Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇི་བཞིན་བརྗོད་པའི་རྩོམ་ཨེ།

Posted on 2015-07-282015-07-28 By ཁ་བརྡ 4 Comments on ཇི་བཞིན་བརྗོད་པའི་རྩོམ་ཨེ།

ཅོག་མྱི།

 
བོད་ནས་སློབ་གྲྭར་འགྲོ་མྱོང་མཁན་དང་རྒྱ་ནག་གི་རྩོམ་གྱི་འབྲི་སྟངས་ལ་ཆ་རྒྱུས་རོབ་ཙམ་ཡོད་མཁན་ཞིག་ཡིན་ན་ཇི་བཞིན་བརྗོད་པའི་རྩོམ་ཞེས་པའི་ཟེར་སྲོལ་འདི་ལ་རྣ་རྡིབ་ཏུ་གྱུར་ཡོད་སྲིད།
ཇི་ཞིག་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིན། སྒྲུང་རྩོམ་ཞེས་བྱ་བ་ནི་རྟོག་བཏགས་དང་སྣང་གྲག་རིག་གསུམ་ལ་རྩོམ་མཁན་གྱི་དགའ་མོས་དང་ཆུ་ཚད་ལྟར་ཇི་བཞིན་བྲིས་པ་ཞིག་ལ་ཟེར། ལ་ལ་ནི་དངོས་ཡོད་ལས་བྱུང་བ་དང་ལ་ལ་ནི་བློ་ལས་བསླངས་པ་ཡིན། ལ་ལ་ནི་འདྲེས་མ་ཡིན། དེ་ལ་རིགས་རྒྱ་མཚོའི་ཆུ་ཐིགས་ལྟར་མང་བས་བགྲངས་ཀྱིས་མི་ལངས་སོ།།

འཛམ་གླིང་རྩོམ་མཁན་ཁྱུ་ཚོགས་ཀྱི་ཁྲོད་ནའང་ཆབ་སྲིད་འཐབ་རྩོད་ཀྱི་ཀླད་རྙིང་མང་བོ་བདོག་པས་དེ་དག་གི་དགའ་མོས་དང་ཁེ་ཕན་ལྟར་རྩོམ་རིག་ལ་འོལ་ཚོད་ཀྱིས་གྲལ་དང་རིམ་པ་དབྱེ་བ་མ་གཏོགས། རྩོམ་ཁོ་རང་སྟེང་ན་གྲལ་རིམ་དང་རིགས་ཞེས་པ་དབྱེ་ཤིན་ཏུ་དཀའ། ཁོ་བོ་སློབ་གྲྭར་འགྲིམས་དུས་རྩོམ་ལུས་ཤུགས་ཆེ་ཤོས་དེ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་༼ལོ་བརྒྱའི་དབེན་གནས།༽༼Cien años de soledad༽ ཞེས་པ་དེ་དང་ནོ་པེལ་རྩོམ་རིག་བྱ་དགའ་ཟེར་བ་དེ་ཡིན། དེའི་དུས་ཀྱི་མིག་རྒྱ་ཆེར་མེད་པའི་བོད་ཀྱི་རྩོམ་པ་པོ་དེ་དག་གི་ཁ་ནང་གི་སྐྱབས་འགྲོ་སེམས་བསྐྱེད་ཀྱང་དེ་ཡིན།

ཁོ་བོས་ཀྱང་ལོ་གཞོན་ཞིང་ཤེས་རྒྱ་དོག་པས་དེ་དག་གི་རྗེས་སུ་འབྲངས་ནས་རྩོམ་ལུས་དེ་ནང་བཞིན་རྩོམ་ཡིག་རེ་འགའ་བྲིས་ནས་དགའ་ཀྲོག་ཀྲོག་བྱས་མྱོང་། མི་ཚེ་ཐུང་ཐུང་འདི་རྨི་ལམ་སད་ལ་ཁད་ཅིག་དང་འདྲ། ཡིན་ནའང་སད་མེད། ད་ལྟར་གློ་བུར་དུ་སད་དུས་རྩོམ་རིག་ལ་གྲལ་རིམ་དབྱེ་བ་ནི་མི་མངོན་པའི་དབྱིངས་ན་གནས་པའི་མངའ་བདག་དག་གི་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞིག་ཡིན་པ་གཞི་ནས་ཚོར། མངའ་བདག་དེ་དག་གིས་བརྗོད་ལས་འདས་པའི་རྩོམ་གཡོག་མང་པོ་དབང་དུ་མནན་ཡོད། ཀྱེ་མ་ཧོ། དོན་དམ་པར་རྨི་ལམ་རྨིས་ཡོད་དུས་རང་ཉིད་བྲན་གཡོག་ཏུ་གྱུར་ཟིན་ཏོ།

ང་ཚོ་བོད་ཀྱི་རྩོམ་རིག་ལ་ཕྱིའི་ཤུགས་རྐྱེན་དང་ནང་གི་རྨོངས་མུན་ལས་རང་གི་ཁྱད་ཆོས་ཟེར་བ་ཞིག་གཞི་ནས་ཡལ་ཟིན། དེའི་མངོན་རྟགས་ནི་ང་ཚོར་གླིང་གེ་སེར་ལྟ་བུ་ཞིག་ད་ལྟ་འབྲི་ཐུབ་ཀྱིན་མེད་ལ་བཙན་པོ་ཟེར་བ་ཞིག་ད་ལྟ་ཡོང་རྒྱུ་མེད་པ་དེ་ཡིན།
མདོར་ན་རྩོམ་ཐམས་ཅད་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིན་ལ། རྩོམ་ལ་རིགས་དང་དབྱེ་བ་དགར་བ་ནི་རྩོམ་པ་པོའི་བསམ་བློ་དང་ཤེས་ཡན་འཆར་རྟོག་དབང་དུ་འདུ་ཆེད་ཡིན།

རྩོམ་རིག

Post navigation

Previous Post: གྲང་དམག་གི་ལོ་རྒྱུས།
Next Post: ཚན་རིག་པ་ཆེན་མོ་ཨབ་དྷུ་ཀ་ལམ་གྱི་ལོ་རྒྱུས་མདོར་བསྡུས།

Comments (4) on “ཇི་བཞིན་བརྗོད་པའི་རྩོམ་ཨེ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2015-07-28 at 2:51 am

    རྩོམ་ཐུང་དོན་འདུས་ཅན་ཞིག་སྤེལ་འདུག འདི་ནི་ལམ་སྟོན་རང་བཞིན་ཅན་ཞིག་དང་། བློ་སྒོ་འབྱེད་བྱེད་ཅིག་རེད། ཚང་མས་བསམ་ཚུལ་ལྷུག་པོར་བརྗོད་ནས་མུ་མཐུད་བགྲོ་གླེང་བྱེད་འོས་པར་མཐོང་།

  2. ཅོག་མྱི། says:
    2015-07-29 at 1:48 am

    གྲོགས་བཟང་བོ་ལྷ་སྡེ་བདེ་མོ། བཙན་བྱོལ་གྱི་རྩོམ་རིག་པ་ནང་ཇི་བཞིན་བརྗོད་པའི་རྩོམ་ལུས་ཀྱི་བྱུང་རིམ་དང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་རྩལ་དག་ཤེས་མཁན་ཉུང་ཉུང་རེད། ཁོང་ཚོས་ཨ་མེ་རི་ཀ་གླིང་གི་ལོ་རྒྱུས་ཤེས་ནའང་དེའི་སྐོར་གྱི་རྩོམ་མཆོག་ལ་དོ་སྣང་མེད། བོད་ཀྱི་རྩོམ་པ་པོ་ཚོས་རྩོམ་མཆོག་དེ་དག་ཨ་ཞང་ཚང་གི་བཀའ་དྲིན་ལས་ཀློག་པའི་སྐལ་བ་ལྡན་ནའང་ཨ་ཞང་ཚང་གིས་ལོ་རྒྱུས་དངོས་མ་བསྟན་མེད་པས་ལོག་ལམ་ལ་ཕྱིན་པ་མང་། ཁྱེད་དང་ང་ལྟ་བུ་རྩོམ་པ་པོ་ཕྱོགས་གཉིས་ཀར་ཆ་རྒྱུས་ཡོད་པ་ཉུང་ཉུང་རེད། དེ་ཕྱིར་བོད་ཕྱི་ནང་གི་འབྱུང་འགྱུར་བ་ཚོར་དམིགས་ནས་སྐུ་ཉིད་ཀྱིས་སྒྲུང་རྩོམ་རེ་འབྲི་རྒྱུ་ནི་བདག་གི་རེ་བ་ཡིན།

  3. ཅོག་མྱི། says:
    2015-07-29 at 1:57 am

    ལོ་གཉིས་གསུམ་གྱི་སྔོན་ལ་དགེ་འདུན་རབ་གསལ་དང་གདན་སའི་དགེ་བཤེས་རེ་འགའ་སྐྱ་བརྒྱབ་ནས་ཨ་རིའི་རྩོམ་རྒན་༼བགྲེས་པོ་དང་རྒྱ་མཚོ།༽༼the old man and the sea༽༼老人与海༽བོད་ཡིག་ལ་བསྒྱུར་ཡོད་པ་དེ་ཀློག། དགེ་འདུན་རབ་གསལ་དངོས་གནས་བཙན་བྱོལ་བའི་རྩོམ་པ་པོ་ཞིག་ཏུ་གྱུར་ཟིན། ཁོང་གིས་ཞབས་འདེགས་ཞུས་སའང་བཙན་བྱོལ་བའི་རྗེས་རབས་པ་ཁོ་ན་ཡིན་པའི་སྣང་བ་བྱིན་སོང་། ང་ཚོས་རྩོམ་རྒན་འདི་རིགས་འབྲི་བའམ་བསྒྱུར་དུས་རྒྱ་ཆེ་བའི་གཞིས་ལུས་ཀློག་མཁན་དག་ནམ་ཡིན་ཡང་དམིགས་འབེན་དང་བོར་འཇོག་དགོས། གང་ཡིན་ཞེ་ན། བོད་ཀྱི་རྩོམ་རིག་གི་གསོན་ཤུགས་དང་མེ་རོ་བཙན་བྱོལ་ལ་བྲོས་མེད་པས་སོ། 

  4. ཅོག་མྱི། says:
    2015-07-29 at 2:03 am

    ཀློག་དེ་བཀླགས་ལ་བཅོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme