Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 12

Posted on 2021-05-192021-05-19 By ཁ་བརྡ No Comments on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 12

བློ་བཟང་རིན་ཆེན།

སྔོན་གླེང་། 

ཏོག་དབྱིབས་ནད་ཡམས་འདི་ཡུལ་ལུང་གང་སར་ཁྱབ་སྟེ། སེམས་ཅན་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་འཕྲོག་ཀྱང་འཕྲོག་བཞིན་པའི་གནས་སྟངས་འདི་ལ་སེམས་དུས། བདག་ཅག་གི་སྟོན་པ་ཉམས་མེད་ཤཱཀྱ་ཐུབ་པས་”འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་བཅས་ཐམས་ཅད་སྡུག་བསྔལ་པ།།”ཞེས་པའི་སྡོམ་ཚིག་བཀོད་པ་འདི་ནི་ཅིས་མ་བདེན་ཨང་སྙམ་པའི་ཚོར་བ་སྤུ་སུད་རེ་སྐྱེས་པ་ལན་གཅིག་ག་ལ་ཡིན། 

ལྷག་དོན་ནད་ཡམས་འདི་གནས་ཡུལ་རྒྱ་གར་ནང་ཁྱབ་སྟེ། བལྟས་བལྟས་རིག་རིག་ལ་རྒྱ་གར་གྱི་ཡུལ་མི་འབུམ་ཕྲག་འགའ་ཤས་ཤི་བ་དང་། ད་དུང་ལུ་གུ་བྱ་རྒོད་ཀྱིས་འཁྱེར་བ་བཞིན་ཤ་དང་རུས་རྒྱུད་གཅིག་པའི་བོད་མི་མང་པོ་ཞིག་མི་འདོད་ནད་ཀྱིས་ཁྱེར་བ་འདིས་སེམས་ཁྲལ་འཕར་མ་ཞིག་ཤ་གསེང་རུས་གསེང་དུ་འཐིམ་པར་བྱས། 

ད་དུང་རེ་བ་རི་བོའི་གཏོས་དང་མཉམ་ཤིང་། མི་གཞིའི་མཛེས་སྡུག་ཀུན་གྱིས་ཁས་ལེན་པའི་ཆོས་གྲོགས་རིགས་པ་སྨྲ་བ་ཞིག་ནད་ཡམས་དེའི་རྐྱེན་པས་སྐུ་ཚེ་མ་ཟིན་པ་དང་། ཕ་ཡུལ་གཅིག་པའི་བླ་རྒན་བསམ་དཀར་ཞིག་ཀྱང་ནད་ཡམས་དེས་མནར་ཏེ་་སྐུ་ཚེ་མ་ཟིན་པ་སོགས། གཏན་ངན་རྣ་བས་མི་བཟོད་པ་དག་གཅིག་རྗེས་གཉིས་མཐུད་དུ་གོ་དུས་ཁོ་བོའི་བློ་ནི་རྟབ་རྟབ་པོར་གྱུར། 

སྤྱིར་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་འོང་གི་བློ་ཞིག་མེད་པར་སྙིང་རྗེ་བཅོས་མིན་ཞིག་མི་སྐྱེ་བ་ལྟར། ང་ལྟ་བུའི་རྒྱུད་ཀྱི་སྙིང་རྗེ་བཅོས་མ་དེ་ཡང་ཅི་ཙམ་རང་དང་ཁ་ཐག་ཉེ་ཞིང་།ངོ་ཤེས། རྒྱུས་ཡོད། སེམས་ཐག་ཉེ་བ་སོགས་ཡིན་ན། དེ་ཚོད་ཀྱིས་ཤུགས་ཆེ་རུ་འགྲོ་བ་ནི་ང་ཚོ་སྐྱེས་བུ་ཕལ་བ་ཚོའི་གཤིས་ལུགས་ཤིག་མིན་ནམ་སྙམ། 

གང་ལྟར་གནད་དོན་དེ་འདྲ་ཞིག་ལ་འཕྲད་ཡོང་དུས། རང་གི་ཚེ་སྲོག་ཀྱང་ཇི་ཙམ་གནས་སམ་སྙམ་པའི་འཇིགས་སྣང་འདྲེས་མའི་ཐེ་ཚོམ་ཞིག་དང་། ལོ་ངོ་དུ་མའི་རིང་ལ་སློབ་གཉེར་བའི་མིང་སྐམ་ཞིག་ཁུར་བ་དེ་ལའང་དྲི་བ་ཚ་ནན་ཞིག་བྱེད་ཀྱི་འདུག ལྡི་ལི་ན་དབུགས་ཀྱིས་མ་འདང་བར་ནད་པ་མང་པོ་ཞིག་ཤི་ཡི་འདུག དེ་དག་བརྙན་ལམ་ནས་མཐོང་དུས་དངོས་གནས་ཡ་ང་བ་ཞིག་རེད། དེ་དག་མཐོང་རྗེས་རང་ཉིད་ཀྱང་ཁོ་ཚོ་བཞིན་དབུགས་ཀྱིས་མ་འདང་བར་འཆི་བའི་ངང་ཚུལ་བསྒོམས་པ་ཡིན། བྱེད་ཚུལ་འདི་ཕྱོགས་གཅིག་ནས་བལྟས་ན་རྣམ་རྟོག་སློང་བྱེད་ཅིག་ཡིན་ཡང་། ངས་ནི་ད་སྔ་ཚུན་ཆད་སོ་སོས་སློབ་གཉེར་བའི་མིང་སྐམ་ཞིག་ཁུར་བ་ལ་ཡིག་རྒྱུགས་ཤིག་ལེན་པའི་ཁུལ་ཡིན། དེ་འདྲ་ཛ་དྲགས་ཀྱི་སྐབས་ལ་ངས་ནི་ཡིག་རྒྱུགས་མི་འཕྲོད་པ་གཏན་ཁེལ།བྱམས་སྙིང་རྗེ་དང་། སྟོང་ཉིད་ཀྱི་ལྟ་བ། བྱང་ཆུབ་ཀྱི་སེམས་སོགས། སྒོམ་རྒྱུ་ཕར་ཞོག་ཐ་ན་རང་གི་རྩ་བའི་བླ་མའི་ཞལ་རིས་ཀྱང་ཡིད་ལ་འཆར་དཀའ་ཚོད་རེད། སྐབས་འདིར་བསླེབས་དུས།ད་གཟོད་རང་གིས་རང་ལ་”ད་བར་དུ་ཅི་ཞིག་སྦྱོང་པ་ཡིན་”ཞེས་པའི་དྲི་བ་ཚ་པོ་ཞིག་ངང་གིས་བསླེབས་བྱུང་།

བར་གླགས་འདི་ནས་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ལས་བདེ་བ་དང་སྡུག་བསྔལ་ཞེས་པ་དང་གཞི་རྩའི་འདྲ་མཉམ་ཞེས་པའི་ཚན་པ་གཉིས་བཀླགས་པའི་བརྗེད་བྱང་ཞིག་འབྲི་བར་བྱ།

                    བདེ་སྡུག་དང་གཞི་རྩའི་འདྲ་མཉམ།

ཚན་པ་འདིར་ང་ཚོ་སུ་ཞིག་ཡིན་ཡང་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་འགྲེལ་བཤད་གང་ཡང་མི་དགོས། ང་ཚོའི་ལུས་པོའི་གྲུབ་ཆའི་སྟེང་ནས་ར་འཕྲོད་ཐུབ་པ་ཞིག་རེད། ང་ཚོ་ཅི་ཙམ་སེམས་སྐྱིད་པོ་དང་བག་ཕེབས་པོ་ཡོད་ན། དེ་ཚོད་ཀྱིས་འཇིགས་སྣང་དང་སེམས་འཚབ་མེད་ཅིང་། འཕྲོད་བསྟེན་ལ་ཕན་ཐོགས་ཆེ་བའི་སྐོར་གསོ་བ་རིག་པའི་ཚན་རིག་གི་ཐོག་ནས་ཁུངས་སྐྱེལ་བྱས་ཡོད་སྐོར་གསུངས་འདུག ཐ་ན་ནད་ཀྱིས་མནར་བའི་ནད་པ་ཞིག་ཡིན་ཡང་བཟང་ཕྱོགས་ནས་མནོ་བསམ་བཏང་ཚེ་ནད་དྲག་སྐྱེད་མགྱོགས་པ་ད་ཚོའི་རྒྱུན་ཤེས་ཡིན་པ་དང་།“སེམས་པ་སྐྱིད་པོ་ཡོད་ན་སེམས་བདེ་ཐང་ཡོང་བ་དང་། སེམས་བདེ་ཐང་ཡོང་ན་ལུས་པོར་ཕན་ཐོགས་ཆེ་”ཞེས་གསུངས།

ང་ཚོ་འགྲོ་བ་མིའི་བདེ་སྡུག་ནི་དུད་འགྲོ་བཞིན་སྟབས་བདེ་བོ་ཁྱོན་ནས་མེད། དཔེར་ན་ཁྱི་དང་ཕག་ཅིག་ཡིན་ན་ཟས་ཞིམ་པ་ཞིག་རག་ན་ཕ་ཆེར་འདོད་པ་ཚིམས་ཉལ་སྡོད་ངེས། འོན་ཀྱང་འགྲོ་བ་མི་ནི་དེ་ལྟར་མ་ཡིན་པར་འདོད་བློ་ཚིམ་རྒྱུ་ཧ་ཅང་དཀའ། འཇིག་རྟེན་འདིར་ཆོས་ལུགས་སྣང་མང་ཞིག་བྱུང་བ་དེའང་མཐར་དེད་ན་བདེ་བ་དོན་གཉེར་ལས་བྱུང་བ་ཡིན། དེ་བཞིན་དམག་འཁྲུག་དང་། དབུལ་ཕོངས། དྲང་བདེན་མེད་པ། ཁོར་ཡུག་གཏོར་བཅོམ་སོགས་ཐམས་ཅད་རང་གི་འདོད་བློ་མ་ཚིམ་པར་བྱུང་བ་ཤ་སྟག་རེད།

འོན་ཀྱང་ལེགས་བཤད་འདིར་”བདེ་བ་འཚོལ་བ་དང་སྡུག་བསྔལ་དོར་ཐབས་བྱེད་པའི་ཐད། ང་ཚོ་ཚང་མ་རྩ་བའི་ཆ་ནས་གཅིག་པ་ཡིན་སྟབས། ཚང་མ་འདྲ་མཉམ་ཡིན། འདི་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན།” ཞེས་གསུངས་པ་འདི་ཉིད། ང་ཚོའི་ཉིན་རེའི་འཚོ་བའི་ནང་ལ་ཁ་ཞེ་གཉིས་མེད་ཀྱིས་གཙུག་ཏུ་བཀུར་ན། རྒྱ་ཆེ་ཆེ་ས་ནས་སྤྱི་ཚོགས་ལ་ཕན་པར་མ་ཟད། ང་ཚོ་སྒེར་ལའང་ཕན་ཐོགས་ཆེན་པོ་ཡོད་པ་མྱོང་བའི་སྟེང་ནས་གསུངས་འདུག འདི་ལྟར་རང་ལ་ཡོད་པའི་ནོར་བུའི་ནོར་ངོས་བཟུང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་བཤད་དག་ལ་ཉིན་རེའི་ཁ་འདོན་བཞིན་རྒྱུན་དུ་མཇལ་རྒྱུ་ནི་ཧ་ཅང་གལ་ཆེའོ་སྙམ།

2021/5/17 བློ་བཟང་རིན་ཆེན་གྱིས་བྲིས།

བཀླགས་བྱང་།

Post navigation

Previous Post: ཏོག་དབྱིབས་གཉན་རིམས་༡༩ ཕོག་པའི་ནད་པས་དོ་སྣང་བྱ་དགོས་པའི་གནད་དོན་བཅུ།
Next Post: སློབ་དཔོན་ཨ་ཁུ་ཉི་མའི་སློབ་གསོའི་ཐབས་ལམ་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme