ལགས་ལ་མཚོན་ན་དཀའ་སྡུག་གི་ལོ་ཟླ་རིང་བོ་ཞིག་བཙན་གྱིས་གཉའ་བར་བཞག་པ་དང་། ཤུལ་ལུས་ནང་མི་དག་ལ་མཚོན་ནའང་ཆེས་བཟོད་པར་དཀའ་བ་ཞིག་ལོས་ཡིན།

unnamed-1དགེ་བསྐོས་རྟ་མགྲིན་ལགས་ཀྱིས་དེ་སྔར་འཛམ་ཐང་གཙང་བ་དགོན་པར་གྲྭ་བ་དང་། མི་མང་འདུས་ས་ནས་རང་སྲེག་བྱས་པའི་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་ཞུ་བྱས་པ་དང་། ས་གནས་དེ་ནས་རང་སྲེག་བྱེད་མཁན་རྣམ་པའི་རོ་ཐོག་ནས་ཆོལ་ཁ་གསུམ་ལ་ནང་འཛིང་མི་བྱེད་པའི་དམ་བཅའ་བྱེད་མཁན་རྣམས་ལ་ (གངས་ལྗོངས་བོད་མིའི་ཕུལ་བྱུང་བུ།) ཞེས་བསྟོད་བསྔགས་བྱས་པར་ “རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། བོད་རང་བཙན་གྱི་བསམ་བློར་འུད་སྒྲོག་བྱས་” པའི་ཉེས་མིང་འོག་ཐེངས་འདིའི་ལོ་ངོ་བཞི་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཡོད། ཁོང་ནི་འཛམ་ཐང་བར་མ་ཡུལ་ཚོ་གཙང་སྡེ་ཟེར་བ་ནས་ཡིན་ལ་ ༢༠༡༣ ལོའི་ཟླ་ ༤ ཚེས་ ༢༤ ཉིན་ཇོ་ནང་འཛམ་ཐང་དགོན་གཙང་བ་གྲྭ་ཚང་གི་ནག་ཟླའི་དུས་མཆོད་ཆེན་མོ་འཚོགས་སྐབས་འཛིན་བཟུང་བྱས།
ཐེངས་འདིར་རྒྱ་ནག་གིས་ “རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། བོད་རང་བཙན་གྱི་བསམ་བློར་འུད་སྒྲོག་བྱས་” པའི་ཉེས་མིང་འོག་ལོ་ངོ་བཞི་དང་ཟླ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་གཙང་བ་འཛམ་ཐང་དགོན་པའི་དགེ་བསྐོས་རྟ་མགྲིན་ལགས་ལ་མཚོན་ན། སྙིང་རྗེ་ཐེབས་རྩ་ཚོགས་པ་ཞིག་གསར་འཛུགས་གནང་མཁན་དང་། ཐེབས་རྩ་ཚོགས་པ་དེས་དབང་བོ་སྐྱོན་ཅན་དང་སློབ་གྲྭ ཆོས་ཚོགས། དགོན་པ། ནད་པ། དབུལ་པོ་སོགས་ལ་རོགས་སྐྱོར་དང་། ཞལ་འདེབས་འབུལ་གྱིན་ཡོད་འདུག

unnamedདེའི་སྐོར་ལ་ཁོང་འཛིན་བཟུང་མ་བྱས་གོང་ཁོང་གིས་རང་ཉིད་ཀྱི་སྐད་འཕྲིན་རྒྱབ་ངོས་སུ་བཀོད་དོན། “རྒྱ་ནག་གི་ཆོས་དད་པ་དང་གྲོགས་པོ་འགའ་ཡིས་རོགས་པ་བྱས་ནས། ད་ལོར་ང་རང་རྒྱ་ནག་གི་སྙིང་རྗེ་ཐེབས་རྩ་ཚོགས་པ་འགའ་དང་ངོ་ཤེས་ཆགས་སོང་། དེ་ནི་ང་ལ་མཚོན་ན་ཆེས་དགའ་འོས་པའི་དོན་བཟང་ཞིག་ཡིན་པ་མ་ཟད་མི་ཚེའི་དམིགས་འདུན་རྙེད་པའི་ལམ་ག་དེ་ཡང་ཡིན་ཟེར་ན་ཆོག
ཉེ་ཆར། རྒྱ་ནག་ཏ་ལེན་(大连)གྲོང་ཁྱེར་དུ་གཞན་ཕན། བྱམས་བརྩེ། སྙིང་རྗེ། ཞེས་པའི་བྱ་འགུལ་ཚོགས་འདུ་ཞིག་སྤེལ་བ་ཡིན། བྱ་འགུལ་ཐོག་ཏུ་རང་ཉིད་ཡང་གཙོ་འགན་མི་སྣ་ཆེ་ཤོས་དེ་ཡིན་པས་རང་གི་ཡང་སེམས་ཀྱི་སྐད་ཆ་མང་མང་ཞིག་བཤད་པའི་གོ་སྐབས་ཐོབ་སོང་། བྱ་འགུལ་ལ་ཞུགས་པའི་མི་ཚོགས་ནི་ཡོད་ཚད་ཕྱུག་བདག་དང་ཚོང་པ་འགོ་ཁྲིད་སོགས་ནུས་པ་ཅན་གྱི་མི་སྣ་རྐྱང་རྐྱང་ཡིན་ལ། མི་གྲངས་ཀྱང་ལྔ་བརྒྱ་ཙམ་འདུ་འཚོགས་ཐུབ་པས་བྱ་འགུལ་དེ་རང་ལ་མཚོན་ན་ཆེ་ཤོས་ཤིག་ཡིན་པ་དང་། ཆེས་ཐོག་མའི་རང་གི་གཙོ་སྒྲུབ་བྱས་པའི་སྙིང་རྗེ་ཐེབས་རྩ་ཚོགས་པའི་བྱ་འགུལ་ཞིག་ཡིན་པ་དང་མ་འོངས་པའི་བདག་གི་དམིགས་འདུན་གྱི་སྙིང་རྗེ་ཐེབས་རྩ་ཚོགས་པ་ལ་རེ་བ་སྟེར་བའི་ཡིད་ཆེས་ཀྱི་དོན་རྩ་ཞིག་ཡིན།
སྤྱིར་སྙིང་རྗེ་ཐེབས་རྩ་ཚོགས་པ་ནི། དབང་པོ་སྐྱོན་ཅན་དང་སློབ་གྲྭ ཆོས་ཚོགས། དགོན་པ། ནད་པ། དབུལ་བོ་སོགས་ལ་རོགས་སྐྱོར་དང་། ཞལ་འདེབས་འབུལ་བའི་ཚོགས་པ་ཞིག་ཡིན། དེས་ན་བདག་གི་ཐོག་མའི་བྱ་འགུལ་འདི་ཡིས་ང་ལ་ཟད་མཐའ་མེད་པའི་དགའ་སྤྲོ་སྦྱིན་པར་མ་ཟད། རང་ནུས་ཡོད་ཚད་ཀྱིས་འབད་པ་ཐམས་ཅད་ཀྱིས་གཞན་ལ་རོགས་སྐྱོར་དང་། ཞལ་འདེབས་འབུལ་སྟེ། རབ་ན་མང་མང་ཞིག་ལ་ཕན་པ་སྒྲུབ་རྒྱུ་དང་། ཐ་ན་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བའི་དམ་བཅའ་རྙེད་སོང་། དམ་བཅའ་འདི་ནི་ང་རང་སྙིང་རྗེ་ཐེབས་རྩ་ཚོགས་པའི་ཚོགས་མི་ཞིག་གི་ལམ་ཁར་བསྐྱོད་པའི་གོམ་པ་དང་པོ་དེ་ཡིན་ནོ། །” ཞེས་སོགས་བཀོད་འདུག

unnamed-2ཡང་ཁོང་ལ་རྒྱ་རིགས་ཆོས་གྲོགས་ཤིག་གིས་ “ཁྱོད་ཀྱིས་བོད་མིས་མེར་མཆོད་ལས་འགུལ་འདི་ལ་ལྟ་སྟངས་ག་འདྲ་འཛིན་གྱིན་ཡོད།” ཅེས་དྲིས་པར་ཁོང་གིས་ལན་འདེབས་འདི་ལྟར་གནང་འདུག “རང་ཉིད་ནང་ཆོས་པ་ཞིག་གི་ངོས་ནས་བལྟས་ན་མི་ལུས་འདི་ནི་རྙེད་དཀའ་འཇིག་སླ་བ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད། གཞན་དོན་དུ་ལུས་སྦྱིན་པ་གཏོང་བ་དང་། བྱང་སེམས་རྟག་ཏུ་ངུ་ལྟ་བུ་བྱང་ཆུབ་སེམས་དཔའ་ཚོས་དམ་པའི་ཆོས་ཚིག་བཞི་ཞིག་གི་ཆེད་དུ་ཡང་རང་གི་ལུས་ཀྱི་ཟུངས་ཁྲག་གིས་ས་གཞི་ལ་ཆག་ཆག་བཏབ་སྟེ་དགེ་བའི་བཤེས་གཉེན་མཆོད་པར་བྱས་པའི་ལོ་རྒྱུས་སོགས་ཡོད་པ་རེད། འདི་དག་ལ་བལྟས་ན་བཤད་དཀའ་བའི་གསང་བ་ཞིག་རེད་བསམ་གྱིན་ཡོད། ཡིན་ཡང་རྟོགས་པ་མཐོན་པོར་བསླེབས་ཡོད་མེད་དེ་སུ་ཡིས་ཤེས་དཀའ་བ་ཞིག་རེད། རྟོགས་པ་མཐོན་པོར་སླེབས་མེད་ན་ནི་ལུས་སྲོག་བཏང་ན་ཆོས་ལུགས་ཀྱི་ངོས་ནས་བལྟས་ན་ཁེ་ལས་གྱོང་རག་པའི་ཉེན་ཁ་ཡོད་པ་རེད།
བཤད་དཀའ་བ་ཞིག་ལ་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་ཞེས་སངས་རྒྱས་ཀྱིས་གསུངས་ཡོད་པས། རང་ལུས་མེ་ལ་འབུལ་མཁན་དེ་ཚོའི་སེམས་ནང་གི་གསང་བ་ངོ་མ་དེ་ངས་ཀ་ལ་ཤེས། ཡིན་ན་ཡང་ཁོ་ཚོའི་སྙིང་སྟོབས། ལ་རྒྱ། ཆོད་སེམས་དག་ནམ་ཡང་རང་གི་ཡིད་ཀྱིས་སྨོན་གྱིན་ཡོད། ད་དུང་ཡང་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཡིས་ཀྱང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་གསར་འགོད་པའི་དྲིས་ལན་སྐབས། ཁོང་བོད་མི་ན་གཞོན་མེ་ལ་ལྕེབས་མཁན་དེ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་བཤད་འདུག་ན། ང་རང་བོད་རིགས་ཤིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་ཁོ་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཡོད་དང་ལོས་ཡོད། ཡིན་ཡང་ངས་ནམ་ཡང་རང་སྲོག་མ་གཅོད་རོགས་ཞུ་དང་ཞུ་བཞིན་ཡོད།”

unnamed-4དེ་བཞིན་ཁོང་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཐང་ཀའི་སྐོར་ལ་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པར་མ་ཟད། མི་སྣ་མང་བོ་བསྐྱེད་སྲིང་གིས་བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀ་འབྲི་བཞེངས་ཀྱིས་རྒྱ་ནག་སོགས་སུ་ཐེངས་མང་འགྲེམ་སྟོན་དང་དར་སྤེལ་བཏང་ཡོད་འདུག ཡང་ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐང་ཀའི་སྐོར་ལ་སྐད་འཕྲིན་ནང་ལྟ་ཚུལ་འདི་འདྲ་ཞིག་བཏོན་འདུག “ཐང་ཀ་ནི་བོད་ཀྱི་བཟོ་དངོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་ཁྱབ་རྒྱ་ཆེ་བ་ཙམ་དུ་མ་ཟད། རིན་ཐང་གཞལ་དུ་མེད་པའི་བཟོ་རིག་པའི་དངོས་པོ་བླ་ན་མེད་པ་ཞིག་ཡིན། བོད་ཀྱི་སྔོན་བྱོན་བླ་ཆེན། གྲུབ་འཛིན། མཁས་དབང་དངོས་དག་གི་ཕྱག་བྲིས་གྲངས་མེད་པ་ཡོད་ལ། བོད་ཀྱི་དགོན་སྡེ་དག་ཏུ་ནང་རྟེན་གཙོ་ཤོས་སུ་བཞུགས་པའི་ཐང་ཀ་མང་པོ་རིན་ཐང་གཞལ་མཐའ་བྲལ་བ་ཡིན་ནོ། །
བོད་ཀྱི་ཐང་ཀ་ནི་ལོ་རྒྱུས་རིང་བའི་ཁྱད་ཆོས་ཅན་གྱི་སྒྱུ་རྩལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། དེ་ནི་བོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་སྐབས་སུ་དར་ཐང་ཆེན་མོ་གསུམ་བཞེངས་པ་སོགས་དང་། རྒྱལ་པོ་སྲོང་བཙན་ཀྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་འདྲེན་པ་དང་ལྷན་དུ། ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ་དང་། རྩིས་ཀྱི་པོར་ཐང་བརྒྱད་ཅུ་རྣམས་ཀྱང་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མང་པོ་དར་བ་སོགས་མཚོན། བོད་ཀྱི་ཐང་ཀའི་བཟོ་རྩལ་ནི་དུས་ཚོད་དེ་དག་གི་སྐབས་སོགས་ཀྱི་ཁུངས་བཙན་ལོ་རྒྱུས་ཅན་གྱི་རིག་གནས་གྱ་ནོམ་པ་ཞིག་ཡིན།”unnamed-3
འདི་ལྟར་མི་ལོ་བཞི་དང་ཟླ་དྲུག་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་འཛམ་ཐང་གཙང་བ་དགོན་གྱི་དགེ་བསྐོས་རྟ་མགྲིན་ལགས་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིགས་གནས་ལ་དུང་ཞེན་ཟབ་མོ་བཅིངས་མཁན་ཞིག་དང་། དབང་པོ་སྐྱོན་ཅན་དང། སློབ་གྲྭ ཆོས་ཚོགས། དགོན་པ། ནད་པ། དབུལ་པོ་སོགས་ལ་རོགས་སྐྱོར་དང་། ཞལ་འདེབས་འབུལ་མཁན། བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་ཡོད་པ་ཕྱི་ལ་སྟོན་མཁན་ཞིག་ཡིན་འདུག

དེ་སྔར་ཁོང་གིས་ཕྱག་རྩོམ་གནང་བའི་རྩོམ་ཐུང་གཉིས་ཏེ་གསུམ་བཅུའི་དུས་དྲན་ཉིན་གྱི་སེམས་ཚོར་ཞེས་པ་རུ། “དེ་རིང་གསུམ་ཅུའི་དུས་ཚིགས་ཡིན། །སྙིང་ལ་ཟུག་པའི་ནད་ཅིག་དྲན། །ཤ་ལ་གཤར་བའི་རྨ་ཞིག་དྲན། །སྤུན་ཟླ་ཤི་བའི་སྡུག་ཅིག་དྲན། །རླུང་དམར་སྤུར་བའི་སྒྲ་ཞིག་དྲན། །ལོ་ལ་བསྙལ་བའི་གྱོད་ཅིག་དྲན། །” ཞེས་རང་གི་སེམས་ནང་གི་ན་ཟུག་ཅིག་ཕྱིར་སྒྲག་བྱས་པ་དང་། ལྷ་ས་དང་སྦྱར་བའི་སེམས་ཚོར་ཞེས་པའི་ནང་དུ་ “ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་ཉེན་ཁའི་གནས་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་གཞན་གྱི་ལག་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་སེམས་ཁུར་གནས་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་དྲག་ཆས་ཁྲོད་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་སོ་ལྟའི་བར་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། ། ལྷ་ས་མིག་ཆུའི་ཁྲོད་ན་ཆགས། །ལྷ་ས་སྨེ་སྔགས་ཁྲོད་ན་ཆགས། །ལྷ་ས་རོ་ཡིས་གང་།ལྷ་ས་ཁྲག་གིས་གང་།ལྷ་ས་འདྲེ་སར་གྱུར།ལྷ་ས་གཡུལ་སར་གྱུར།ལྷ་ས་དུར་སར་གྱུར།” ཞེས་བོད་ཀྱི་རྒྱལ་ས་ལྷ་ས་ནི་ད་ལྟ་ཉེན་ཁའི་གནས་སུ་ཡོད་པ་དང་དགྲ་ལག་ཏུ་ཡོད་པ། དྲག་ཆས་ཁྲོད་ན་ཡོད་པ། དུར་ས་དང་གཡུལ་སར་གྱུར་ཡོད་པ་སོགས་ཉམ་ང་ཆགས་འཇིག་གི་གནས་སུ་ཡོད་པ་གསལ་སྟོན་གནང་འདུག

??????????????????????ད་ལྟའི་ཇོ་ནང་འཛམ་ཐང་དགོན་ཆེན་གྱི་གནས་སྟངས་ནི་ཧ་ཆང་ཉེན་ཁའི་གནས་སུ་ལྷུང་ཡོད་འདུག་ལ། ས་གནས་ཀྱི་ལས་བྱེད་པ་དང་འགོ་ཁྲིད་ཚོས་དགོན་པའི་ལས་སྣེ་དང་གྲྭ་བ། དེ་བཞིན་ལྷ་སྡེའི་གནད་ཡོད་མི་སྣ་མང་པོར་ “ཕྱི་སྡོད་བོད་གཞུང་རྫུས་མས་སྔོན་གྱི་གྲུབ་མཐའ་ཁག་གི་འཐབ་རྩོད་ཁོག་ཏུ་བཟུང་ནས། མངོན་གསུམ་འཛེམ་མེད་སྒོས་ཁྱེད་ཚོ་ཇོ་ནང་བ་ལ་གྲུབ་མཐའ་ཞིག་གི་ཐོབ་ཐང་མ་ཟད་མིང་ཙམ་ཡང་སྤྲད་མེད། དེ་ངོས་ཟིན་ཡོད་པའི་ཐོག་ཁྱེད་ཚོར་རང་ཉིད་ལ་ལང་ཕྱོགས་བརྟན་ཅིང་ཁ་ཕྱོགས་མ་ནོར་བ་ཡོད་དགོས་” ཞེས་དང་། ཡང་ “པན་ཆེན་སྐུ་འཕྲེང་བཅུ་བ་ནི་ཁྱེད་ཇོ་ནང་པར་མཚོན་ན་བཀའ་དྲིན་ཆེན་པོ་རེད། ཁོང་གིས་ཁྱེད་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲད་པར་བརྟེན། ད་སྐབས་རྒྱལ་ནང་གི་ནང་པའི་ཆོས་ལུགས་ཀྱི་གྲས་སུ་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད་པ་འདི་རེད། དེས་ན་ཁྱེད་ཅག་གིས་ངེས་པར་དུ་པན་ཆེན་རིན་པོ་ཆེའི་ཡང་སྤྲུལ་འཛམ་ཐང་དགོན་པར་གདན་འདྲེན་ཞུ་དགོས།” ཞེས་སོགས་སྔ་གཞུག་ཏུ་སློབ་གསོ་གང་མང་བཏང་ཡོད་ཀྱང་། འཛམ་ཐང་དགོན་པའི་གནད་ཡོད་མི་སྣས་དེ་དག་ངོས་ལེན་མ་བྱས་པ་སོགས་ལ་བརྟེན། ཇོ་ནང་འཛམ་ཐང་དགོན་པར་དམག་མི་དང་། ཉེན་རྟོག་པ་འབོར་ཆེན་འགྲེམ་འཇོག་གིས་གཙང་བ་གྲྭ་ཚང་གི་རྟེན་བཞེངས་རྣམས་འཚམས་འཇོག་བྱེད་དུ་བཅུག་པར་མ་ཟད། རྟེན་བཞེངས་གསར་བ་རྣམས་བཤིག་དགོས་པའི་བཙན་བཀའ་བཏང་འདུག འོན་ཀྱང་དགོན་པའི་འབྲེལ་ཡོད་མི་སྣ་ཁག་གིས་རྒྱ་གཞུང་གི་དཔོན་རིགས་མང་པོར་འབྲེལ་བ་བྱས་ཏེ་ད་བར་དུ་རྟེན་བཞེངས་བྱས་པ་དག་བཤིག་དགོས་བྱུང་མེད།

unnamed-6འོན་ཀྱང་ད་བར་དུ་འཛམ་ཐང་དགོན་པའི་གྲྭ་བ་དང་། མི་སྐྱ་ཕོ་མོ་སོགས་ཁྱོན་སྡོམ་མི་གྲངས་བཞི་བཅུ་ལྷག་འཛིན་བཟུང་གིས་བཅར་རྡུང་ཚད་མེད་བཏང་སྟེ་མི་མང་པོ་ནད་པ་ཆགས་སོགས་བཟོ་ཡོད་ལ། མི་མང་པོ་ཞིག་ཟླ་བ་གཉིས་གསུམ་རྗེས་ནས་གློད་གྲོལ་བཏང་ཡོད་ཀྱང་། ད་སྐབས་ད་དུང་བཙོན་ཁང་དུ་མི་གྲངས་ཉི་ཤུ་ལྷག་ཡོད་འདུག འོན་ཀྱང་འཛམ་ཐང་རྫོང་ནས་དྲ་ལམ་སོགས་བཀག་འགོག་བྱས་ཏེ་ཟླ་ངོ་བརྒྱད་ལྷག་ཕྱིན་སྟབས་མི་དེ་དག་གི་མིང་དང་ལོ་རྒྱུས་སོགས་རྒྱུས་ལོན་བྱེད་ཐུབ་མེད། ཇོ་ནང་འཛམ་ཐང་དགོན་ཆེན་ནི་ཇོ་ནང་བའི་དགོན་པ་ཆེ་ཤོས་དང་མདོ་སྨད་ཕྱོགས་ཀྱི་ཇོ་ནང་ཆོས་བརྒྱུད་ཀྱི་དགོན་པ་སྔ་ཤོས་ཡིན་ལ། ད་སྐབས་དགོན་པ་དེར་གྲྭ་བ་སུམ་སྟོང་ལྷག་ཡོད་འདུག

གསར་འགྱུར།

Post navigation

Previous Post: ཚ་བོ་དང་ཚ་མོ་གཉིས་ལ་བསྐུར་བའི་ཡི་གེ
Next Post: སྙིང་གཏམ་ཁྲག་བྲིས་མ། ༼བོད་འབྱོར།༽

Comments (4) on “ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ལ་ཁྲིམས་ཐག་བཅད་འདུག”

  1. རིག་པའི་བུ says:
    2013-11-22 at 2:49 pm

    རྒྱ་འདྲེ་འདིའི་བོད་པ་གླན་རྒན་ཚོ་འདུག་མི་བཅུག་ཅིང་གཉའ་གནོན་བཏང་བ་ནི་བཟོད་སྒོམ་བྱེད་ཐབས་བྲལ་བའི་གནས་སུ་ལྷུང་འདུག་ག

  2. ཨ་ཕྱི་ཆོས་སྒྲོན says:
    2013-11-22 at 3:30 pm

    ཇོ་ནང་པ་དེ་གཞན་སྟོང་འདོད་འཁན་ཡིན་བསམ་ཡོད་ཀྱང་ད་ཡིན་ན་རང་སྟོང་བཟོ་གི་མི་འདུག་གམ། གང་ལྟར་དགོན་པ་ཡོངས་དང་དགེ་བཀོས་ལ་མྱ་ངན་ཞུ།

  3. རང་དབང་རྒྱལ། says:
    2013-11-22 at 11:22 pm

    བློ་བཟང་དགེ་འདུན་ཟེར་ན་སུ་རེད་དམ།

    མ་གཞི་ནས་གསར་འགྱུར་དབྱེ་ཞིབ་ཀྱི་བཟོ་ལྟ་ཡིན་ས་རེད་ཀོ
    དབྱེ་ཞིབ་ཐོན་མི་འདུག

  4. གནམ says:
    2013-11-23 at 11:21 am

    ཐོད་པའི་སྟེངས་ན་བོད་ཅིག་ཡོད་དུས།།
    རྒྱ་འདྲེ་ཚང་གི་དགྲ་རུ་ཡོད་པས།།
    ཆོལ་གསུམ་འགྲོ་མི་བོད་ཞན་ཅན་ཚོས།།
    བོད་རུས་ཐང་ལ་འཕེན་པའི་དཔེ་མེད།

    ཆོས་རྒྱུད་ཆོས་ལུགས་གང་ལ་གཏོགས་རུང་།།
    དགྲ་བོའི་སྔུན་ན་རྡོག་སྒྲིལ་བརྒྱབས་ཡོད།
    རྒྱ་ཁྱུའི་སྨྱོ་ཧམ་རི་ལས་མཐོ་རུང་།།
    བོད་ཞན་རུས་བ་ཁྲག་ལ་བཙོས་ཡོད།

    ཆོས་དཀྲུག་ནང་དཀྲུག་ཁྲམ་པའི་བྱས་ཉེས།།
    བལྟས་ན་ཡིད་སུན་གོ་ན་རྣ་སུན།
    བོད་ཁམས་ཤ་རུས་ཁྲག་རྒྱུན་གཅིག་པས།།
    དགྲ་བོའི་བྱས་ཉེས་སྔ་ནས་ཤེས་ཚར།།

    ད་རེ་གུད་པའི་དུས་ན་ཡོད་རུང་།།
    སང་ཉིན་དར་བའི་དུས་ལ་རེ་ཡོད།
    རེ་བ་ཅན་གྱི་མི་རིགས་འདི་ལ།།
    དགྲ་བོ་བཀུར་བའི་དུས་རབས་ཟད་ཚར།།

    གོ་ན་དགྲ་པོས་རང་ས་སྙེག་ཞིག།
    མི་གོ་དགྲ་པོར་འདུག་ས་ཨེ་ཡོད།
    བོད་པ་ཚང་གི་བྲང་གི་ངོ་ལ།།
    རྐོས་བའི་དམ་བཅའ་མྱེ་ཡིས་བྲིས་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme