Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 6

Posted on 2020-10-05 By ཁ་བརྡ No Comments on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 6

བློ་བཟང་རིན་ཆེན།

སྔོན་གླེང་།

གྲྭ་ཚང་གི་ལོ་འཁོར་རྩོད་རྒྱུགས་ལེགས་པར་གྲུབ་པས་དེ་རིང་དང་སང་ཉིན་གཉིས་ལ་གུང་སང་རེད། གོ་སྐབས་འདི་བཟུང་ནས་ངའི་གྲོགས་པོ་ཁ་ཤས་ཀྱི་མུ་འབྲེལ་གློག་བརྙན་ཞིག་ལ་ལྟ་བའི་འགོ་བཙུགས་ཏེ། ཟུར་ནས་ངས་བཤད་པའི་གཏམ་ལའང་ཉན་ལོང་མེད་པར་གྱུར་འདུག ང་ལ་ནི་དམིགས་བསལ་ལྟད་མོ་འདི་ལ་བལྟ་དགོས་བསམ་པ་གང་ཡང་མེད་པར་བོད་ཀྱི་གླུ་དབྱངས་རེ་ཉན་ནས་ཁུ་སིམ་མེར་བསྡད། ཞོར་དུ་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཀྱི་ཀློག་འཕྲོ་ནས་ཚན་པ་གཅིག་བཀླགས་ཏེ་བརྗེད་ཐོ་ཞིག་འབྲི་བའི་ངལ་བ་བསྟེན་འདོད་བྱུང་།

གོ་ལ་གཅིག་གྱུར་ཁྲོད་ཀྱི་བཟོད་སྒོམ།

ཚན་པ་འདིར་སྔར་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་ནས་གླེང་བཞིན་འདུག ༧ གོང་ས་མཆོག་གིས་ངོས་ནི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དང་དེང་རབས་བར་གྱི་ཕོ་ཉ་ཞིག་ཡིན་ཞིང་། ངོས་རང་གང་དུ་ཕྱིན་ཀྱང་འཚེ་བ་མེད་པའི་ལྟ་གྲུབ་དང་། ཆོས་ལུགས་མཐུན་སྒྲིལ་དགོས་པའི་གལ་ཆེའི་བསམ་ཚུལ་འདི་གཉིས་ནན་ཏན་བྱས་ནས་ཤོད་ཀྱི་ཡོད་ཀྱི་གསུངས་འདུག མ་ཟད་ཕྱོགས་གཅིག་ནས་ངོས་རང་རྒྱ་གར་གྱི་བུ་ཕྲུག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཕྲུ་གུའི་གནས་སྐབས་ནས་བཟུང་ངོས་ཀྱི་སེམས་ཁམས་རྒྱ་གར་གྱི་རིག་གཞུང་གིས་གསོ་སྐྱོང་བྱས་ཤིང་། ལོ་དྲུག་ནས་བཟུང་གྲྭ་པ་ཞིག་གི་ངོ་བོར་སློབ་གཉེར་ཚུགས་ཏེ། ཀློག་འདོན་དང་བློ་འཛིན་བྱས་པའི་དཔེ་ཆ་མང་ཆེ་བ་ནི་རྒྱ་གར་གྱི་སློབ་དཔོན་རྣམས་ཀྱི་མཛད་པ་ཤ་སྟག་རེད། དེ་བཞིན་དར་མའི་འགོ་སྟོད་ནས་བཟུང་ངོས་ཀྱི་ལུས་པོའང་རྒྱ་གར་གྱི་འབྲས་དང་རྡ་ལིས་གསོ་སྐྱོང་བྱས་ཡོད། དེར་བརྟེན་རྒྱ་གར་ནས་བྱུང་བའི་ཆོས་དང་མ་འབྲེལ་བའི་རིང་ལུགས་ཀྱི་གོ་རྟོགས་འདི་མཉམ་སྤྱོད་དང་གོང་འཕེལ་གཏོང་བར་ངོས་རང་ཧ་ཅང་དགའ་བོ་ཡོད་ཅེས་གསུངས་འདུག

ཆོས་དང་མ་འབྲེལ་བའི་རིང་ལུགས་སམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་སྤེལ་བ་དང་གོང་འཕེལ་བ་གཏོང་རྒྱུར་དགའ་བ་ནི་། ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རིག་གཞུང་ལ་དུང་ཞེན་ཆེ་བས་མིན་པར། ད་ལྟའི་དུས་འདི་གོ་ལ་གཅིག་གྱུར་དང་། རིག་གནས་སྣ་ཚོགས། ལྟ་བ་སྣ་མང་། ཆོས་ལུགས་ཐ་དད་སོགས་ཀྱི་མི་རྣམས་ཕན་ཚུན་འབྲེལ་འདྲེས་ཆེས་ཆེ་བའི་དུས་སྐབས་ཤིག་ཡིན་དུས། ཕན་ཚུན་གཉིས་མོས་ཀྱི་གུས་བརྩི་ཡོད་པའི་བདེ་སྐྱིད་འཚོལ་ལམ་ཞིག་དགོས་པ་ནི་ཛ་དྲག་གི་གནད་དོན་ཞིག་ལ་གྱུར་ཡོད་པས་ཡིན།

ད་ལྟའི་དུས་འདིར་བཟང་སྤྱོད་དང་། སེམས་ཀྱི་རིན་ཐང་། སྒེར་ཚུགས་སོགས་བཅོས་མིན་གྱི་ཡུན་གནས་ཐུབ་པའི་ཡོངས་ཁྱབ་ཀྱི་ཐབས་ལམ་ཞིག་འཚོལ་སྒྲུབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་པ་སྨོས་མེད་རེད། འོན་ཀྱང་དེ་ནི་འགྲོ་བ་མིའི་རང་བཞིན་གཞི་རྩར་བཞག་ཅིང་། འགྲོ་བ་མིའི་ཉམས་མྱོང་དང་། ཕྱོགས་སུ་མ་ལྷུང་ཚན་རིག་གི་དཔྱད་འབྲས་བཅས་ལ་བརྟེན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་ལྟ་བུས། འཇིག་རྟེན་ཡོངས་ཁྱབ་ཀྱི་བདེ་སྐྱིད་གོང་འཕེལ་དང་ཡུན་གནས་བྱ་ཐུབ་པ་ལས། ཆོས་ལུགས་ཀྱི་ལྟ་ཚུལ་ལ་ཡིད་ཆེས་པའི་ཐོག་ནས་འཇིག་རྟེན་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཀྱི་རྩ་བ་ཚུགས་དགོས་ཟེར་ན་གཏན་མི་སྲིད་པའི་དགོངས་ཚུལ་གནང་འདུག

2020/8/14ཉིན་བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: བྱིས་དེབ་ག་འདྲ་ཞིག་ཡིན་ཡང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་བག་ཆགས་འཇོག་པའི་ནུས་པ་ཡོད།
Next Post: ཐོལ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme