Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇོ་ནང་ཆོས་བརྒྱུད་ཀྱི་མངོན་འདོད་བྱ་འགུལ་དང་གྲུབ་འབྲས།

Posted on 2015-10-112015-10-11 By ཁ་བརྡ 2 Comments on ཇོ་ནང་ཆོས་བརྒྱུད་ཀྱི་མངོན་འདོད་བྱ་འགུལ་དང་གྲུབ་འབྲས།

གངས་དཀར་རྒྱལ་སྲས།

 
ང་ཚོས་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་རང་དབང་དང་། འདྲ་མཉམ། དམངས་གཙོ། འཆམ་མཐུན་སོགས་དགོས་ཞེས་འཛམ་གླིང་ལ་སྐད་འབོད་དང་རང་རེའི་ཁ་ནས་ཀྱང་མ་ཎི་འདོན་འདོན་བྱས་དང་བྱེད་བཞིན་ཡོད་ལ། ༸གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་ཞེས་ཆོལ་གསུམ་དབྱེར་མེད་ཀྱིས་རྩ་ཆེན་དང་འགངས་ཆེན་དུ་བརྩི་བ་ལྟར་དུ་སྣང་མོད། གལ་ལ་ཐུག་དུས་དེ་ནི་སྟོང་བ་ཉག་ཅིག་ཡིན་ནོ། རྒྱུ་མཚན་ནི། ༸གོང་ས་མཆོག་གིས་མི་ལོ་ལྔ་བཅུའི་རིང་ལ་ཡ་རབས་སྤྱོད་བཟང་དང་ལྷག་བསམ་གཞན་ཕན། ཆིག་སྒྲིལ་དང་མཐུན་སྒྲིལ་སོགས་གསུང་གསུངས་པའི་བཀའ་སློབ་ནི་སྤྱི་འཐུས་གྲོགས་ཚོགས་སུ་ནུས་མེད་ནས་བེད་མེད་དུ་བསྒྱུར་དང་འགྱུར་བཞིན་ཡོད་ལ།
ལྷག་པར་དུ་ཁ་སང་གི་ཇོ་ནང་ཆོས་བརྒྱུད་ལ་ཆ་བཞག་ན་ཁོ་ཚོས་ཀྱང་རང་གི་ཆོས་བརྒྱུད་ཀྱི་རང་དབང་ལོངས་སྤྱོད། འདྲ་མཉམ་དང་ཁེ་དབང་ལ་ལོངས་སུ་སྤྱོད་འདོད་ཀྱིས་ཡང་དང་བསྐྱར་དུ་སྙན་ཞུ་དང་རེ་བ་ཞུས་ནའང་ཕན་འབྲས་མ་ཐོན་པས་ཨ་ཆད་འུ་ཐུག་གིས་གྲོས་ཚོགས་སྒོ་འགྲམ་དུ་ཞི་བའི་ལས་འགུལ་རྩོམ་སྐབས་ཆོལ་ཁ་དང་ཆོལ་ཁའི་བར་གྱི་རྣོ་ངར་ཅན་གྱི་ཕྱོགས་རིས་ཀྱི་བྱ་སྤྱོད་དག་མངོན་ལྐོག་གཉིས་ནས་ལྷང་ལ་བུད་ཡོང་བ་ལས་༸གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་སྣ་ཚོགས་ཀྱིས་དོན་དག་འདིའི་སྒང་ལ་ཕན་སོང་བསམ་པ་ཞིག་མཐོང་དུ་མེད་པས། བོད་པ་མང་པོ་ཞིག་གིས་ཇ་ཁ་ཆང་ཁ་ནས་ནམ་རྒྱུན་༸གོང་ས་མཆོག་གི་བཀའ་དྲིན་གྱིས་ཅིག་ཅིག་ཉིག་ཉིག་བྱུང་བ་རེད་དང་། ༸གོང་ས་མཆོག་གིས་ནམ་རྒྱུན་མཐུན་སྒྲིལ་དང་ལྷག་བསམ། གཞན་ཕན་སོགས་གསུངས་པའི་དྲིན་གྱིས་་སོགས་མང་བོ་གང་ས་གང་དུ་གོ་རྒྱུ་ཡོད་མོད།
དེ་རིང་གནད་འགག་ལྟ་བུའི་དོན་དག་འདིའི་སྒང་ལ་ཐོན་དུས་༸གོང་ས་མཆོག་གི་བཀའ་དྲིན་བསམ་མཁན་མེད་ལ་གསུང་ཚིག་བརྩི་མཁན་ཡང་མེད་པས་ང་ཚོ་སྟེ་བོད་པ་འདི་དག་ངོ་མ་དེང་སྐབས་ཀྱི་སྐད་ཆས་བཤད་ན་མི་གཞི་མེད་པའི་མི་རྐྱང་རྐྱང་རེད། ལྷག་པར་ཏུ་གྲོས་ཚོགས་ནང་གི་མི་དེ་དག་ལ་མཚོན་ན་དོན་དག་དང་ཉེན་ཁ་རང་ཁོ་ནའི་སྟེང་ལ་ཐོན་མེད་མོད་དེ་འདྲའི་རྔམས་སྐྲག་དང་ཚོར་ཤུགས་རྣོན་པོས་ཕྱོགས་སྲུང་བའི་ཇུས་སྣ་ཚོགས་བཤམས་པར་བྱེད་ན་གལ་ཏེ་རང་ཁོ་ནའི་སྟེང་ལ་ཐོན་པ་ཡིན་ན་དངོས་སུ་ལག་འགུལ་བ་ནི་སྨོས་མ་དགོས་ལ་༸གོང་ས་མཆོག་དང་ཁོང་གི་བཀའ་སློབ་དག་ནི་ཁོ་ཚོ་དག་ལ་མཚོན་ན་ཧ་ཅང་གི་བེད་མེད་དང་ནུས་མེད་ཤ་སྟག་ཡིན་ངེས།

གང་ལྟར་ཇོ་ནང་ཆོས་བརྒྱུད་ཀྱིས་རེ་བ་དང་འདོད་འདུན་གྱི་བྱ་འགུལ་དེ་ལ་ད་ཐེངས་དོན་རྐྱེན་མ་བྱུང་བ་ནི་ཚངས་དབྱངས་རྒྱ་མཚོའི་བཀའ་དྲིན་ཡིན་པ་འདྲ། ཁོས་སྟངས་འཛིན་བྱས་པ་བྱ་དམ་དྲག་པ་དང་ཁོ་ཚོས་ཀྱང་ཚངས་དབྱངས་རྒྱ་མཚོའི་ཁ་ལ་ཉན་པས་ཞི་རྒོལ་རབས་དང་རིམ་པ་བྱས་པའི་མཐའ་དོན་དུ་ཁོ་ཚོའི་རེ་བ་མ་འགྲུབ་ཀྱང་སྟོང་ལོག་བྱེད་མ་དགོས་པས་ཐེངས་འདིའི་བྱ་འགུལ་དེ་མི་ཆོག་རྒྱུ་མེད་གི གོ་ཐོས་ལ་དོན་དག་ཚབ་ཆེན་ཞིག་ཀྱང་བྱུང་གྲབས་བྱས་སོང་ཟེར་མོད། གང་ལྟར་མ་བྱུང་བ་ནི་ཚངས་དབྱངས་རྒྱ་མཚོའི་བཀའ་དྲིན་ཡིན་པ་འདྲ། ག་ལེར་བསམ་ན་བོད་ནང་ནས་རྒྱ་ནག་གིས་ཆོས་དད་རང་མོས་སོགས་འགྲོ་བ་མིའི་ཐོབ་ཐང་མང་བོ་ཞིག་འཕྲོག་པས་འཚོ་ཐབས་དཀའ་བ་སོགས་ལ་རྐྱེན་བྱས་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ཡིན་ཟེར། འདི་ནས་ཀྱང་རང་རིགས་ཀྱི་ཁྲོད་ནས་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་དེ་མ་རེག་པ་ཡིན་ན་རྒྱ་ནག་ལ་དམིགས་བསལ་གྱིས་ངན་ཁག་དཀྲི་རྒྱུ་མི་འདུག་ག གཅིག་འདྲ་མ་རེད་དམ།

སྤྱིར་བཏང་བཤད་ན། ༸གོང་ས་ཐམས་ཅད་མཁྱེན་པ་ཁོང་གིས་ཀྱང་ཇོ་ནང་བ་ཚོར་ཁེ་དབང་དེ་ཐོབ་འོས་པར་གསུང་འདུག་པ་མ་ཟད། ས་སྐྱ་གོང་མས་ཀྱང་ཁོ་ཚོ་ལ་རྒྱབ་སྐྱོར་ཡིག་ཐོག་ནས་བྱུང་བས་འོག་གི་མི་དེ་ཚོས་ཅིའི་ཕྱིར་གོང་མ་དག་གི་ངག་ལ་མ་ཉན་པ་རེད། འདི་ནི་བསམ་བློ་རྗེས་ལུས་དང་ཕྱོགས་འཛིན་རང་ལུགས་པའི་བྱེད་སྟངས་ལས་ཅི་ཡང་མིན། གནས་ལུགས་ཀྱི་སྒང་ནས་བཤད་ན། ཕྱོགས་འཛིན་རིང་ལུགས་པའི་སྤྱི་ཚོགས་ལ་ནམ་ཡང་སྟོབས་ཤུགས་རྒྱས་མི་ཐུབ་པ་མ་ཟད། རྩོད་རྙོག་ལ་མཐའ་མེད་པས་འཐེན་འཁྱེར་དང་ཕྱོགས་རིས་ནི་སྒེར་གཞུང་གང་ཡིན་ཡང་མ་འོངས་པའི་བཀག་རྡོ་ལས་ཁེ་ཕན་ཅན་གྱི་བྱ་སྤྱོད་ཅིག་གཏན་ནས་མིན།

གསལ་བཤད།

Post navigation

Previous Post: ཁྱོད་ཀྱིས་གོ་སོང་སྙམ་ཡང་གོ་མེད་པའི་སྙན་ངག་ཅིག
Next Post: སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་དྲི་བ་གཅིག

Comments (2) on “ཇོ་ནང་ཆོས་བརྒྱུད་ཀྱི་མངོན་འདོད་བྱ་འགུལ་དང་གྲུབ་འབྲས།”

  1. བུ་ཆུང་ཆུང་། says:
    2015-10-11 at 1:39 pm

    ད་བར་ཇོ་ནང་ཚང་གི་དགྲ་མ་དང་དགྲ་མའི་གཞུང་ཚབ་སྒོ་སར་འདི་ལྟ་བུ་ལས་འགུལ་ཞིག་བརྩམས་ཨེ་མྱོང་། ཇོ་བསྟན་འདིར་མི་ཉམས་གོང་འཕེལ་བྱེད་འདོད་ན་རྟག་བརྟན་ཕུན་ཚོགས་གླིང་གྱང་མགོ་འུག་པའི་བབ། གྱང་རྩ་ཤྭ་བའི་ལྡག་ཟེར་བ་ལྟར་བྱེད་ནས་ལྷག་འདུག་པས་དེ་དག་ལ་ཅིའི་ཕྱིར་ཉམས་གསོལ་མ་བྱས་པ་རེད། ཇོ་ནང་པ་ལ་སྙིང་སྟོབས་དང་སེམས་ཤུགས་ཡོད་ན་རྟ་ར་ན་མཐའི་གདན་ས་འཁྲུ་ན་མ་དག་པ་དེ་རྡོ་ཕུང་ཞིག་གི་རྗེས་ཤུལ་ཙམ་ལས་མེད་པ་ལྷག་འདུག་པའི་དེ་མ་མཐོང་པ་ཨེ་རེད། དེ་དག་གི་ཆེད་དུ་ད་བར་ཀྲུང་དབྱངས་སྲིད་གཞུང་ལ་སྙན་ཞུ་ག་ཚད་འབུལ་མྱོང་ངམ། མདོ་ན་ཇོ་ནང་ཚང་གི་མིང་འདི་འཁྱེར་ནས་གོ་སྐབས་མ་འཚོལ་ན་ཡག་ནི་རེད། བལ་ཡུལ་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཚོ་མགྲོན་འབོད་བྱེད་ནས་ཁ་ལག་མཉམ་ཟ་མཉམ་མཐུང་བྱེད་མཁན་དེ་ཚོ་དྷ་ས་ཡོངས་ནས་གྲོས་ཚོགས་སྒོ་སར་གྱོད་གཏུགས་བྱེད་ཕོད་པའི་སྤོབས་པ་དེ་གང་ནས་རྙེད་པ་རེད་དམ།

  2. ཁུ་བྱུག says:
    2015-10-11 at 3:54 pm

    ཁ་ཡར་འཁྱེར་མར་འཁྱེར་ཚང་མར་༸གོང་ས་མཆོག་གི་མཚན་སྨྲོས་བཞིན་པའི་ལུགས་འདི་ལེགས་མཚན་དུ་མ་མཐོང་། ༸གོང་ས་མཆོག་གི་མཚན་རྩེད་ཆས་མིན། སྡུག་ལ་ཐུག་སྐབས་ཁོང་གི་མཚན་གླེང་རྐྱང་དང་། རང་ཉིད་སྐྱིད་ས་བདེ་ས་ཞིག་ལ་ཐོན་དུས། སོ་སོས་དཀའ་བ་སྤྱད་ནས་ཡོང་རབས་བཤད་ཀྱིན་པ་སོགས་ཀྱང་མགོ་བདེ་དྲན་འཕྲུལ་གྱི་མི་གཤིས་སམ་དེང་ཡིག་འབྲི་བ་ལ་ལས་སྤྱོད་བཞིན་པའི་༼མི་གཞི་༽གཏན་ནས་མེད་པ་དག་ཡིན།
    སྤྱིར་འདིར་བསམ་འཆར་མདོ་ཙམ་བཤད་ན། དཔལ་ཇོ་སྣང་བར་ཆོས་དོན་གྱི་མཛད་སྒོ་ཅི་ཡོད་ཆོས་བརྒྱུད་གཞན་དང་གཅིག་མཚུངས་འབུལ་རྒྱུའི་བཀའ་བཞེད་ཐོབ་ཀྱང་། ཡིན་ཅིག་སྤྱི་འཐུས་ལ་འཚང་དགོས་དོན། དཔལ་ཇོ་ནང་བའི་གསན་བསམ་སློབ་གཉེར་འཐུས་ཤོར་དུ་འགྲོ་བཞིན་ཡོད་དམ། ཡང་ན་མཚན་གནས་ཉམས་དམས་སུ་འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་གཞོན་ལྷན་གྱིས་བོད་སྤྱི་དོན་དང་། དཔལ་ཇོ་ནང་བས་རང་ཉིད་ཆེད་དུས་གཅིག་ཏུ་ས་གནས་མི་འདྲ་ཞིང་། དགོས་འདུན་མི་གཅིག་པའི་ཟས་བཅད་ལས་འགུལ་སྤེལ་ཏེ། དགོས་འདུན་གྲུབ་མེད་ནའང་ གུང་བྲན་ཏང་ལ་དགོས་པ་དེ་བྱུང་སོང་ཨང་་བསམ་བཞིན་སྐྱོ་སྣང་དང་བློ་ཕམ་ཚད་མེད་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme