Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།

Posted on 2015-06-182015-06-18 By ཡེ་ཤེས་ 10 Comments on ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།

ཀླུ་སྨྱོན།

 
རྒྱང་རིང་དུ་འཐེན་པའི་ནག་ཐིག་དེ་ནི་ཇ་རྟ་གནའ་ལམ་རེད། ལམ་དེའི་སྟེང་དུ་ཁྱོད་ཀྱི་མེས་པོ་གོང་མ་ཚོའི་རྣམ་ཤེས་དང་ཟུངས་ཁྲག ད་དུང་མིག་ཆུ་དང་སྐྱོ་གདུང་ཡང་འཐིམས་ཡོད། སྐད་ཆ་འདི་དག་མི་སྣ་སུས་དུས་ཚོད་ནམ་ཞིག་ལ་བརྗོད་པ་གསལ་བོ་མི་དྲན་ཅིང་། གནའ་ལམ་འདིའི་སྟེང་དུ་ཉིན་རྒྱུན་འཐིབ་པའི་ས་རྡུལ་སྐྱ་བོ་དེ་ཁོ་ན་ངའི་དྲན་འཛིན་གྱི་མེ་ལོང་ཆེན་པོ་དེའི་ངོར་བབས་འདུག
སྒེའུ་ཁུང་གི་ཕྱི་རོལ་དུ་དབྱར་ཟླ་དྲུག་པའི་ལྗོན་ཤིང་དང་མེ་ཏོག་གི་མཛེས་སྡུག་འབར་བཞིན་ཡོད་ལ། སེམས་གཏིང་གི་ཁྲོན་པ་དེའི་ནང་དུ་ལྕེབས་ཟིན་པའི་མི་གཤིན་པོ་དེ་དག་ཀྱང་རེ་ཞིག་ཟང་ཟིང་གི་བར་དོའི་གྲོང་ཁྱེར་གྱི་ཆང་ཁང་རེ་རེའི་ནང་ར་འདམ་འབག་འདྲ་བ་རེ་བཟི་བསྡད་ཡོད་ལས་ཆེ། ཉེ་ཆར་བཀླགས་པའི་སྙན་ངག་རིང་མོ་དེའི་ཁ་བྱང་གསལ་བོ་ཞིག་མི་དྲན་ལ། ཉེ་ཆར་གྲོགས་པོ་ཞིག་གིས་ལེགས་སྐྱེས་སུ་ཉོས་པའི་ཀུ་ཤུའི་ལག་འདོག་ཆུ་ཚོད་དེ་ཡང་དེ་འདྲའི་ཡ་མཚན་སྤྱད་ཅིག་མ་ཡིན།
གྲོགས་པོ་རེ་ཟུང་གནམ་གྲུར་བསྡད་ནས་རྒྱ་གར་བྱང་ཕྱོགས་སུ་སྤྲོ་ཚོགས་ཆེན་པོ་ཞིག་ལ་བསྐྱོད་སོང་ལ། གྲོགས་པོ་ལ་ལ་མི་ལོ་ཉི་ཤུ་རྩ་གྲངས་རིང་བསྐྱོད་མ་ཐུབ་པའི་ཕ་ཡུལ་དུ་འགྲོ་རྒྱུ་རེད། ཁོ་ཚོས་ཚོང་ཁང་ཆེན་པོ་འདྲ་མིན་ཉུལ་ཏེ་རྒྱ་ནག་ནས་ཐོན་པའི་ཅ་ལག་གོང་ཆུང་ཆུང་འདྲ་མིན་ཞིག་གཉེན་ཉེ་ཚོར་ལེགས་སྐྱེས་ཀྱི་ཆེད་དུ་ཉོ་གི་རེད། དེ་ནི་ང་ལ་འབྲེལ་བ་ཅི་ཡང་མེད་པ་ཞིག་སྟེ། ངས་སྟོན་ཁའི་ལོ་འདབ་བཞིན་སེར་པའི་ཡུལ་ལྗོངས་ཤིག་ཏུ་རི་མོ་སྙིང་རྗེ་བོ་ཞིག་འཁྱོངས་སོང་ན་དེ་ལས་ལྷག་པའི་སེམས་ཁམས་གསོ་སྤྱད་ཅི་ཡང་མེད།
རེད་ཡ། ལོ་བརྒྱད་ཅུ། ཚེ་ཐག་རིང་པོར་བགྲངས་པ་རེད། ཡིན་ན་ཡང་དེང་སྐབས་ཀྱི་ངའི་ཕོ་ལོ་བཞི་བཅུར་ཕྱིར་འདང་རེ་བརྒྱབ་ན་མི་ལོ་བརྒྱད་ཅུ་ཡང་རིང་རྒྱུ་ཐུང་རྒྱུ་མེད་པའི་ཐིག་ཤིང་རྙིང་པ་ཞིག་རེད།
ངས་བརྗེད་གྲབ་འདུག ཉེ་ཆར་ཁྱོད་ཚོས་དགེ་ཆོས་དང་སེང་རྡོར་གཉིས་ས་བསྡུར་རྡོ་བསྡུར་བྱས་པ་མ་ཡིན་ནམ། ཐ་ན་བྲེལ་བ་ཤིན་ཏུ་ཆེ་བའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཀྱང་དོན་རྐྱེན་འདི་གླེང་འདུག དོན་དག་འདི་ངས་ཀྱང་ཐེངས་ཤིག་གླེང་མྱོང་། ནག་ཉེས་ཡོད་ན་ང་ལ་ཡང་འགྲམ་ལྕག་རེ་འབབ་ན་ཐང་།
གསར་འགྱུར་འདུག ལྷོ་ཁེ་རོ་ལེ་ན་ཞིང་ཆེན་དུ་མི་དཀར་ན་གཞོན་རོ་ཧྥུ་ཟེར་བ་ཞིག་གིས་ཡེ་ཤུའི་ལྷ་ཁང་ནང་གསོལ་བ་འདེབ་བཞིན་པའི་མི་ནག་དགུ་ལ་མེ་མདའ་བརྒྱབ་ནས་བསད་པའི་དོན་རྐྱེན་ཆེན་པོ་ཞིག་བྱུང་སྟེ་གསར་འགྱུར་བརྒྱུད་ལམ་ཚང་མ་ནས་ཚ་ཚ་འུར་འུར་དུ་གླེང་བཞིན་འདུག
རི་མོ་འབྲི་མགོ་བརྩམས་པ་ནས་བཟུང་ངའི་མཐོང་སྣང་ཚང་མ་འགྱུར་སོང་། ཤིང་སྡོང་ཚོའི་ལོ་མ་འགུལ་སྟངས་དང་ཞོགས་པའི་ཉི་འོད་རྩྭ་ལྗང་གི་སྟེང་དུ་འཕྲོ་སྟངས། སྤྲིན་པའི་གསེང་ནས་དགོང་ཁའི་ཉི་འོད་རྒྱ་མཚོའི་ངོས་སུ་གསེག་སྟེ་འཕྲོ་ཚུལ། གྲོང་གསེབ་པའི་ཁང་རྙིང་དང་བ་ལང་ཚོའི་གྲིབ་གཟུགས། ཚང་མ་གསར་པ་གསར་རྐྱང་དུ་གྱུར་འདུག རི་མོ་འབྲི་བ་ཡང་མ་གཞི་ནས་གཏིང་ཟབ་པའི་སྒོམ་སྒྲུབ་ལ་འཇུག་ཚུལ་ཞིག་རེད། དཔེར་ན་སྙན་ངག་བཞིན།
ས་རྡུལ་འདི་དག་ཡ། ཇ་རྟ་གནའ་ལམ་གླེང་རྒྱུ་བརྗེད་ན་མི་འགྲིགས། བོད་པ་ཚོར་ཐ་སྙད་འདི་གསར་པ་ཞིག་རེད། དཔེར་ན་དར་གོས་ཚོང་ལམ་བཞིན། གཟི་དང་བྱུ་རུ་མ་གཏོགས་བོད་པ་ཚོས་དོ་སྣང་དེ་ཙམ་མི་བྱེད། དེ་ནི་ཁོ་ཚོའི་ཁྱད་ཆོས་ཤིག་གམ་རིག་གཞུང་ཞིག ཐ་ན་ཞན་ཆ་ཞིག་ཀྱང་ཡིན་སྲིད་མོད། ཁོ་ཚོས་དེར་སྣང་བ་ཅི་ཡང་མི་གཏོད། དཔེར་ན་དགུང་ཁའི་ཉི་འོད་མ་ཎི་ཁང་གི་རྩིགས་ངོས་སུ་འཕྲོས་པ་བཞིན།

ལྷུག་རྩོམ།

Post navigation

Previous Post: བཀྲ་ཤིས་གྱ་སྟོན། ༼གླུ་གཞས།༽
Next Post: བོད། བར་སྲིད་ན་བརྐྱངས་པའི་འཕྲང་ལམ་དོག་མོ།

Comments (10) on “ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།”

  1. ཅོག་མྱི། says:
    2015-06-19 at 12:31 am

    སློབ་གྲྭ་འགྲིམས་དུས། རྒྱ་ནག་གི་སློབ་གྲྭར་ཡོད་པའི་ངའི་གྲོགས་པོ་དང་ཉེ་དུ་ཞིག་གིས་ཇ་རྟའི་གནའ་ལམ་གླེང་སོང་། རྒྱ་ནག་གིས་ཇ་ཡིས་བོད་རྟ་བརྗེ་ནས་བོད་ལ་བཙན་འཛུལ་བྱས་རབས་ལབ་སོང་མོད་དོ་སྣང་ཆེ་ཞིག་མ་བྱུང་། ས་མཐའ་ནས་བསྡད་ཡུན་རིང་དྲགས་པས་ད་ཀླུ་སྨྱོན་གྱིས་ངའི་དྲན་ངོགས་ན་བག་ལ་ཉལ་བའི་དོན་དེ་བསླངས། ཇ་རྟའི་གནའ་ལམ་ནི་༼སེམས་གཏིང་གི་ཁྲོན་པ་དེའི་ནང་དུ་ལྕེབས་ཟིན་པའི་མི་གཤིན་པོ་དེ་དག་ཀྱང་རེ་ཞིག་ཟང་ཟིང་གི་བར་དོའི་གྲོང་ཁྱེར་གྱི་ཆང་ཁང་རེ་རེའི་ནང་ར་འདམ་འབག་འདྲ་བ་རེ་བཟི་བསྡད༽ལམ་འདི་ལ་བརྟེན་ནས་ང་ཚོས་རྨི་ལམ་སྣ་ཚོགས་ཞིག་རྨིས། དོན་སྙིང་ལྡན་པའི་སྙན་རྩོམ་གྱིས་ཡིད་དབང་འཕྲོག

  2. ལྗང་བུ says:
    2015-06-19 at 5:07 am

    ཇ་རྟ་གནའ་ལམ་ཟེར་བའི་མིང་འདི་སྔར་ནས་ཡོད་ཡོད་པ་ཞིག་རེད་ཡང་ན་གསར་པ་ཞིག་རེད་ལགས།འདི་མཁྱེན་མཁན་ཡོད་ན་ལྗགས་ལན་ཞིག་གསུང་རོགས།

  3. སྤོབས་པ་མཐའ་ཡས། says:
    2015-06-19 at 5:20 am

    ལྗང་བུ་ལགས། བོད་ཡིག་གི་སྟེང་དུ་འདི་འཁོད་ནས་ལོ་མང་པོ་ཞིག་སོང་མེད་པ་འདྲ། ཡིན་རྒྱུ་དེ་གཡའ་རྔན་(སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་གཡག་རྔ་ཞེས་འབྲི་དགོས་གསུངས་འདུག་)ནས་ལྷ་སའི་བར་གྱི་ལམ་དེ་ལ་གོ་གི་ཡོད་པ་འདྲ། ཉེ་ཆར་གློག་བརྙན་ཞིག་ཀྱང་བཟོས་འདུག་བསམ་སོང་།

  4. སྤོབས་པ་མཐའ་ཡས། says:
    2015-06-19 at 5:32 am

    ཁམས་པའི་ཚོང་པ་ཆེ་ཁག་ཚོས་གཡའ་རྔན་ནས་ཇ་ཉོས་ཏེ་རྒྱ་གར་གྱི་བཀའ་བློན་སྦུག་བར་དུ་བསྐྱལ།་དེ་ནས་རྒྱ་གར་གྱི་ཇ་ལག་ཉོས་ཏེ་རྒྱ་ཡུལ་གྱི་ཁྲིན་ཏུ་ཐག་ཉེ་བའི་གཡའ་རྔན་བར་དུ་ཕར་འགྲོ་ཚུར་ཡོང་དང་། རྒྱུ་ཟོག་དངོས་རྫས་བརྗེ་རེད། རིག་གནས་དར་སྤེལ་བྱས་ནས་ལོ་ངོ་སྟོང་ཕྲག་འགོར་ཡོད་ཚུལ་ཞིག་བསྒྲགས་བསྡད་གི་འདུག ཇ་ལམ་དང་ཇ་རྟའི་ལམ་ཟེར་བ་དེའི་སྐོར་ལ་ལོ་རྒྱུས་དེབ་འདྲ་བོ་ཡག་པོ་བྲིས་ཡོད་ས་རེད་བསམ་གི།

  5. ཀླུ་སྨྱོན། says:
    2015-06-19 at 11:58 am

    ང་ལ་མཚོན་ན་ཇ་ཚོང་ལ་བརྟེན་ནས་ས་མིང་འདོག་ཚུལ་ཞིག་རང་གི་སྐྱེས་ཡུལ་དུ་ཡོད་པ་ཙམ་ལས་གཞན་མི་ཤེས། ངའི་སྐྱེས་ཡུལ་གྱི་ལུང་པ་ཞིག་གི་མིང་ལ་ཇ་བ་ཟེར་ཞིང་སྔོན་ཆད་ཚོང་པ་མང་པོས་ཇ་ལན་ཆེན་ལན་ཆུང་མང་པོ་གཡག་དང་རྟ་ལ་བཀལ་ནས་ས་ཆ་གཞན་དུ་སྐྱོད་དུས་གནས་སྐབས་འདུག་ས་ཞིག་ཡིན་ལུགས་ཟེར།

  6. ལས་རླུང་། says:
    2015-06-19 at 9:52 pm

    ཀླུ་སྨྱོན་སྒྱུ་རྩལ་གྱི་འཇིག་རྟེན་ལ་ཕེབས་ནས་རང་ཉིད་བོར་བའི་སྙན་ངག་གི་ཁེར་གླུ་ཉན་སྤྲོ་བོ་བླངས་འདུག་ཀྱང་། ལྗང་བུས་མི་ཡུལ་གྱི་དྲི་མ་འགོ་ཆོག་པའི་དྲི་བ་ཞིག་བཏོན་ནས་སྤོབས་པ་སོགས་ཀྱང་སྡོད་དུ་བཅུག་མི་འདུག་པ་མ་ཟད། ཀླུ་སྨྱོན་ཡང་གློ་བུར་ལ་ངའི་སྐྱེས་ཡུལ་ཟེར་བའི་ས་ཆ་དྲི་མ་ཅན་དེར་གདན་འདྲེན་ཞུས་འདུག གང་ལྟར་ཟ་མ་ཞིམ་པོ་ཞིག་ལྟ་བུའི་རྩོམ་ཡིག་དེར་ལན་ཚྭ་མང་དྲགས་པ་ལྟ་བུའི་མཆན་བུ་རེ་བཏབ་འདུག

  7. ཀརྡོ་གཉེར་ཕྱག་པ་ says:
    2015-06-20 at 7:20 am

    གནའ་བོའི་ལམ་གྱི་བརྫད་འཆོལ་བསླུས་གསུམ་ནི། །
    ་
    རྒྱ་ནག་ཆོ་ལོས་བླ་སྤྲུལ་བརྫད་དང་གཅིག །
    རྒྱ་ནག་རྒྱུ་རྔན་སྐུ་དྲག་འཆོལ་དང་གཉིས། །
    རྒྱ་ནག་ཇ་དར་བོད་དམངས་བསླུས་དང་གསུམ། །
    རྒྱ་བོད་ཆོས་ཡོན་འབྲེལ་བའི་ངན་ཕྱོགས་གསུམ། །
    ་
    དིང་གི་བརྫད་འཆོལ་བསླུས་གསུམ་ངོས་ཟིནད་ཏམ། །

  8. ཀརྡོ་གཉེར་ཕྱག་པ་ says:
    2015-07-12 at 5:14 am

    ཚན་རིག་ལྟར་ན། ལོ་གསུམ་ཁྲི་ལྔ་སྟོང་སྔོན་ལ་བོད་ལ་མིའི་འགྲོ་བ་སླེབས་ནས་ཡུལ་གཞན་དུ་མཆེད་ཚུལ།
    https://www.facebook.com/businessinsider/videos/vb.20446254070/10152823614039071/?type=2&theater

  9. ཀརྡོ་གཉེར་ཕྱག་པ་ says:
    2015-07-15 at 6:11 am

    འབྲུག་མཐོང་བ།
    https://www.facebook.com/tseringkey/videos/vb.100000297822721/982879798398605/?type=2&theater

  10. དྲི་མེད་ལྷག་བསམ། says:
    2015-07-15 at 11:00 am

    (ཇ་རྟ་གནའ་ལམ་)བོད་ཡིག་དུ་འཁོད་ནས་ཡུན་རིང་སོང་མེད།(茶马古道) རྒྱ་ནག་གི་ཚིག་ཇི་བཞིན་བསྒྱུར་བ་རེད། བོད་སྐད་དུ། རྒྱ་ནག་གི་དགེ་སློང་མཁས་པ་(法尊)ཆོས་འཕགས་ཀྱིས་བོད་སྐད་དུ། ཤར་པའི་ཇ་ལམ་དང་། རྒྱ་ཤར་པའི་ཇ་ལམ། ཇ་ལམ་ཞེས་འབོད་སྲོལ་མི་འདྲ་བ་ཁ་ཤས་འདུག་ཅེས་ལོ་༦༠་སྔོན་བོད་སྐད་སློབ་དེབ་དུ་བྲིས་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme