Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཞེས་པའི་ཡི་གེ་དེ་བྲི་ནོར་ཐེབས་སོང་བ་འདྲ།

Posted on 2013-04-202013-04-20 By ཁ་བརྡ་ 25 Comments on ཆོས་ལུགས་ཞེས་པའི་ཡི་གེ་དེ་བྲི་ནོར་ཐེབས་སོང་བ་འདྲ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

དོན་ངོ་མའི་ཐོག་ནས་བཤད་ན། ཆོས་ལུགས་ཞེས་པའི་ཡི་གེ་དེ་བྲི་ནོར་ཐེབས་སོང་བ་འདྲ། དོན་དུ་མཆོར་ལུགས་ཞེས་བྲི་དགོས་པ་ཡིན་ཏེ། གང་ཡིན་ཟེར་ན། རྨོངས་དད་པ་ཁྱུ་མཚོ་ཙམ་གྱི་མདུན་ཕྱོགས་སུ་བསྡད་དེ་མགོ་བདེ་ལྕེ་གཉིས་པའི་གཏམ་མཆོར་པོ་དང༌། རྫིག་པོ། ཁ་ཤོབ་ཆུ་ཡི་ཝུ་བ་དང༌། ལག་ལེན་གསེར་གྱི་ཐིགས་པ་རྐྱང་རྐྱང་བྱས་ནས་ད་ལྟའི་བར་དུ་དུས་ཚོད་འཁྱོལ་སོང་བ་རེད། ཡིན་ནའང་གངས་ཅན་པའི་བུ་རྒོད་ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཞེས་པའི་བརྩམས་ཆོས་དེ་དྲ་ཐོག་དང༌། དེབ་གཟུགས་ནང་དུ་ཐོན་པ་ནས་བཟུང་སྟེ། མཆོར་ལུགས་པ་སྤྱི་དང༌། བྱེ་བྲག་ནང་ཆོས་རིང་ལུགས་པའི་སྔོ་ལོ་ཡོད་ཚད་འཕྱར་སོང་བ་ནི་མངོན་གསལ་དོད་ཤོས་ཤིག་རེད། དཔེར་ན། དྲ་རྒྱ་འདིར་མཆན་རྒྱག་མཁན་ལྟ་བུ་ལ་མཚོན་ན། ཟས་རབ་དང་འཐུང་རབ་དང༌། སོང་རབ་དང་བཅོམ་རབ། རྒྱོས་རབ་དང་འཁྲབ་རབ་སོགས་བཀོད་པའི་རྩོམ་ཞིག་ཡོད་ན། མཆན་བུ་བརྒྱ་ཕྲག་བརྒལ་བ་ཡོང་གི་ཡོད་ཀྱང༌། དངོས་ཡོད་ཆོས་ལུགས་ཀྱི་སྐྱོན་མཚང་བརྟོལ་བའི་རྩོམ་ཞིག་བཀོད་ཚེ། རྩོམ་པ་པོ་ང་ཡིན་ཟེར་མཁན་རྣམ་པ་ནི། སྨྲ་མེད་བརྟུལ་ཞུགས་ཀྱི་སྤྱོད་པ་བཟུང་སྟེ་ཆེས་སྔོན་མའི་གྲས་སུ་གབ་ལ་ཞ་འགྲོ་བ་དེ་ཡང༌། མཆོར་ལུགས་ཚོང་སྒྱུར་གྱིས་ཁྲོམ་རར་ཇུས་ཉེས་ཚབས་ཆེན་ཕོག་སོང་བའི་བདེན་དཔང་རྗེན་གཅེར་དུ་མངོན་པ་ཞིག་ལོས་སྙམ་ལ།
དེ་མིན་དྲ་རྒྱ་འདིར་ལྟ་ཀློག་བྱེད་པ་པོ་གཙོ་བོ་བན་དེ་དང༌། བོན་པོའི་རིང་ལུགས་འཛིན་པ་རྣམས་རང་རང་གི་ཆོས་ལུགས་དེ་ལ་ཤི་འཐམ་རོ་འཐམ་གྱི་ཞེན་འཁྲིས་ཙམ་མིན་པར་ལུང་རིགས་གཉིས་ཀྱི་སྒོ་ནས་རྒྱུ་མཚན་ཡང་དག་ཅིག་བསྙད་དུ་ཡོད་ཚེ། མནའ་བོའི་གཏམ་དཔེར། རྟ་ཕོ་ལ་རྒྱུག་འགྲོས་ཡོད་ན། །བྱང་ཐང་གི་རྩྭ་ཐང་སྟོང་པ་རེད། །ཅེས་པ་བཞིན་ཡིན་པར་བརྟེན། གང་ཟག་སྒེར་པ་ཞིག་ལ་ཚིག་རྩུབ་ཀྱིས་དུག་མདའ་ཁོ་ན་འཕེན་བཞིན་བག་ཞུམ་ཝ་མོའི་སྤྱོད་ཚུལ་མི་སྐྱོང་བར། དུས་རབས་ཉེར་གཅིག་པའི་ཚན་རྩལ་དང་མཐུན་པ་སྟོབས་ལྡན་སེངྒེའི་མཆེ་སྡེར་ངོམས་སའི་གོ་སྐབས་སྐྲུན་ཡོད་ན། བན་བོན་གྱི་ཆེན་པོར་རློམ་པ་ཡོངས་རྫོགས་འཚང་ཁ་ཤིག་ཤིག་གི་ངང་དུ་དངོས་རྩོམ་དང༌། མཆན་བུ་གང་མང་སྤེལ་རྒྱུར་ངང་སྒུག་ཞུ་བཞིན་པའི་རེ་བ་ཆུད་གཟོན་དུ་མི་སྟོང་བ་ཞུ་ཞུ།།

རྩོམ་རིག

Post navigation

Previous Post: གཡའ་རྔན་མཁར་གྱི་ས་ཡོམ་དོན་རྐྱེན་ལ་མྱ་ངན་ཞུ།
Next Post: ཆང་ཕོར་ས་ལ་བརྡབས་པ།

Comments (25) on “ཆོས་ལུགས་ཞེས་པའི་ཡི་གེ་དེ་བྲི་ནོར་ཐེབས་སོང་བ་འདྲ།”

  1. བན་དེ་བ། says:
    2013-04-21 at 12:46 am

    བཀླགས་ཡིན་ཆ་ཚང། ཁྱེད་ནས་གལ་ཆེའི་རྩོམས་ཁག་ཅིག་བཀོད་གནང་བར་ཀློག་བཞིན་ཡོད། འོན་ཀྱང་སྔོན་མར་ཁྱེད་ཀྱིས་དགག་ཡིག་བཟོ་འདྲ་བོ་མང་པོ་ཞིག་བྲིས་སོང་འོན་ཀྱང་་་གུག་རྟགས་མང་བ་དང་ཁ་ཅིག་དང་རང་ལུགས་གཞན་ལུགས་ཀྱི་རྣམ་པ་གསལ་པོ་མེད་ཙང་མཆན་བུ་འགོད་པར་དེ་གར་ལུས། ཧི་མ་ལ་ཡའི་འཕྲུལ་སྨྱུག་ལགས། ཚ་བ་མདའ་སྨྱུག་གིས་བྲིས་པའི་རྩོམ་དེབ་བམ་ཡང་ན་ཁོངས་གིས་བརྩམས་པའི་རྩོམ་གྱི་རིགས་གང་འདྲ་བྱེད་དེ་ང་ལ་ཐོབ་ཐུབ་བམ། གལ་ཏེ་ཁྱེད་ཀྱི་གློག་ཀླད་ནང་རྩོམ་དེ་རིགས་ཡོད་ན་ང་བསྐུར་གནང་ཐུབ་བམ། དང་པོ་ཕ་རོལ་པོར་འགོག་པར་བྱེད་པ་ལ་ཕ་རོལ་གྱི་གནས་ལུགས་ཆ་ཚང་ཞིག་ཡིད་ལ་ཤར་བ་ཞིག་དགོས་དེ་མིན། བོད་ཀྱི་གཏམ་དཔེར། ཕ་རོལ་འདོད་པའི་ནམ་མ་ལངས་པར། དགག་པའི་ཉི་མ་ཅི་ལ་ཤར། ཟེར་བ་ལྟར་དང་པོ་ཕ་རོལ་གྱི་འདོད་པ་ཧ་གོ་བར་བྱེད་པ་ནི་གནད་ཀྱི་གདམས་པ་ཞིག་ཡིན།

  2. ཁྲོ་གཏུམ། says:
    2013-04-21 at 1:27 am

    རྩོམ་པ་པོ་ལགས། མནའ་བོའི་གཏམ་དཔེ་ཞེས་བའི་་མནའ་་དེ་ནི་ཡིག་ནོར་རེད་ལ། ཡང་ན་དེ་ནི་གནའ་ཡིག་ཞིག་རེད།

  3. དབང་འདུས། says:
    2013-04-21 at 2:26 am

    ལགས་སོ། ལོག་རྟོག་གི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། ཁྱོད་ཀྱིས་བསམ་ཚུལ་དེ་ལྟར་ན། ཉོན་མོངས་དགྲ་རྣམས་མ་ལུས་འཆོལ་བ་དང་། །ངན་འགྲོའི་སྲིད་ལ་སྐྱེལ་བ་གང་ཡིན་པ། །འཆོལ་སྐྱེལ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་ཀུན་གྱི་ལུགས་ལ་ཡོད། །ཅེས་བསྒྱུར་ཏེ་རྒྱན་དྲུག་མཆོག་གཉིས་སོགས་ཁྱོད་ཀྱི་རྣམ་དཔྱོད་ཀྱི་ཆ་ཤས་ཕྲ་མོ་ཙམ་ཡང་མེད་པ་རྣམས་ལ་དགག་པ་རྒྱོབ་དང་དོན་མཐུན་དུ་འགྱུར་བར་ཐེ་ཚོམ་ཅི་དགོས།།

  4. ལེགས་བཤད། says:
    2013-04-21 at 4:11 am

    ཚ་བ་མདའ་སྨྱུག་གིས་བྲིས་པའི་རྩོམ་དེ་ཚོ་ནི་འབེན་མ་མཐོང་བར་མདའ་འཕེན་པ་ཤ་སྟག་རེད། གར་ཕོག་ལ་ངེས་པ་མེད་པས་ལོག་རྟོག་སྙིང་སྟོབས་ཟེར་ན་ཆོག་གི །འབེན་མཐོང་ནས་མདའ་འཕེན་མཁན་ཡོད་ན་གླེང་སྟེགས་འདིར་ཐོན་ཞོག་དང་ཆོས་ལུགས་ཀྱིས་བཤད་སྟངས་དང་འགྲིག་མིན་བསྡུར་ཆོག །ཆོས་བྱེད་མི་སྣའི་གཟུགས་བརྙན་ལས་ཆོས་ལུགས་དེ་དཔོག་པར་འདོད་པ་ནི་གཡག་སྣ་ཁུ་ཚུར་གྱི་དཔེ་ལས་མ་འདས་པས། ད་བར་དྲ་ཐོག་ཏུ་ཕེབས་མཁན་ཚང་མས་བྲིས་པ་ངང་ཚུལ་དེ་འདྲ་རེད། ཨ་ཕའི་མགོ་ལ་སྟ་རེ་འཕྱར་མཁན་གྱི་ཚ་བ་འདམ་སྙིགས་པས་མི་ཤེས་ཤེས་མདོག་གི་སྙིང་སྟོབས་ལ་འཕྲུལ་སྨྱུག་ཁྱོད་ཀྱིས་ཆོས་ལུགས་ཀྱི་སྐྱོན་མཚང་བརྟོལ་བར་བསམས་ན་ནི་གད་མོ་ཤོར་དགོས་པ་རང་རེད། གཞི་བདེན་པ་གཉིས་ལ་སྐྱོན་མཚང་ག་རེ་འདུག །ལམ་ཐབས་ཤེས་གཉིས་ལ་སྐྱོན་མཚང་ག་རེ་འདུག །འབྲས་བུ་སངས་རྒྱས་ལ་སྐྱོན་མཚང་གང་འདུག་འཕྲུལ་སྨྱུག་ཁྱོད་ཀྱིས་རྣམ་དཔྱོད་ཀྱི་མིག་ཕྱེ་ནས་བལྟས་མྱོང་ངམ། །སྐྱོན་འདི་དང་འདི་འདུག་ཅེས་འདིར་འགོད་རོགས། ང་ཚོས་བལྟ་འདོད་ཆེན་པོ་ཡོད།

  5. བོད་ལ་ཞེན། says:
    2013-04-21 at 4:43 am

    ཤ་ཚ། ཚ་བ་མདའ་སྨྱུག་ལ་ངན་གྲགས་ཏོག་ཙམ་ཐོབ་ཙང་། དེ་འདྲ་བ་ཞིག་ཆགས་ན་སྙམ་ཏེ་དཀའ་ལས་ཞེ་དྲག་རྒྱག་ནས་རྩོམ་མང་པོ་བྲིས་ཁུལ་བྱས་ཀྱང་ཀློག་མཁན་དང་མཆན་འབྲི་མཁན་རག་མ་སོང་། ད་གློག་དང་དངུལ་ཆུད་ཟོས། མིག་དང་ལག་པ་ན་རོགས་རེད། ཁ་བརྡའི་ས་མ་བཀག་རོགས། ཁ་བརྡ་ནང་རྩོམ་གསར་པ་དང་གནས་ཚུལ་གསར་པ་ཞིག་ཨ་ཡོད་སྙམ་ནས་རེ་རེ་བལྟ་དུས། གསར་པ་གང་ཡང་མེད་པ་ཁྱོད་ཀྱི་སྨྱོ་གཏམ་མང་པོ་དེ་མཐོང་དུས་ཁ་བརྡ་ཀློག་མ་འདོད་པ་ཡོང་གི་འདུག

  6. བསྟན་འཛིན་རྒྱལ་པོ། says:
    2013-04-21 at 5:18 am

    འཕྲུལ་སྨྱུག་ཁྱོད་བདེན། “ཆོས་”ཞེས་པའི་ཚིག་དེ་“འཆོས”་པ་ལས་བྱུང་བ་རེད། དེ་མིན་བོད་རང་གི་སྐད་དུ་“ཆོས་”ཞེས་པའི་སྒྲ་བཤད་བློར་ཤར་བ་ཞིག་ཕལ་ཆེར་མི་བརྙེད། ཆོས་པ་ཚོས་“ཆོས་”ཞེས་པའི་བྱུང་ཁུངས་ལེགས་སྦྱར་ཀྱི་དྷར་མ་ཞེས་པ་དེ་རེད་ཟེར། འོ་ན་དྷར་མ་སྒྲ་བསྒྱུར་དུ་བོད་སྐད་ཆོས་ཞེས་པར་གོ་ཐུབ་བམ་སྙམ་ན་ཤིན་ཏུ་བརྗོད་དཀའ། རྒྱུ་མཚན་ནི་“དྷར་མ”ཐད་བསྒྱུར་བོད་སྐད་དུ་“འཛིན་པ་”ཟེར། དེ་ཚོའི་གོ་དོན་རྒྱས་པར་དཀྲོལ་མི་དགོས་ཀྱང་འཛིན་པ་ནི་དམིགས་པ་སྟེ་ལུས་སེམས་གཉིས་ཀྱིས་སྒོ་གང་ནས་ཞི་བདེ་དང་ཐར་པར་“དམིགས་པ”ཞིག་ལ་གོ་དགོས་པར་སྙམ།

  7. དོན་ཡོད་མཁས་གྲུབ། says:
    2013-04-21 at 5:20 am

    ཧི་མི་ལ་ཡའི་འཕྲུལ་སྨུག་ལགས་ཁྱེད་ཀྱིས་དེ་སྔོན་སྤེལ་བའི་རྩོམ་ཡིག་ཁག་གི་བརྗོད་བྱ་ནི་ཚ་བ་མདའ་སྨྱུག་གི་རྩོམ་ཡིག་ལ་དགག་སྒྲུབ་བྱས་པ་ལྟ་བུ་ཞིག་འདུག ཡིན་ནའི་ད་ཐེངས་ཀྱི་འདི་མདའ་སྨྱུག་གི་རྩོམ་ཡིག་ལ་རྒྱབ་སྐྱོར་བྱས་པའི་བཟོ་འདྲ་ཞིག་འདུག དོན་དངོས་ཁྱེད་རང་གིས་ག་རེ་འབྲི་གི་ཡོད་མེད་གསལ་པོ་རྩ་བ་ནས་མི་འདུག

  8. རྒྱ་ཞིང་མྱི་དཀར says:
    2013-04-21 at 5:58 am

    འཕྲུལ་སྨྱུག་ཟེར་བ་འདི་ཤ་ཚ་བ་ལ་དངོས་ཡོད་དང་བདེན་པ་གང་ཡིན་རེའི་སུ་མ་འཕྱེ་བར་ད་རུང་ཆོས་ལུགས་ལས་འཆོར་ལུགས་ཡག་མདོག་དད་གུས་དང་དད་མཆོད་རྨོངས་དད་ཆོས་སྨྲ་དང་ཆོས་གཞུང་དམན་སར་རང་རྩོམ་དང་རང་ཉིད་ཁྱབ་སྒྲག་བན་བོན་དང་གྲུབ་མཐའི་རྩོད་རྙོག་སོགས་མང་པོ་ཞིག་བཤད་འདུག་མདོར་་ན་འཆོར་བོ་དང་རྫིག་པོ་ཁོ་རང་གིས་བྲིས་འདུག གྲོགས་པོ་ཚ་བ་མདའ་སྨྱུག་གིས་ཆོས་ལུགས་ཆོས་སྨྲ་ཚང་མ་ལ་དགག་པ་དང་དམན་སར་སྡུག་སྨྲས་བཏང་བ་ལ་ཧང་སང་བ་དང་ཧ་ལས་བ་ཅི་ཡོད་གང་ཡང་མེད་སྒོ་ཁྱིས་སྐད་རྒྱབ་ན་དེ་ལ་དབྱུག་པ་བཟོང་ནས་རྒྱུག་དགོས་དོན་མེད་གལ་སྲིད་སྒོ་ཁྱིས་ནང་མི་ལ་རྨུག་་ན་དེ་ནི་སྒོ་ཁྱི་ལ་ན་ཚ་ཤུགས་ཆེན་པོ་ཞིག་ཡོད་བའི་རྟགས་རེད་མ་གཏོགས་ནང་མི་སྐྱོ་བས་ག་ལ་ཡིན་དེ་ཐབས་གཞན་མེད་ཁྱིམ་འཚེས་སང་གི་ཁྱི་སྨྱོ་འཕྲུལ་སྨྱུག་ལ་ཐབས་འདྲ་ཡོད་ན་གཏོང་རོགས །

  9. ཀརྡོ་གཉེར་ཕྱག་པ་ says:
    2013-04-21 at 6:27 am

    ་་་་་་ ཁ་བརྡའི་ས་མ་བཀག་རོགས། ཁ་བརྡ་ནང་རྩོམ་གསར་པ་དང་གནས་ཚུལ་གསར་པ་ཞིག་ཨ་ཡོད་སྙམ་ནས་རེ་རེ་བལྟ་དུས། གསར་པ་གང་ཡང་མེད་པ་ཁྱོད་ཀྱི་སྨྱོ་གཏམ་མང་པོ་དེ་མཐོང་དུས་ཁ་བརྡ་ཀློག་མ་འདོད་པ་ཡོང་གི་འདུག ་་་་་་ཟེར་བ་འདི་བདེན་རང་རེད་མི་འདུག་གམ།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-04-21 at 6:28 am

    ཧི་མ་ལ་ཡའི་འཕྲུལ་སྨྱུག་འདི་ལྟ་བ་ལོག་པ་ཅིག་རེད་འདུག འོནད་ཀྱང་དམ་ཉམས་ཅིག་མིན་པའི་རེ་བ་ཡོད།

  11. གནམ says:
    2013-04-21 at 6:37 am

    སོ་སོའི་བློ་ལ་མི་འཚམས་ན་ནང་བསྟན་ཆོས་ལུགས་མ་ཡིན་པའི་ཁ་ཆེ་དང་ཡི་ཤེ། ཧུན་རྡུ་དང་ཇུའུ་སོགས་ཆོས་གང་དང་གང་ལ་རང་སོ་སོ་ཞུགས་རྐྱང་རེད། ཡང་ན་ཆོས་མེད་དུ་འཚོ་བ་སྐྱལ་ན་ཡང་འགྲིག་གི་རེད། སྟབས་ཡག་པ་ཞིག་ལ་གཞན་ཆོས་དང་མ་འདྲ་བར་ནང་བསྟན་ཆོས་ལུགས་ཀྱིས་རང་མོས་ཀྱི་འདོད་པ་ལ་བཞག་ཡོད་པ་རེད།
    རང་བློ་དང་མི་འཚམས་པ་རྒྱུ་མཚན་དུ་བྱས་ནས་ནང་ཆོས་ལ་ཁ་གཏོང་དགག་སྒྲུབ་ཀྱིས་གཞན་ལ་རྒྱུད་སྐུལ་བྱེད་པ་ནི་ཆེས་མི་འོས་བ་དང་འདིའི་སྐོར་ལ་ནང་བསྟན་ཆོས་དད་ཅན་ཚོས་རང་སྲོག་ཚུན་ཆད་གཏོང་དགོས་པའི་བདག་བཟུང་དང་ཡིད་ཆེ་བྱེད་དགོས་པ་རེད།

    བོད་ཕྲུག་སྐྱག་ཟན་འགས་གཞན་གྱི་དད་སྟོབས་དང་ཡིད་ཆེ་ལ་རྒོལ་རྡུང་བྱེད་པར་ལངས་ཤོར་དུ་གཏོང་མི་ཉན།
    ང་ལྟ་བུས་ཆོས་དོན་མི་རྟོག། ཡིན་ན་ཡང་། ཆོས་ལུགས་ཆོས་བ་སུ་ཞིག་ཡིན་པ་ཡིན་ན་ཡང་། དེའི་དད་སྟོབས་དང་ཡིད་ཆེ་ནི་སྐྱེས་བོ་རེ་རེ་ལ་ཐུག་པའི་ཐག་གཅོད་ཞིག་ཡིན་པ་གསལ་གསལ་ཐང་ཐང་དུ་མཁྱེན་ཡོད།

  12. གཙན་ནག་པ། says:
    2013-04-21 at 6:51 am

    ཧི་མ་ལ་ཡི་འཕྲུལ་སྨྱུག་གིས་འདས་པའི་དུས་ཚོད་གང་མཚམས་གཅིག་ནང་བོད་པའི་སྤྱི་ཚོགས་ནང་སྐད་གྲགས་ཞིག་ཐོབ་རེ་བཅང་ཏེ་འབད་བརྩོན་གང་ཡོད་ཀྱི་ཚ་བ་མདའ་སྨྱུག་ལ་དགག་རྩོམ་བྲིས་ཏེ་ཁ་བརྡ་དྲ་བའི་ནང་མང་པོ་སྟོན་སོང་། འོན་ཀྱང་ཆོས་ཕུ་ནས་རྫོགས་པས་ནུས་པ་ཡོད་པའི་རྩོམ་ཡིག་ཞིག་རྩ་བ་ནས་སྤེལ་མ་ཐུབ་པས་སྐད་གྲགས་ཆགས་རྒྱུའི་ཚབ་ལ་མི་རྣམས་ཉོབ་སྣང་སྐྱེས། འོན་ཀྱང་ད་ཆ་འཕྲུལ་སྨྱུག་གིས་ཁ་ཕྱོགས་བསྒྱུར་ཏེ་མདའ་སྨྱུག་ལ་རྒྱབ་བསྐྱོར་གྱི་ཆོས་ལུགས་ལ་དམའ་འབེབས་ཀྱི་ངོ་བོར་བསྒྱུར་བཞིན་འདུག ཧ་ཧ་འཕྲུལ་སྨྱུག་ཁྱེད་རང་དེ་འདྲའི་སྐད་གྲགས་དགོས་ཀྱི་ཡོད་ན་ཁྱེད་ཀྱིས་ཨ་མ་ལ་གཅིག་གཡབ་དང་སྐད་གྲགས་ངེས་པར་ཆགས་ངེས། ཧཧཧཧ

  13. གཡུ་ཐོག་བུ། says:
    2013-04-21 at 9:11 am

    ཆོས་ལུགས་ལ་རྒོལ་བ་ནི་རང་ཉིད་ཀྱི་སྐེར་ཐག་པ་འདམ་པ་དང་གཉིས་མེད་རེད། གང་ཡིན་ཞེ་ན། བོད་མི་རིགས་ལ་མཚོན་ན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འདུ་ཤེས་འོག་མི་རིགས་འདི་འཚོ་གནས་ཐུབ་ཡོད་ཅིང་། སླད་ཕྱིན་རེ་བའི་གསོན་ཤུགས་བསྟེར་ཡོད། རྩོམ་པ་པོའི་དམིགས་ཡུལ་ཆ་མི་འཚལ་ཡང་ཀོ་རློན་ཞ་མོས་རང་མགོ་འཁོར་ན་དགའ་ཨང་སྙམ།

  14. ཉེར་གཅིག་པའི་ཅོང་བརྡ། says:
    2013-04-21 at 9:31 am

    ཁ་བརྡས་ཅིའི་ཕྱིར་སྐད་ཆ་རྫོར་པོ་འདི་འདྲ་མི་འགོག་གམ། ང་ཚོའི་སྤྱི་ཚོགས་ནང་ལ་སྐད་ཆ་རྫོར་པོ་འདི་དག་མི་དགོས།

    ༼ཧ་ཧ་འཕྲུལ་སྨྱུག་ཁྱེད་རང་དེ་འདྲའི་སྐད་གྲགས་དགོས་ཀྱི་ཡོད་ན་ཁྱེད་ཀྱིས་ཨ་མ་ལ་གཅིག་གཡབ་དང་སྐད་གྲགས་ངེས་པར་ཆགས་ངེས། ཧཧཧཧ༽

  15. ཅོག་མྱི། says:
    2013-04-21 at 11:05 am

    སྙིང་སྟོབས་ལ་ཡི་རང་ཡོད།
    ཕུགས་བསམ་ལ་རྒྱབ་སྐྱོར་ཡོད།
    རིག་པ་ལ་ཡིད་ཆེས་མེད།
    ལག་ལེན་ལ་མོས་མཐུན་མེད།

  16. རྩེ་རྒྱལ says:
    2013-04-21 at 3:37 pm

    ང་ཚོས་ཚ་བ་མདའ་སྨྱུག་གི་དེབ་དང་རྩོམ་ཡིག་ཀློག་རྒྱུ་ངང་སྒུག་བྱས་ཡོད། ང་ཚོ་ཕྱི་སྡོད་མི་སྣ་ཞིག་ཡིན་སྟོབས་ད་བར་ཚ་སྨྱུག་གིས་བྲིས་པ་གང་ཡང་མཐོང་ཐུབ་མ་སོང་། ལྷན་རྒྱས་སུ་གང་ཞིག་གིས་ཚ་སྨྱུག་གི་རྩོམ་ཡིག་ཡོད་པའི་བོད་དྲ་མཁྱེན་པ་ཡོད་ན་ང་ཚོར་ངོ་སྤྲོད་མཁོ་འདོན་ཡོང་བའི་རེ་འབོད་ཞུ་ཞུ།

  17. རྩེ་རྒྱལ says:
    2013-04-21 at 3:41 pm

    ཚ་བ་མདའ་སྨྱུག་གི་རྩོམ་ཡིག་མཁོད་པའི་དྲ་ཚིགས་ངོ་སྤྲོད་ཡོང་བར་ཅི་ནས་ཀྱང་མཁྱེན་མཁྱེན་ཞུ་ཞུ།

  18. སྤོབས་པ་མཐའ་ཡས། says:
    2013-04-21 at 3:50 pm

    ངས་ཚ་བ་མདའ་སྨྱུག་གིས་བྲིས་པ་དེ་བཀླགས་པ་ཡིན། ཁོ་རང་ལ་ལྟ་བ་དང་ཁ་ཕྱོགས་ཟེར་ན་ཅང་མེད་པ་འདྲ། སུན་ཅི་ཕྱིན་འདྲ་བ་ཞིག་ལས་ཚིག་དོན་གང་ཐད་ནས་སེམས་ལ་གཡོ་འགུལ་གཏོང་ནུས་པ་ཞིག་ནི་ཅང་མཐོང་མ་སོང་། དེ་ལ་བལྟས་ན་ཞགས་དུང་གིས་བྲིས་པའི་ཤེས་ཡོན་ཅན་གྱི་སྐོར་གླེང་བ་དེ་ཚོ་ལ་ངོ་མ་གོ་རྒྱུ་འདུག་བསམ་སོང་།

  19. མེ་ཏོག་དཀར་པོ says:
    2013-04-21 at 4:35 pm

    ༡༡ གནམ་འདིས་དེ་རིང་ངའི་བསམ་ཚུལ་དང་གཅིག་པ་བྲིས་འདུག ཨ་ཁྱད་མཚར། ནམ་རྒྱུན་ངེད་གཉིས་་་་

  20. མེ་ཏོག་དཀར་པོ says:
    2013-04-21 at 4:45 pm

    ཆོས་ཡག་པོ་མིན་འདུག་ན་མ་བྱེད་ན་འགྲིག་གི་རེད། ཆོས་དད་རང་མོས་རེད་དོ།། “མི་ཟ་ཁ་ལ་དུག་”ལྟ་བུ་མ་རེད་ད།
    ངས་ཁ་སང་ཞིག་ནས་འཕྲུལ་སྨྱུག་འདི་ལ་ཁ་བརྡའི་ནང་སྐྱག་པ་གཏོང་མཚམས་ཞོག་ཟེར་བློ་བཟང་སེངྒེའི་ལུགས་ལྟར་བརྡ་ལན་གསལ་པོ་ཞིག་བཏང་པ་ཡིན།

  21. གསེར་འབྲུག་སྡེར་ལྔ་ says:
    2013-04-21 at 5:33 pm

    ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་བཀློག་འདོད་ཡོད་རིགས། སྐུ་ཉིད་ལ་ipad ཡོད་ཚེ་www.tibetanebook.com/ ཞེས་པའི་དྲ་ཚིགས་འདི་བརྒྱུད་ནས་རང་གི་ibook ནང་ནང་འདྲེན་བྱས་ན་བཀླག་ཐུབ།

    མ་གཞི་ཚ་བ་མདའ་སྨྱུག་གིས་ལོག་རྟོགས་སྙིང་སྟོབས་༡༨ པ་དེ་ཡག་པོ་བྱས་ན་གཟིགས་དང་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་མང་པོ་འདུག། ལར་ནས་ལྷ་ཆོས་རིང་ལུགས་པ་ཚོས་མི་འདོད་པའི་རྣམ་འགྱུར་དེ་ཅི་ཁག་གྲུབ་མཐའི་ཞེན་ཁོག་དང་རང་གི་ལྟོ་གོས་གཏམ་གསུམ་གྱི་སྐྱོན་ཚང་ཡོད་ཚད་ནམ་མཁར་འཕྱར་བ་དེས་ནད་མི་ཐེག་པ་ཡོང་སྲིད་པ་རེད། ང་ལ་མཚོན་ན་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་གནས་སྟངས་ཆེད་སྤམ་བཤད་དང་། སྤམ་མདོག། ཡིན་མདོག་བྱེད་རྒྱུ་དེ་དགའ་རྒྱུ་ཆེར་མེད།

  22. བཀྲ་ཤིས་ says:
    2013-04-21 at 6:29 pm

    ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ།
    འདི་དག་ལྟ་བའི་དུག་གསུམ་ཡིན།

  23. གནམ says:
    2013-04-21 at 9:07 pm

    མེ་དཀར་ལགས།
    ངས་ཁྱེད་ཀྱི་བསམ་ཚུལ་དང་གཅིག་པ་བྲིས་འདུག་པ་དེ་ཡག་པོ་རེད། དེ་ནི་ང་ཁྱོད་ཀྱི་ཡོན་ཚད་དང་ཐག་ཉེ་སར་སླེབ་པའི་ངའི་ཡར་རྒྱས་མ་རེད་པེ། ཧ་ཧ།

  24. བན་དེ་བ། says:
    2013-04-21 at 9:18 pm

    གསེར་འབྲུག་སྡེར་ལྔ་ལགས་ངས་ཧི་མ་ལ་ཡ་ཡི་འཕྲུལ་སྨྱུག་ལ་རེ་འདུན་ཞུས་པ་དེར་ཁྱེད་ནས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། ངས་འཚོལ་བཞིན་ཡོད་པས་རྙེད་པའི་རེ་བ་ཡོད།

  25. མེ་ཏོག་དཀར་པོ says:
    2013-04-21 at 9:49 pm

    རེད་རེད། ད་ཨའུ་ཙམ་རེད། གཅིག་བཤད་བཤད་སྡོད་དུས་དངོས་གནས་ཕན་གི་འདུག་ག ཡར་རྒྱས་གང་འཚམ་སོང་འདུག འགྲིག་ག ཧཧ ཧ ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme