Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 10

Posted on 2021-04-06 By ཁ་བརྡ No Comments on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 10

བློ་བཟང་རིན་ཆེན།

སྔོན་གླེང་། 

<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཅེས་པའི་དཔེ་དེབ་འདི་ལ་ཀློག་འགོ་བརྩམས་ནས་ཟླ་བ་དྲུག་ལྷག་སོང་ནའང་ཆ་ཚང་ཀློག་པ་ལྟ་ཞོག་ལེའུ་དང་པོ་ལས་ཀློག་མ་ཐུབ། དེ་རིང་སེམས་ཤུགས་བསྐྱེད་དེ་སྔར་གྱི་ཀློག་མཚམས་ནས་བཀླགས་པ་ཡིན། ཁོ་བོའི་བསམ་པ་

ལ། འུ་ཅག་གིས་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་སྤྱད་གནང་བ་བཞིན། བཀའ་བསྟན་ཡོད་དོ་ཅོག་དང་། རིས་མེད་ཀྱི་ལེགས་བཤད། ལོ་རྒྱུས།བྱུང་རབས་སོགས་ལ་མཇལ་མ་ནུས་ཀྱང་། འུ་ཅག་གི་མིག་མདུན་ན་ཡོད་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་དག་ལ་ངེས་པར་མཇལ་དགོས་སྙམ། ལྗགས་རྩོམ་དེ་དག་གིས་འུ་ཅག་ལ་ནང་ཆོས་ཀྱི་གོ་བ་ཡང་དག་པ་ཞིག་སྤྲོད་པར་མ་ཟད། དུས་རབས་ཀྱི་ཁ་ཕྱོགས་དང་མི་ཚེའི་དོན་སྙིང་། ཐ་ན་ཉིན་གཅིག་གི་བསམ་བློའི་འཁྱེར་སོ་དང་ཀུན་སྤྱོད་ཀྱི་ཚད་གཞི་སོགས་མཇུབ་མོ་རི་སྟོན་བྱས་ཡོད། དེའི་ཕྱིར། འུ་ཅག་གིས་ངེས་པར་ཉིན་རེའི་ཁ་ཟས་བསྟེན་པ་བཞིན་ལྗགས་རྩོམ་དེ་དག་རང་གི་ཉེ་འགྲམ་ལ་བཞག་ནས་དཔེ་ཀློག་གི་གོམ་པ་བསྟེན་རྒྱུ་ཧ་ཅང་གལ་ཆེའོ་སྙམ། 

དེ་རིང་གནས་གཤིས་ལེགས་ཤིང་སེམས་ཁམས་དྭངས་འདུག མ་ཟད་རེས་གཟའ་ཟླ་བའི་གུང་སང་ཡང་ཡིན་པས་སྟབས་ཁེལ་བ་ཞིག་རེད། འདི་འདྲའི་དཔེ་ཀློག་གི་གོ་སྐབས་ཡག་པོ་ཞིག་ལ་དཔེ་ཀློག་མི་བྱེད་པ་ནི་སེམས་ལ་གདོན་ཞུགས་པ་མིན་ནམ་སྙམ་ནས། སྔར་གྱི་དཔེ་ཀློག་གི་མཚམས་ནས་བཀླགས་ཏེ་བཀླགས་བྱང་ཞིག་གཤམ་ལ་འབྲི་བའི་འཕེན་པ་བཏང་། 

ང་ཚོས་རང་ཉིད་ལ་ལྟ་ཚུལ།

ང་ཚོས་རང་ཉིད་ལ་ལྟ་ཚུལ་ཞེས་པའི་ལེ་ཚན་ནང་དུ་གཙོ་བོ་འགྲོ་བ་མི་གཅིག་གྱུར་ཡོང་བའི་ཐབས་ལམ་སྐོར་ནས་ཁ་གསལ་གོ་བདེ་ཞིག་གསུང་བཞིན་འདུག དེ་ཡང་སྤྱིར་གནོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་འཇིག་རྟེན་འགྲོ་བ་མི་ལྟ་བུ་འགྲུབ་བྱེད་ཀྱི་རྩ་བའི་རྫས་གཉིས་ལ་སྤུས་ཀའི་ཆ་ནས་ཁྱད་པར་གང་ཡང་མེད། གཉིས་ཀ་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་དུ་མ་འདུས་པ་ལས་གྲུབ་པ་ཤ་སྟག་གོ ། དེང་དུས་ཚན་རིག་པས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོད་དོ་ཅོག་རྫོགས་མཐའ་མེད་པར་བསྐྱར་སྐོར་རྒྱག་གི་ཡོད་པར་མ་ཟད། ཐ་ན་ངོ་ཚོའི་གཟུགས་ཕུང་ནང་གི་རྡུལ་ཕྲན་དེ་ཉིད་སྐབས་ཤིག་ན་ཧ་ཅང་རྒྱང་ཐག་རིང་བའི་རྒྱུ་སྐར་རྣམས་ཀྱི་ཁོངས་སུ་གཏོགས་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་གསུངས་འདུག མཚམས་འདིར་སླེབ་དུས་རྒྱ་གར་གྱི་སྲིད་བློན་ནེ་རོ་མཆོག་གིས་<<ཡབ་ཀྱིས་བུ་མོར་སྤྲངས་པའི་འཕྲིན་>>གྱི་ནང་ལ་འདིའི་སྐོར་ལ་ཞིབ་འབྲི་བྱས་པ་ཡིད་ལ་དྲན་ནས། སྔར་གྱི་དཔེ་ཀློག་གིས་འདི་ལ་ཁ་གསབ་བྱས་ན་ཕན་སུམ་ཇེ་ཚོགས་སུ་འགྲོ་བར་སྙམ།

དེ་ལྟར་འགྲོ་བ་མི་དང་རྩི་ཤིང་སོགས་གཞི་རྩའི་འགྲུབ་བྱེད་ཀྱི་རྫས་རྡུལ་ཆུང་ཆུང་རེ་ལས་གྲུབ་པ་འདྲ་ཡང་། འགྲོ་བ་མི་རྣམས་སྐྱེས་ལྡན་གྱི་རྩི་ཤིང་དང་མི་འདྲ་བར་སྡུག་བསྔལ་ཚོར་ཞིང་བདེ་བ་མྱོང་གི་ཡོད། སྤྱིར་སེམས་ཅན་ཐམས་ཅད་བདེ་བ་གཉེར་ཞིང་སྡུག་བསྔལ་ལས་གཡོལ་ཐབས་འཚོལ་བ་འདྲ་ནའང་། འགྲོ་བ་མི་རྣམས་ཁྱི་དང་ཞི་མི་སོགས་སེམས་ཅན་གཞན་དང་མི་འདྲ་བར།དབང་ཤེས་ཀྱིས་མྱོང་ཚོར་བདེ་བ་དེས་ཚིམ་གྱི་མེད་པ་གསལ་པོ་རེད། དེ་ནི་འགྲོ་བ་མི་རྣམས་ལོ་ངོ་སྟོང་ཕྲག་མང་པའི་རིང་། རྙོག་འཛིང་ཆེ་བའི་དཀའ་སྡུག་སྣ་ཚོགས་ཤིག་བརྒྱུད་དེ་འཕེལ་རྒྱས་སོང་བའི་གྲུབ་དོན་ཞིག་རེད། འདིས་སེམས་ཅན་གཞན་དང་བསྡུར་ན་འགྲོ་བ་མིའི་ཀླད་པའི་བཟོ་དབྱིབས་ཆེ་བ་

མངོན་ཞིང་། མིའི་མདུན་མའི་ཀླད་ཤུན་སེམས་ཅན་གཞན་དང་བསྡུར་ན་རྦད་དེ་འཕེལ་བསྐྱེད་ཆེན་པོ་ཕྱིན་ཡོད་པར་གསུངས།

མ་གཞི་ང་ཚོ་ཚང་མའི་རྒྱུན་ལྡན་འཚོ་བའི་ནང་ལ། ཕོ་མོའི་དབྱེ་བའི་ཐོག་ནས་ང་རང་བུད་མེད་ཅིག་གམ། ཡང་ན་ཆོས་ལུགས་དེ་དང་དེའི་རྗེས་འབྲང་ཡིན་པ། རིགས་རྒྱུད་དེ་དང་དེའི་ཁོངས་ཡིན་པ། ད་དུང་རང་རིགས་ལ་མཚོན་ན་བཙན་བྱོལ་ནང་གི་ཆོལ་ནད་ལྟ་བའི་ལྟ་སྟངས་མང་པོ་ཞིག་ཡོད། དེ་དག་གིས་ང་ཚོས་རེ་བ་ཅི་ཞིག་བཅིངས་མིན་མ་ལྟོས་པར། ང་ཚོས་མི་གཞན་པར་བརྩི་འཇོག་བྱེད་སྟངས་ཐེ་བའི་རང་གི་ཀུན་སྤྱོད་ལ་ཤུགས་རྐྱེན་སྦྱིན་གྱི་ཡོད་པ་གསུངས་ཡོད། དེ་ལྟར་ཕོ་མོ་དབྱེ་འབྱེད་དང་། རིགས་རྒྱུད་དབྱེ་འབྱེད་སོགས་ཀྱི་ལྟ་ཚུལ་མང་པོ་ཞིག་གིས་སྤྱི་ཚོགས་ལ་སྡུག་བསྔལ་སྦྱིན་གྱི་ཡོད་པ་གསལ་པོ་ཡིན་དུས། དེ་འདྲའི་དཀའ་ངལ་ལས་གྲོལ་ཐབས་སུ་མི་སུ་ཞིག་ཡིན་ཡང། རང་རང་གི་ངོ་བོ་མི་འདྲ་བ་རེ་ཡོད། དེ་ལ་བརྟེན་ནས་འུ་ཅག་གིས་བཟང་སྤྱོད་ལ་འཇུག་ཕྱིར་བཅོས་མ་མིན་པའི་ཡོངས་ཁྱབ་ཀྱི་ཐབས་ལམ་ཞིག་ཡར་རྒྱས་གཏོང་དགོས། 

ཐབས་ལམ་དེ་ནི་ས་སྒང་གོ་ལ་ཟླུམ་པོ་འདིའི་སྟེང་གི་མི་འབོར་དུང་ཕྱིར་བདུན་ཅུ་ལྷག་པོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་སུ་ལྟ་བ་དང་། ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་སུ་ལྟ་བ་དེ་རེད། ལྟ་ཚུལ་འདིས་འགྲོ་བ་མི་གཅིག་སྒྲིལ་བཟོ་ཞིང་། གདུང་སེམས་མཉམ་བསྐྱེད་དང་། གཅིག་ཕན་གཅིག་གྲོགས། འཛམ་གླིང་ཞི་བདེ་བསྐྲུན་པར་ནུས་པར་སྔ་ཕྱིའི་གསུང་གི་སྤྱི་སྡོམ་ཡིན་པར་ཡིད་ལ་ཆོངས།

2021/4/5 བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།
Next Post: སྒོ་ཤེར་གྱི་ལས་དབང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme