Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཟེར་བ་སུ་རེད།

Posted on 2020-11-27 By ཁ་བརྡ 6 Comments on ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཟེར་བ་སུ་རེད།

རྟ་དབྱངས།
 
དེང་སང་གི་དུས་འདིར། དབྱིན་ཇིའི་མིང་ཚིག་མང་པོ་ཞིག་བོད་སྐད་དུ་གང་བྱུང་མང་བྱུང་དུ་བསྒྱུར་དང་སྒྱུར་མུས་སུ་འདུག ལ་ལས་དོན་སྒྱུར་བྱས། ལ་ལས་སྒྲ་སྒྱུར་བྱས། དེས་ན། དེང་སང་ཚ་ཚ་འུར་འུར་གྱིས་གླེང་མོལ་བྱེད་ཀྱིན་པའི་ཨ་རིའི་སྲིད་འཛིན་ལས་ཐོག་པ་ཌོ་ནལ་ཊོམ་དང་། གསར་འགྱུར་བརྒྱུད་ལམ་གྱིས་རྒྱལ་ཁ་སྤྲད་པའི་སྲིད་འཛིན་ཇཱོ་བྷ་ཌེན། ངོ་མས་སུ་ལའང་ད་དུང་རྒྱལ་ཁ་དེ་ཐོབ་ཀྱི་ཡོད་མེད་གསལ་པོ་མེད་པའི་དུས་འདིར། ཨ་རི་བས་ཁོང་ཚོའི་མ་འོངས་པའི་སྲིད་འཛིན་དེ། སུ་ལ་ཐོབ་པའི་རེ་བའི་ཉི་མ། ནམ་ཤར་ལ་རེ་སྒུག་གི་སྐབས་སུ། བོད་པ་ཚོས་ཧ་ཅང་རེ་འདུན་ཆེན་པོ་ཞིག་གིས། ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཞེས་ཁོང་ཚོའི་སྲིད་འཛིན་ལ་བོད་མིང་སྙན་པོ་རེ་བཏགས། ཕར་བལྟས་པ་ཙམ་གྱིས་བོད་མིང་ཞིག་ཏུ་སྣང་བ་ལས། ཨ་རི་བ་ཞིག་གི་མིང་ཡིན་པ་དེ་ཤེས་དཀའ། འོན་ཀྱང་། གོང་དུ་བསྒྱུར་བཞག་པའི་ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཞེས་པ་དེ་དོན་བསྒྱུར་དང་སྒྲ་བསྒྱུར་གང་ཡིན་ལ་མ་ལྟོས་པར་བོད་པས་ཁོང་གཉིས་ལ་གཅེས་མིང་དུ་བཏགས་པ་འདྲ། དེ་མ་ཟད་ད་དུང་དྲ་ལམ་ན་ཇཱོ་བྷ་ཌེན་དང་ཌོ་ནལ་ཊོམ་གཉིས་ལ་སྒྲ་བསྒྱུར་མང་པོ་ཡོད་པ་དེར་གཟིགས་པར་ཞུ།

ཇོ་བྷ་ཌེན། ཇཱོ་བྷ་ཌེན། རྗོ་བྷ་ཌན། འཇོའོ་ བྷལ་ཌན། འཇོ་བྷ་ཌན། – (Joe Biden) མིང་འདི་དག་ལས་ད་དུང་དེར་མ་འདུས་པའི་མིང་འབྲི་སྟངས་དེ་འདྲ་བཏགས་ཡོད་སྲིད། ཨ་རིའི་རླུང་འཕྲིན་དང་ཨ་ཤེ་ཡའི་རང་རླུང་འཕྲིན་ཁང་གཉིས་ཀྱིས་ཀྱང་མིང་ཚིག་མ་འདྲ་བ་གཉིས་འབྲི་བཞིན་ཡོད་པ་འདྲ། ཨ་རིའི་རླུང་འཕྲིན་གྱི་དྲ་ངོས་སུ་བྷ་ཌན་ཞེས་བྲིས་འདུག ཨེ་ཤེ་ཡ་རང་དབང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་འཚོ་ལགས་ཀྱི་ངོ་དེབ་རྒྱབ་ལྗོངས་ན་ཇོ་བྷ་ཌེན་ཞེས་བྲིས་འདུག

དེ་ནས་ཌོ་ནལ་ཊོམ། ཌོ་ནལ་ཊོམ་ཕུ། སྒྲོ་ནལ་ཁྲོའུ་རམ་ཕུ། ཁྲོམ་ཕི། ཁྲི་རོམ་ཕུ། ཌོམ་པུ། ཁྲུརམ་ཕུ། ཀྲམ་ཧྥི། དེ་བས། ཇཱོ་བྷ་ཌེན་བོད་སྐད་དུ་མིང་ཚིག་ལྔ་དང་ཌོ་ནལ་ཊོམ་ལ་མིང་ཚིག་མ་འདྲ་བ་བརྒྱད་འདུག མི་གཅིག་གི་མིང་ལ་མིང་ཚིག་མ་འདྲ་བ་འདི་ལྟར་ཡོད་ན། གལ་སྲིད། རྒྱ་ཁབ་འདྲ་མིན་དང་དེ་དག་གི་དཔོན་པོ། ཡང་ན་མི་སྣ་སྙན་གྲགས་ཅན་དང་། ཁྱབ་རྒྱ་ཤིན་ཏུ་ཆེ་བའི་གྷོ་གལ་དང་ཡུ་ཌོབ། མ་ཟད། ཉེ་འཆར་སྤྱི་ཟླ་བཅུ་གཅིག་གི་ཚེས་བཅོ་བརྒྱད་ཉིན་ཐོན་པའི་ཨ་རིའི་ཏོག་དབྱིབས་འགོག་སྨན་ཧྥི་ཛེར་(Pfizer) དང་དེ་མ་ཐག་ཉིན་བཞིའི་རྗེས་སུ་ཐོན་པའི་མཱོ་ཌེར་ན་( Moderna) ལྟ་བུ། མིང་གཞན་དེ་དང་དེ་འདྲ་བརྒྱ་ཐམ་པ་བསྒྱུར་རྒྱུའི་དབང་དུ་བཏང་ན།གོང་གི་ཇཱོ་བྷ་ཌེན་དང་ཌོ་ནལ་ཊོམ་གཉིས་ལ་མིང་ཚིག་བཅུ་གསུམ་འདུག དེ་ལྟར་བྱས་ན། མི་རིགས་གཞན་གྱི་མིང་ཚིག་བརྒྱ་ཐམ་པ་བསྒྱུར་བའི་དབང་དུ་བཏང་ན་གཅིག་སྟོང་སུམ་བརྒྱ་རེད། འགོག་སྨན་ཧྥི་ཛེར་གྱི་མིང་ཚིག་འདི་བོད་ཀྱི་དུས་བབ་སྟེང་ན་ཇི་ལྟར་བསྒྱུར་ཡོད་པ་དེ་ལྟར་འདི་རུ་བཀོད་པ་ཡིན། མཱོ་ཌེར་ན་ཟེར་བ་འདི་གཞན་དུ་བསྒྱུར་ཡོད་པ་མ་མཐོང་ནས་འདི་ལྟར་བསྒྱུར་ཡོད་པ་འདིར་ཞར་བྱུང་དུ་བཤད་པ་ཡིན་ནོ།།

དེ་འདྲ་ཡིན་ན་མིང་བརྒྱ་ལ་བརྒྱ་མ་གཏོགས་ལྷག་མ་གཅིག་སྟོང་ཉིས་བརྒྱ་མི་དགོས་པ་རེད། མིང་ལྷག་མ་གཅིག་སྟོང་ཉིས་བརྒྱ་དེས་ཕན་ཅི་ཞིག་ཐོགས། ཆུ་ཚོད་འཕྲོ་བརླག་ཏུ་བཏང་བ་མ་རེད་དམ། ཆུ་ཚོད་ནི་གསེར་ལས་ལྷག མི་མཁོ་བའི་མིང་ཚིག་གཅིག་སྟོང་ཉིས་བརྒྱ་དེ་སྦྱོང་བ་ལས་མིང་ཚིག་གསར་པ། དགོས་མཁོ་ཆེ་བ། ཕན་ཐོགས་པོ་དེ་འདྲ་གཅིག་སྟོང་ཉིས་བརྒྱ་སྦྱང་ན་ཕན་ཁེ་མེད་དམ།

དེས་ན། བོད་སྐད་དུ་དོན་སྒྱུར་དང་སྒྲ་སྒྱུར། སྙན་དང་མི་སྙན་དེ། སྒྲུང་ཞིག་ལ་མཚོན་ན་དོན་སྒྱུར་བྱས་ན་སྙན་པོ་དང་ཀློག་མཁན་གྱི་ཡིད་སེམས་འགུག་པའི་ནུས་པ་ཡོད་ཅིང་། མི་མིང་ཡིན་ན་སྒྲ་སྒྱུར་བྱས་ན་ལེགས་པ་དང་ཁྱབ་རྒྱ་ཆེན་པོ་འདུག་མོད་ཀྱི། ད་དུང་ངོ་དེབ་དང་ཏོག་དབྱིབས་ནད་དུག སྐད་འཕྲིན་དང་མགྱོགས་འཕྲིན། ཐད་གཏོང་དང་ཐད་སྒྱུར་སོགས་ལ་གཞིགས་ན་དོན་བསྒྱུར་བྱས་འདུག་ལ་དོན་ལའང་འཁེལ་འདུག་སྙམ།

དེར་བརྟེན། དེ་རིང་གི་བཤད་འདོད་པ་ནི། མིང་ཚིག་འདི་ཚོའི་སྐོར་ལ་བསམ་བློ་ཞིབ་མོ་ཞིག་དང་། དཔྱད་ཞིབ་ནན་མོ་ཞིག་མེད་པར་སེམས་ལ་གང་ཤར་དང་ཁ་ནས་གང་ཐོན་ཞིག་བསྒྱུར་ན་དོན་ངོ་མས་བོད་སྐད་ཀྱི་སྐུ་ཚེ་ཡུན་རིང་བརྟན་དང་མི་བརྟན་བཤད་དཀའ་བ་དང་། རྒྱལ་ཁབ་གཞན་དང་གཞན་དག་ཚོས་འདི་འདྲའི་ཕྱོགས་ལ་ཇི་འདྲ་བྱེད་ཀྱིན་གདའ། ང་ཚོས་ཀྱང་དེ་འདྲ་བར་བསམ་གཞིགས་ནན་མོ་ཞིག་དང་འབྲས་བུ་གཡུར་དུ་ཟ་བ་ཞིག་ལ་བརྩོན་པ་བསྐྱེད་ན་རེད།

ཕྲན་གྱིས་ཀྱང་འདི་ལྟར་བྱེད་ཀྱིན་ཡོད་ལ། དེ་ལྟར་སྒྲུབ་ཀྱིན་ཡོད་པ་སྟེ།

གོང་དུ་བརྗོད་ཟིན་པ་ཇཱོ་བྷ་ཌེན་དང་ཌོ་ནལ་ཊོམ་ཟེར་བའི་མིང་ཚིག་འདི་གཉིས་ལ་མཚོན་ན་མི་སྣ་མང་པོར་སྐད་ཆ་དྲིས། དྲ་ཚིགས་མང་པོར་བལྟས་ཡོད། དེས་བས། ཨེ་ཤེ་ཡའི་གསར་འགོད་པ་ལྕགས་མོ་འཚོ་ལགས་ཀྱིས་ཌོ་ནལ་ཊོམ་ཕུ་ཟེར་གྱིན་འདུག་ལ་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་ཌོ་ནལ་ཊོམ་ཟེར་གྱིན་འདུག གོང་ན་མང་པོ་ཞིག་བསྒྱུར་ཡོད་པའི་ནང་ནས། བདག་ལ་མཚོན་ན་ཌོ་ནལ་ཊོམ་དང་ཌོ་ནལ་ཊོམ་ཕུ་གཉིས་ལེགས་ཤོས་སུ་མཐོང་སོང་བས། ད་ནས་བཟུང་བདག་གིས་ཀྱང་འདི་ལྟར་འབྲི་ངེས།ཡིན་ན་ཡང་གཅིག་གིས་ཕུ་བྲིས་འདུག གཅིག་གིས་ཕུ་བྲིས་མི་འདུག ཕྲན་གྱིས་བལྟས་ན་དེ་གཉིས་ལ་དོན་དག་རེ་འདུག་བསམ། ཁ་ཤས་ཀྱིས་མིང་ཆ་ཚང་འབོད་ཀྱིན་ཡོད།དཔེར་ན་ཌོ་ནལ་ཊོམ་(Donald Trump) ཟེར་གི་ཡོད། ཡང་ལ་ལས་མིང་རྗེས་མ་གཅིག་པོ་འབོད་ཀྱིན་ཡོད། དཔེར་ན་(Trump) ཟེར་གི་ཡོད། དེ་འདྲ་ཡིན་པའི་དབང་དུ་བཏང་ན་ཕུ་ཟེར་བའི་ཚིག་དེ་བོད་སྐད་དུ་ཌོམ་ཕུ་ཟེར་གི་ཡོད་པ་འདྲ།

མཐར་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་འཚོས་བྲིས་པའི་ཌོ་ནམ་ཊོམ་ཕུ་དང་། རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་བྲིས་པའི་ཌལ་ནལ་ཊོམ་ཟེར་བའི་མིང་ཚིག་འདི་གཉིས་ཡག་པོ་བསྒྱུར་འདུག་པས་བཀའ་དྲིན་ཆེ་ཞུ། ཡིན་ན་ཡང་། གསར་འགོད་པ་དང་རྩོམ་སྒྲིག་པ་ཡིན་ཚད་ལ་ཡིད་གཏོད་བྱ་མི་རུང་སྟེ། ཀྲམ་ཧྥི་ཟེར་བའི་མིང་འདི་ལ་གཟིགས་དང་། གོ་དཀའ་བ་དང་སྒྲ་གདངས་གསལ་པོ་མེད་པ། འདི་འདྲ་ཞིག་ཇི་ལྟར་བསྒྱུར་བ་ཡིན་ནམ། ཞིབ་རྟོགས་ཡག་པོ་མེད་པ། ཡང་ན། དེར་བརྟག་དཔྱད་གཏོང་བའི་དུས་ཚོད་མ་བྱུང་བ། དུས་ཐོག་སྐབས་ཐོག་ལ་བསྒྱུར་མ་ཐུབ་པ་བྱུང་ན། མིང་ཚིག་གང་ཞིག་བསྒྱུར་དུས། མ་ཚིག་དེ་རང་དེ་གར་སྒོར་ཐིག་ཞིག་གི་ནང་དུ་བཞག་ནས་ཁོམ་སྐབས་དང་བསྟུན་ནས་བསྒྱུར་ན་མི་ལེགས་སམ། སྒྱུར་མཁན་ཁོ་ཡིན་ན་བོད་ཀྱི་དེ་ཕོའི་རྩོམ་སྒྲིག་པ་རེད། མ་ཤེས་པ་དེ་འདྲ་རྩ་ནས་ཡིན་རྒྱུ་མ་རེད།དུས་ཚོད་ཀྱིས་ཁོམ་ལོང་མ་བྱུང་བ། ཡང་ན་སྣང་མེད་དང་ལས་འགན་མ་འཁུར་བ་གང་ལྟར་ཀྱང་རྩོམ་སྒྲིག་པ་ཞིག་ཡིན་ན། རྩོམ་སྒྲིག་པའི་འགན་ཁུར་རྒྱུ་དེ་ཧ་ཅང་གནད་འགག་ཞིག་དང་། ལས་ག་རེ་བྱས་ནའང་། བྱ་བ་གང་ཞིག་བསྒྲུབ་ནའང་སྤུས་ཀ་དང་རྒྱུ་ཆ་ནི་ཕུགས་ཡུན་དང་། ཁ་ལས་དགེ་བར་འབྲེལ་བ་ཤིན་ཏུ་ཆེ་བས། ཡིད་འཇགས་ཡོད་པ་འཚལ་ལོ། །

2020/11/17

བསམ་ཚུལ།

Post navigation

Previous Post: མཚོ་རླུང་གིས་སྐྱོ་བ་མི་སོད།
Next Post: དུང་དཀར་ཚིག་མཛོད་ལས་འབྱུང་བའི་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ལ་དཔྱད་པ།

Comments (6) on “ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཟེར་བ་སུ་རེད།”

  1. བོད་ལ་དགའ། says:
    2020-11-29 at 5:12 am

    ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཟེར་ན་ལེགས་པར་འདོད། བོད་པ་ཚོའི་སེམས་སུ་འཛིན་པར་མཆོག

  2. བདེ་འཇགས་ཕོ་ཉ། says:
    2020-11-29 at 3:34 pm

    རྒྱོ་འབར་ལྡན་ལབ་ན་ལེགས། ཁོའི་ཞི་ལི་རྔོན་པ་འབར་ལྡན་ནི་རང་གི་ཚ་མོ་ལའང་རྒྱོ་རྒྱག་མཁན་ངར་བ་ཞིག་རེད། དེ་བས་རྒྱོ་འབར་ལྡན་ལབ་ན་ཤིན་ཏུ་མཛའ།

  3. 阿桑歌 says:
    2020-12-06 at 11:44 pm

    ཐ་སྙད་གཅིག་གྱུར་བཟོ་རྒྱུ་ནི་གལ་ཆེ། རྟ་དབྱངས་ཀྱིས། སྒྱུར་སྟངས་འཁྱམ་པོ་ལྡོམ་པོ་མང་པོ་ཞིག་བབལ་འཚོལ་གྱིས་གཅིག་ཏུ་སྤུངས་ནས་སོ་སོའི་བསམ་ཚུལ་བཏོན་པ་སོགས་དཀའ་ལས་བརྒྱབ་འདུག བཀའ་དྲིན་ཆེ།

  4. 阿桑歌 says:
    2020-12-06 at 11:46 pm

    ཐ་སྙད་གཅིག་གྱུར་བཟོ་རྒྱུ་ནི་གལ་ཆེ། རྟ་དབྱངས་ཀྱིས། སྒྱུར་སྟངས་འཁྱམ་པོ་ལྡོམ་པོ་མང་པོ་ཞིག་བཙལ་འཚོལ་གྱིས་གཅིག་ཏུ་སྤུངས་ནས་སོ་སོའི་བསམ་ཚུལ་བཏོན་པ་སོགས་དཀའ་ལས་བརྒྱབ་འདུག བཀའ་དྲིན་ཆེ།

  5. མུན་སེལ་མ says:
    2020-12-07 at 1:05 am

    བསམ་ཚུལ་ཡང་དག་རེད། རྒྱབ་སྐྱོར་ཡོད།

  6. Tsultrim Gyaltso says:
    2020-12-08 at 10:04 am

    རྟ་དབྱངས་ལགས་ཀྱི་བསྒྱུར་ཚུལ་ཧ་ཅང་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme