Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ནི་མིའི་རིགས་ཁོ་ནའི་ནོར་བུ་ཞིག

Posted on 2014-08-182014-08-18 By ཁ་བརྡ་ 10 Comments on ཆོས་ལུགས་ནི་མིའི་རིགས་ཁོ་ནའི་ནོར་བུ་ཞིག

རྡོ་རྗེ་རིན་ཆེན།(སྐྱ་རེངས)

བདག་གིས་ཆོས་ལུགས་ལ་ཚན་རིག་གི་ངོས་ནས་རིན་ཐང་ཅི་ཞིག་བདོག་མིན་གཏན་ནས་མི་ཤེས་ལ། ཚན་རིག་གིས་ནམ་དུའང་ཆོས་ལུགས་ལ་དཔང་སྐྱེལ་བྱ་མི་སྲིད། ཆོས་ལུགས་ཀྱི་གྲུབ་དོན་ཞིག་ཚན་རིག་དང་མཐུན་ཙམ་གྱིས། ཆོས་ལུགས་ལ་ཚན་རིག་གི་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་བར་གཞར་ནས་མི་འདོད་དོ།།

ཆོས་ལུགས་ནི་གཏན་ཚིགས་རིག་པ་དང་མཚན་ཉིད་རིག་པའི་ཁོངས་སུ་མི་གཏོགས་པས། གང་བཤད་པ་ཐམས་ཅད་བདེན་པ་ཡིན་པའི་ངེས་པ་མེད། རྒྱུ་མཚན། བདེན་པ་ནི་མཚན་ཉིན་རིག་པའི་འཆད་བྱ་དང་འཚོལ་སྙེག་ཅིག་ཡིན་པ་ལས། ཆོས་ལུགས་ཀྱི་ཕུགས་འདུན་དང་ལས་སྐལ་ཞིག་མ་ཡིན་ནོ།།

དེའི་ཕྱིར། ཆོས་ལུགས་ལ་ཡང་དག་དང་མ་དག་པའི་རྣམ་གཞག་གང་ཡང་མེད་ཅིང་། དེ་ནི་མིའི་སྤྱི་ཚོགས་ཀྱི་ངོས་ནས་མེད་ཐབས་མེད་པའི་དགོས་ངེས་ཤིག་ཆགས་ཡོད། དེའི་དོན་ཅི་ལགས་ཞེ་ན། ཆོས་ལུགས་ནི་གཏན་ཚིགས་རིག་པས་དཔྱད་བཟོད་པ་ཞིག་གཏན་ནས་མ་ཡིན་མོད། གཏན་ཚིགས་རིག་པས་དཔྱད་མ་བཟོད་པ་ཙམ་གྱིས་འདོར་བར་ག་ལ་རིགས།

བདག་གིས<<འཆི་གསོན་གྱི་གདམ་ག>>འི་ནང་དུ་འདི་ལྟར་བརྗོད་མྱོང་སྟེ། “གང་དེ་ཆོས་ལུགས་གང་ལའང་གཏན་ཚིགས་ཀྱི་རིག་པ་ཡོད་མིན་ལ་མ་ལྟོས་པར་དེ་ནི་མིའི་སྤྱི་ཚོགས་ཀྱི་ངོས་ནས་དགོས་ངེས་ཤིག་དང་། མི་སྒེར་ཀྱི་ངོས་ནས་དེ་ལ་རྒྱུས་ལོན་དང་སློབ་སྦྱོང་གནང་དགོས་པ་ཞིག་ལགས”ཅེས་པའོ།།

ཤེས་རིག་འཕེལ་བའི་གོ་རིམ་གྱི་ངོས་ནས་གཟིགས་རྟོག་བགྱིས་ཚེ། དེང་གི་ཚན་རིག་ནི་སྔ་མོའི་མཚན་ཉིད་རིག་པ་ལས་འཕེལ་ཞིང་། སྔ་མོའི་མཚན་ཉིད་རིག་པ་དེའང་། གདོད་མའི་ཆོས་ལུགས་ནས་འཕེལ་སྐྱེད་བྱུང་བར་རང་ཅག་ཚོས་གསལ་བོར་མཁྱེན་རྟོགས་ཐུབ་ངེས།

འཕེལ་རིམ་འདི་ནི་སྤྱིར་བཏང་གི་འཕེལ་རིམ་ཙམ་མ་ཡིན་པར། མིའི་ནང་སེམས་ཀྱི་བསམ་འདུན་གྱི་འཕེལ་རིམ་ཞིག་དང་མངོན་རྟོགས་ཤིག་ལགས་ཤིང་། འདིས་རིག་གནས་ནི་མིའི་མཁོ་འདུན་ལས་བྱུང་བར་མ་ཟད། མིའི་མཁོ་འདུན་དང་བསྟུན་ནས་འཕེལ་འགྱུར་འགྲོ་བཞིན་པའང་མཚོན་ནོ།།

ཆོས་ལུགས་དང་ཆོས་ལུགས་ནས་བཤད་པའི་རྣམ་གཞག་མང་བོ་ཞིག མིའི་རིགས་ཀྱི་དགོས་མཁོ་ཞིག་གི་ཕྱིར་དུ་འཇིག་རྟེན་འདིར་བྱོན་ཞིང་། ནམ་ཞིག་མིའི་རིགས་ལ་དགོས་མཁོ་མེད་དུས་དེ་ཉིད་ཐལ་བ་བཞིན་དུ་དོར་ཡང་ཆོག

འོན་ཀྱང་། ཆོས་ལུགས་ནི་ད་དུང་ཤེས་ཡོན་ཅན་ནམ། མཚན་ཉིད་རིག་པ་བ་ཁ་ཅིག་ལ་མ་གཏོགས། མི་དམངས་དཀྱུས་མ་རྣམས་སུ་དགོས་མིན་གྱི་གྲོས་གླེང་བྱ་རྒྱུ་མེད་དོ།།

གཅིག་ན། མིའི་རིགས་ནི་གཏན་དུ་ཆོས་ལུགས་དང་ཁ་འབྲལ་མི་བཏུབ་པར་སྲིད་དེ། རྒྱུ་མཚན། མིའི་རིགས་ཀྱི་སེམས་ཁོངས་སུ་ནམ་ཡང་སྟོང་སྣང་གི་ཆ་ཞིག་ལྷག་ཡོད་པ་འདྲ་ཞིང་། དེ་ནི་ཆོས་ལུགས་ཁོ་ནས་བསྐང་ཐུབ་པ་ལས་གཞན་གང་གིས་ཀྱང་མི་ཐུབ་པས་སོ།།

སྤྱིར་ན། རིག་གནས་ཡོངས་མིའི་དགོས་མཁོའི་ཕྱིར་བྱུང་ཞིང་འཕེལ་བ་ཡིན་པ་བདེན་མོད། འོན་ཀྱང་། ཆོས་ལུགས་ཀྱིས་ནམ་ཡང་མིའི་རིགས་ཀྱི་ཤེས་རྟོགས་ལས་འགོང་བའི་འཇིགས་སྣང་དང་། བཟློག་ཏུ་མེད་པའི་དཀའ་ངལ་མང་བོ་ཞིག་ལ་གདོང་གཏོད་བཞིན་འདུག་གོ།

དེར་མ་ཟད། ཆོས་ལུགས་ཀྱིས་གཏིང་མཐའ་མི་དཔོག་པའི་མིའི་སེམས་གཏིང་དུ་ཟུག་པའི་སྡུག་བསྔལ་དང་སྐྱོ་གདུང་དག་སེལ་ཏེ། འཇིག་རྟེན་གྱི་སྐྱེ་བོ་རྣམས་ལ་སེམས་གསོ་ཐོབ་ཏུ་འཇུག་ཅིང་། ཁོང་ཅག་ལ་ནོངས་འགྱོད་མེད་པར་བགྱིས་ནས་མུ་མཐུད་གསོན་དུ་འཇུག་པ་རེད་ཨང་།

འདི་ནི་ད་གཟོད་ཆོས་ལུགས་ཀྱི་བླ་ན་མེད་པའི་དགེ་བ་དང་། མིའི་རིགས་ནམ་ཡང་ཆོས་ལུགས་མེད་པའི་འཇིག་རྟེན་ཞིག་ཏུ་འཚོ་མི་བཏུབ་པའི་རྒྱུ་མཚན་ཡང་དག་དེ་ཡིན་ཡང་སྲིད།

དེ་བས་ན། ཆོས་ལུགས་ནི་ནང་སེམས་ཀྱི་གཅོང་ནད་སངས་བྱེད་ཀྱི་གསོ་རིག་ཅིག་དང་། མིའི་རིགས་ཁོ་ནར་བདག་པའི་ནོར་བུ་ཞིག་གོ།

༢༠༡༤།༥།༡༥།

རྩོམ་རིག

Post navigation

Previous Post: བཀའ་སྤྱི་ལ་བསྲིངས་བའི་བསམ་ཚུལ།
Next Post: བརྩེ་བ་མེད་ན། ངའི་སྔུན་ནས་མ་ངུ་རོགས།

Comments (10) on “ཆོས་ལུགས་ནི་མིའི་རིགས་ཁོ་ནའི་ནོར་བུ་ཞིག”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-08-18 at 7:27 pm

    ལྷ་དང་ཀླུ་ལ་ཆོས་དད་མེད་པར་འདོད་དམ། ལགས།

  2. ཅོག་མྱི། says:
    2014-08-18 at 11:25 pm

    ཆོས་ལུགས་ལ་བརྟག་དཔྱད་ཀྱི་མཚམས་བཞག་ན་རྨོངས་དད་ཡིན།
    ཆོས་ལུགས་ལ་ཉམས་ལེན་གྱི་རྩོལ་བ་བྲལ་ན་སྟོང་བཤད་ཡིན།
    ཆོས་ལུགས་ལ་རྒྱུ་འབྲས་ཀྱི་བདེན་པ་མེད་ན་རྫུན་རྐྱལ་ཡིན།
    ཆོས་ལུགས་ལ་བྱམས་སྙིང་གི་དགོངས་པ་མེད་ན་རིན་ཐང་མེད།
    ཆོས་ལུགས་ལ་བླ་མ་མང་ན་བཀས་བཀོད་བརྒྱུད་འཛིན་ཡིན།
    ཆོས་ལུགས་ལ་སྒོར་མོ་འདྲེས་ན་མ་རྩ་རིང་ལུགས་ཡིན།
    ཆོས་ལུགས་ལ་དགོན་པ་མང་ན་སྤྱི་ཚོགས་རིང་ལུགས་ཡིན།
    གྲྭ་བ་དང་ཇོ་མོ་འདུས་ན་གུང་ཁྲན་རིང་ལུགས་ཡིན།

  3. བསམ་ཤེས། says:
    2014-08-19 at 12:20 am

    རྩོམ་འདི་མ་ལེ་རིང་ལུགས་དང་མའོ་ཀྲུ་ཞིའི་དགོངས་པ་བཤད་པ་ནང་བཞིན་ཡམ་བཤད་ཆེ་ལ་དངོས་ཡོད་དང་རྡོག་རྡོག་གི་ཆོས་ལུགས་ཁེ་ཕན་བཤད་ཐུབ་མིན་འདུག

    ཆོས་ལུགས་དང་མིའི་རིགས་ཀྱི་འབྲེལ་བ་ཅིག་ནི། ཤི་རྗེས་ག་པར་འགྲོ་གི་ཡོད་པ་དེ་མ་ཤེས་པས། དེའི་ལྐོག་འགྱུར་གྱི་བར་ལ་ཆོས་ལུགས་འཚང་ནས། ལྷ་ཡུལ་དང་བདེ་བ་ཅན་དནག་དམྱལ་བ་དང་། དཀོན་མཆོག་སོགས་འཐོན་གྱི་ཡོད། གལ་ཏེ་ཤི་ནས་ཚང་མ་ནག་ཐུམ་མེར་འགྲོ་གི་ཡོད་པ་ཁུངས་སྐྱེལ་ཐུབ་ན། ཆོས་ལུགས་མཇུག་སྒྲིལ་ཚར་བ་རེད།

    ཆོས་ལུགས་ལྷག་མི་ལྷག་དེ་སྙིང་རྗེ་དང་སེམས་ཀྱི་སྡུག་བསྔལ་སོགས་མིན་པར་ཤི་ཚར་རྗེས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད།

  4. ཤར་པ་ says:
    2014-08-19 at 2:08 am

    ཆོས་ལ་ཤེས་རབ་གལ་ཆེ་ཡང ། རང་ཉིད་ལ་བརྟགས་སྤྱད་བྱེད་པའི་ཤེས་རྩལ་དགོས། ཡིད་ཆས་དད་པ་ཡང་ཤིན་ཏུ་གལ་ཆེ་། ང་ནི་ཤེས་རབ་རྩལ་ཅིག་པུས་རྙབ་ཐུབ་ཡག་་ཁག་པོ་འདུག། འབྲས་མེད་ཕྱིར་ན་རྫུན་མི་གསུངས་པ་ ལྟ་བུའི་ཡིད་ཆས་བྱེད་གཏང་ལ་ཕན་ཐོག་ཆེ་

  5. ཤར་པ་ says:
    2014-08-19 at 7:41 am

    ཆོས་ལུགས་ཡག་པོ་བེད་སྤྱོད་མ་གཏང་ན་། མི་དམངས་ལ་གཉའ་གནོན་དང་། ་དངོས་གནས་དུག་ལོས་ཡིན། མའོ་ཙེ་ཏུང་གིས་ཆོས་ནི་དུག་རེད་ཅེས་པ་ལ་གོ་རྒྱུ་ཆེའོ

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-20 at 12:32 am

    ཆོས་ལུགས་ནི། སོ་སོའི་དབང་པོའི་ཡུལ་དུ་ཡོད་རུང་མེད་རུང། དེ་ལ་དད་མོས་ཡོད་པ་གཙོ་ཆེ་བ་ཡིན་པས། བློ་ལྡན་ཚན་རིག་པས་བཏང་སྙོམས་སུ་འཇོག་པར་བྱེད་དོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-08-20 at 3:35 am

    སྔར་བོད་པས། ཁ་ཆེའི་ཆོས་ལ། ཀླ་ཀློའི་ཆོས་དང་། རྒྱང་འཕེན་པ་ལ། ཚེ་འདི་ཙམ་རང་འདོད་པས་དམན་པ་དང་། ཆོས་གང་ཡང་ཁས་མི་ལེན་ན། མའོ་ལྟར་ཉེན་ཁ་ཅན་ལ་གྱུར་པ་ཡང་། མངོན་སུམ་ཚད་གྲུབ་རེད། འོནད་ཀྱང་། ཆོས་ཡོད་པའི་མ་རབས་ལས། ཆོས་མེད་པའི་ཡ་རབས་ཡག་བགྱིད་རེད།

  8. རྡོ་རྗེ་རིན་ཆེན། says:
    2014-08-22 at 1:05 am

    ཁྱེད་རྣམ་པ་ཕེབས་པར་ཐུགས་རྗེ་ཆེ། ཁྱེད་ཅག་གིས་རྩོམ་ཐུང་འདི་ལ་ཞིབ་མོ་ཞིག་བཀླགས་རྗེས། ད་གཟོད། རང་རང་གི་བསམ་ཚུལ་སྤེལ་རྒྱུ་བདག་གིས་རེ་བ་ཡིན། རྩོམ་ཡིག་གི་མགོ་ཙམ་བཀླགས་རྗེས་ཡིད་ཚོད་ཀྱིས་གང་བྱུང་མ་གསུང་ན་ལེགས། ཁ་དྲོ།

  9. ཅོག་མྱི། says:
    2014-08-23 at 11:19 pm

    མཆན་མ་གཏོགས་སྐུ་ཉིད་ཀྱི་རྩོམ་ལ་ཀློག་རན་ཁྱོན་ནས་མི་འདུག

  10. རྡོ་རྗེ་རིན་ཆེན། says:
    2014-08-24 at 9:47 am

    ཅོག་མྱི་ཟེར་བའི་དྲ་འབུ་ཁྱོད་ཀྱིས་མ་བཀླགས་པར་ཐུགས་རྗེ་ཆེ། དགའ་ནས་ཡོད། སྐྱིད་ནས་ཡོད། ནམ་ཡང་མི་བཀླགས་པར་ཞུ། བཀླགས་རུང་གོ་ནི་མ་རེད། ལོ་བརྒྱའི་རྗེས་སུ་ད་གཟོ་ཁྱོད་ལྟ་བུ་དག་གིས། བདག་གི་རྩོམ་ཡིག་རྣམས་བཀླག་ཐུབ་རྒྱུའི་སྨོན་ལམ་ངས་བྱེད་ཀི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme