Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་འཆད་དུས་ཀུ་རེ་མང་ན་ལེགས།

Posted on 2014-12-312015-01-01 By ཡེ་ཤེས་ 22 Comments on ཆོས་འཆད་དུས་ཀུ་རེ་མང་ན་ལེགས།

ཀླུ་སྨྱོན།

 
ཐོག་མར་ནུབ་ཕྱོགས་སུ་བསླེབས་དུས་བོད་པའི་བླ་མ་ལ་ལས་ཕྱི་གླིང་བར་ཆོས་འཆད་དུས་ཀུ་རེ་སྣ་ཚོགས་ཀྱིས་ཆོས་ཉན་པ་ཚོ་བཞད་གད་ཐག་གེ་བཟོས་དང་བཟོ་བཞིན་ཡོད་པར་དོ་སྣང་བྱུང་ལ། དེ་ཡང་དང་པོར་བོད་ཀྱི་ཆོས་བཤད་པའི་སྐབས་སུ་ངེས་འབྱུང་དང་སྙིང་རྗེའི་ཀུན་སློང་གིས་ངོ་གནག་སེམས་སྐྱོ་ནས་ཆོས་བཤད་ཉན་བྱེད་དགོས་པ་དེའི་ཤུགས་རྐྱེན་གྱིས་ཆོས་འཆད་སྐབས་ཀུ་རེ་རྩེ་བ་དེར་མི་བདེ་བའི་ཚོར་བ་ལན་མང་སྐྱེས་མྱོང་། ཡིན་ཡང་བོད་ཀྱི་བླ་མ་གོང་མའི་ཁྲོད་དུ་ཡང་ཆོས་འཆད་སྐབས་ཀུ་རེ་རྩེ་མཁན་མེད་པ་མ་ཡིན་ཏེ། ཞབས་དཀར་བའི་རྣམ་ཐར་དུ། “ཆོས་ཐོག་དང་། ཆོས་ཉན་བྱེད་པའི་དུས་སུ་བྱིང་རྨུགས་གཉིད་གསུམ་བསང་བའི་ཕྱིར། ངས་ངོ་མཚར་བའི་གཏམ་རྒྱུད་དང་ཀུ་རེ་སྣ་ཚོགས་བྱས་པས། ཀུན་བཞད་བགད་དི་རི་རི་བྱེད་ཅིང་། ལ་ལས་བསམ་བློ་གཏོང་བཞིན་ཡང་ཡང་རྒོད། ངས་ཨེ་ཞེས་གཏམ་གྱི་འགོ་གླེང་དུས་ནས་ཕལ་ཆེར་རྒོད་ཅིང་། སྔགས་རྒན་རྒན་པ་འགའ་རེས་ཇ་མཚམས་སུ་ཡང་ངག་དབང་བཀྲ་ཤིས་ཀྱིས་ཀུ་རེ་ཞིག་ཤོད་ཟེར་སྤྲོ་སྤྲོ་བྱེད”ཅེས་པ་དང་། “སྡེ་བ་ཀུན་འཚོགས་ཐོག་དང་། སྟོན་མོ་སོགས་ཀྱི་སྟེང་ནས་སྐྱེ་བོ་ཕོ་མོ་ཀུན་དགའ་ཞིང་སྤྲོ་བ་འཕེལ་བའི་ཀུ་རེ་དང་རྩེད་མོ་སྣ་ཚོགས་པ་བྱས”ཞེས་གསུངས་པ་སོགས་ལས་རྗེ་འདི་ཉིད་ནི་སྐུ་ན་ཆུང་དུས་ནས་ཀུན་ལ་འདྲིས་ཆེ་བ་མ་ཟད། རྩེད་མོའི་རིགས་ལ་ཧ་ཅང་དགའ་བ་མཚོན་ཐུབ།
ངས་ཀྱང་ཐོག་མར་བླ་མ་གླང་རུ་ཐང་བ་སོགས་ཀྱི་ལད་མོ་བྱས་ནས་ངོ་གནག་སྟེ་ཆོས་བཤད་ཀྱང་ཨ་རི་བ་ཚོའི་བློ་ཁ་འདྲེན་མ་ཐུབ་པས། མཐའ་མར་ཞབས་དཀར་བའི་ལད་མོ་ཤ་ཐོན་རུས་ཐོན་བྱས་ཏེ་ཆོས་འཆད་སྐབས་ཀུ་རེས་མགོ་བརྩམས། ཀུ་རེས་གཞུང་བསྲིངས། ཀུ་རེས་མཇུག་བསྡུ་ཨེ་ཐུབ་ལ་འབད་པས་ཆོས་ཉན་པ་ཕལ་མོ་ཆེའི་སྤྲོ་བ་འཕེལ་བར་གྱུར་ཏོ།།

སྣ་ཚོགས།

Post navigation

Previous Post: ཕྱི་ལོའི་ལོ་གསར་ཚེས་མཉམ་དུ་རོལ་པ་ཡིན།
Next Post: སྟོང་ལོ་གསར་བ་འཕུར་ས་རུ།

Comments (22) on “ཆོས་འཆད་དུས་ཀུ་རེ་མང་ན་ལེགས།”

  1. ཁྱུང་སེ། says:
    2014-12-31 at 8:54 pm

    ཆོས་ཡང་དག་འཆད་དུས་ཀུ་རེ་མེད་ན་བཟང། ཆོས་འཆད་དུས་འཆལ་གཏམ་ལོང་གཏམ་གླུ་སྒྲུང་ལས་སོགས་བཤད་མི་ཆོག་ཅེས་ཆོས་འཆད་ཉན་གྱི་སྐབས་ནས་བཤད་འདུག འོན་ཀྱང་དེང་སང་སློབ་བུར་འཁོར་བ་ལ་ངེས་འབྱུང་གི་སེམས་མེད་པ་དང། བླ་མར་དངུལ་དངོས་གྲགས་པ་ཐོབ་འདོད་ལས་གཞན་ཕན་གྱི་སེམས་མེད་དུས་ནམ་ཟླ་འཁྱོལ་ཐབས་དང་གནས་སྐབས་རིང་ཧབ་བགད་སློང་ཐབས་ཀྱི་ཆེད་དུས་བླ་མས་ཆོས་ཁྲིའི་སྟེང་ནས་གླུ་ལེན། ལྷ་ཁང་དཀྱིལ་འཁོར་མདུན་དུ་བྲོ་དང་ཌན་སི་འཁྲབ། བུད་མེད་ལྷན་དུ་འཐམ་འཁྱུད་ཀྱིས་བག་སྟོན་བྱེད། འདི་དག་ནི་བསྟན་བཤིག་ལས་བསྟན་འཛིན་མིན།

  2. སྤོབས་པ་མཐའ་ཡས། says:
    2014-12-31 at 9:19 pm

    སྤྱིར་ན་ཆོས་དང་འཇིག་རྟེན་གྱི་གཏམ་ཚད་ལྡན་ཞིག་བཤད་ན་ངུ་བ་དང་དགོད་པ་གཉིས་ཆར་ཡོང་དགོས་ཀྱི་ཡོད་འདུག
    སྤྱིར་ན་སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་ཡིན་ན་ཞལ་འཛུམ་པ་མཛད་པ་མ་གཏོགས་བཞད་མོ་མི་བཞད་པ་དང་། ལྷག་བཅས་དགྲ་བཅོམ་པ་རྣམས་མཚམས་མཚམས་མཚམས་སུ་གད་མོ་རྟ་གད་དུ་དགོད་པ་ཡོང་སྲིད་པ་དང་། བླ་མ་དགེ་དགེ་བའི་བཤེས་གཉེན་རྣམས་ནི་ཧཧཧཧཧཧཧཧཞེས་ཞལ་གདངས། སྤྱན་ཟུམ་ནས་བཞད་མོས་རིལ་འགྲོ་སྲོལ་ཡང་ཡོད་པས་བཞད་མོ་བཞད་པ་ལ་སྐྱོན་མེད་སྟབས་འཁོར་རྣམས་ལ་ཡང་ངུ་དགོད་གཉིས་ཆར་སློང་ཐུབ་ན་བཟང་ས་རེད།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-12-31 at 11:27 pm

    ཨ་བླ་ཀླུ་སྨྱོན་གྱིས་ཉམས་མྱོང་བཟང་པོ་བསགས། ཚེ་འདིར་སེམས་མི་བདེ་བ་མང་པོ་ཨ་རི་སོགས་སུ་ཆོས་ཉན་པར་འོང་། ངའི་ལུང་པར་ཀུ་རེ་ཟེར་ན། སྐད་ལ་སྦྱངས་པ་མེད་པ་ཞིག་གིས་གོ་དཀའ། ཀུ་རེ་ལ་ལ་དྭགས་མཐའ་བོད་རིགས་ཡུལ་དུ་བཞད་གད་ཟེར། འདི་ཉིད་དག་པར་མཐོང་། ལ་དྭགས་ངའི་ལུང་པ་སོགས་སུ་གཡངས་པ་ཟེར་བ་དེ་གཡེངས་པ་ཞེས་པ་ཨེ་ཡིག་ཨ་ཡིག་ཏུ་གྱུར་པ་ཡིན་ནམ་སྙམ།
    ཀུ་རེ་དང་ངོ་གནག་གང་བྱས་ཀྱང་། ཆོས་བཤད་པའི་དགོས་པ་ནི། ཉན་པ་པོས་དགེ་བ་སྒྲུབ་པ་མ་ཐ་ཡང་དགོས་པ་ཞིག་ཡིན་།
    ཀུ་རེ་ཆེ་དྲག་་པས། བླ་མ་གླང་རི་ཐང་པ་ལ། བླ་མ་གླང་རུ་ཐང་བ། འབྲི་བ་སོགས་ནི། ཕལ་སྐད་བཙན་པས་བོད་ཀྱི་མཁས་པ་ཐ་ན་རང་རེ་གཞོན་ནུའི་དུས་ཀྱི་ཨ་མདོ་པ་དགེ་བཤེས་རབ་རྒྱ་མཚོ་དང་། དགེ་འདུན་ཆོས་འཕེལ་སོགས་ཀྱི་ཡིག་ཆ་དག་ན་གསལ་བ་ལ་གནོད་པར་ཟད་། བོད་སྔ་རབས་པ་དང་། ཕྱི་རབས་པ་དང་། ས་པཎ་ཀློང་ཆེན་ཙོང་ཁ་པ་སྟེ བོད་ཀྱི་འཇམ་དབྱངས་རྣམ་གསུམ་སོགས་ཀྱི་གསུང་འབུམ་རྣམས་ན་ཡོད་པའི་མིང་ཚིག་མང་པོའི་ཡི་གེའི་དག་ཆ་རྣམས་ལ་བཤིག་པར་མཐོང་ངོ་།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-12-31 at 11:30 pm

    ཡི་གེའི་དག་ཆ་རྣམས་ལ་བཤིག་པར་མཐོང་ངོ་། ཞུས་དག ཡི་གེའི་དག་ཆ་རྣམས་བཤིག་པར་མཐོང་ངོ་།

  5. ཇུས་ཏོག says:
    2015-01-01 at 1:32 am

    ཆོས་ཞུ་མཁན་གྱི་སློབ་མའི་ཁམས་དང་རིག་པ་དད་པ་དག་སྣང་ལ་བལྟས་ནས་ཆོས་གསུང་དགོས་པ་རེད་་གད་རྒྱུ་དང་ངུ་རྒྱུ་སོགས་ཐབས་ལམ་མང་པོ་དཔྱད་ནས་སློབ་མའི་རྒྱུད་ལ་ཆོས་ཀྱི་དུད་རྩི་སྨིན་དགོས་པ་རེད་།
    ལྷ་ཁང་ནང་ཌན་སི་ཁྲབ་་བུད་མེད་ཉར་མཁན་ཡོད་ན་ནང་པ་སངས་རྒྱས་པ་མ་རེད་དེ་ཚོ་ཆག་སྲེད་ཆོས་ལུགས་རེད་དེ་སྔོན་སྦག་ཝན་ར་ཇི་ནིཏི་ཟེར་བ་དེའི་ཆགས་སྲེད་ཆོས་ལུགས་སྤེལ་ནས་ཁོ་རང་(anti sex guru).ཡིན་ལབ་ནས་བུ་མོ་མཛེས་མ་མང་པོ་་ཁོ་རང་གི་སློབ་མ་ཡོད་རེད་ཧ་ཧ་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-01-01 at 4:48 am

    ཆོས་འཆད་དུས། ངེས་འབྱུང་གསུང་དུས་སོགས་སུ་ངུ་སར་ངུ་བྲོ་བ་ངད་། བྱང་སེམས་དང་རང་རྣམ་སོགས་གསུང་སྐབས། བཞད་བགད་དིར་རི་བ་བྱུང་ན་ཤིན་ཏུ་ལེགས།

  7. གནམ says:
    2015-01-01 at 8:12 am

    ཁ་བཙོག་མ་བཤད་ན། དེ་ནས་དགོད་སྤྱད་ལ་དགེ་བ་འབབ་པས། ཁ་བདེ་བདེ་དང་དོན་ཟབ་ཟབ་ཀྱིས་མྱི་ནོམ་པ་གཉིས་ཀྱི་སྐུ་བསོད་འཚོལ་ཐུབ་པར་ཤོག། ཨ་ལགས་ལགས་ཀླུ་སྨྱོན།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-01 at 8:40 am

    མཁས་པ་རྣམས་ཀྱིས་རྗེ་སྒམ་པོ་པས་གསུངས་པ་འདི་ལ་གོ་བ་ཆགས་པ་ཞིག་དགོས། དེ་ཡང་ཐར་རྒྱན་དུ། དེ་ལྟར་སྡུག་བསྔལ་གསུམ་པོ་དེ། དཔེའི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི། འབྲས་མ་སྨིན་པ་དང་འདྲའོ། ། ་ ་ ་ སྡུག་བསྔལ་གྱི་སྡུག་བསྔལ་ནི། འབྲས་ཀྱི་སྟེང་དུ་ཕོལ་བྱུང་བ་དང་འདྲའོ། །ཇར་མན་པ་མཁས་དབང་གུན་ཐར་གྱིས་བསྟན་བཅོས་འདི་ཨིན་སྐད་དུ་ལེགས་པར་གྱུར་ཀྱང་། འདི་ལ་གཡམ་རྒྱུག་ལྟ་བུ་མཛད་མེད་དམ་སེམས་སོ།

  9. ཅོག་མྱི། says:
    2015-01-01 at 11:22 am

    དབྱིན་ཇིའི་ཧེ་མོར་དང་བོད་ཀྱི་བཞད་གད་གཉིས་ཆོས་སུ་འཆད་ན་མི་འགྲིག་རྒྱུ་མེད་མོད། མི་འགྱུར་སོགས་ཀྱིས་ཆོས་འཆད་སྐབས་བགད་དྲག་ནས་མཐའ་མར་སློབ་མས་ཆོས་ཀྱི་སྙིང་བོ་དེ་དང་འཚམས་པ་ཞིག་མ་ལོན། རྗེ་བཙུན་གྱིས་ཆོས་འཆད་སྐབས་བཞད་གཏམ་རེ་ཟུང་ཙམ་འཆད་པ་མ་གཏོགས་ཚུལ་འཆོས་ཀྱི་གད་མོ་སློང་བའི་ཀུན་སློང་གིས་དྲངས་ཏེ་ཆོས་གསུང་གིན་མེད། ཆོས་འཆད་པ་ནི་བདེན་པ་འཆད་པ་ཡིན་པས་བརྙན་འཕྲིན་སོགས་ཀྱི་བཞད་གར་talk showདང་ཁྱད་པར་འབྱེད་དགོས། སྨྲ་མང་ན་དགེ་སློང་གི་ལྟུང་བའོ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-01 at 10:05 pm

    འབྲས་ཀྱི་དོན་ཇི་ཙམ་ལ་འཇུག་པ་ལ་སློབ་སྦྱོང་མེད་ན། འདིར་དོན་དག་མ་གོ་བའི་སྐྱོན་དུ་མཐོང་། འབྲས་ཞེས་པ་དོན་ཇི་ཙམ་ལ་འཇུག་པ་དང་། ཕོལ་གྱི་དོན་ཤེས་དགོས་སོ།

  11. སྤོབས་པ་མཐའ་ཡས། says:
    2015-01-01 at 11:21 pm

    ལ་དྭགས་པ་ལགས། འབྲས་ཞེས་པ་དེ་ང་ཚོ་མདོ་སྨད་པའི་ཁ་སྐད་དུ་ཡོད། འབྲས་ནི་གཙོ་བོ་རྐེ་ལ་རྡོལ། སྲོལ་རྒྱུན་ལ་འབྲས་རྡོལ་ན་མི་ལ་ལ་ལ་འབྲས་འཇོམས་པའི་ནུས་པ་ཡོད་ཟེར་ནས་ཁོའི་རྩར་འགྲོ། འབྲས་འཇོམས་མཁན་དེ་སྐྱེས་པ་མ་གཏོགས་བུད་མེད་ནི་ཡོད་པ་མཐོང་མ་མྱོང་། མི་དེས་འབྲས་ཀྱི་མཐའ་མཛུབ་མོས་སྐོར་བ་ཞིག་རྒྱག དེས་འབྲས་ཞི་བར་ཡིད་ཆེས་བྱེད། ཕོལ་ཞེས་པ་དེ་ལ་དེང་སང་གཉན་འབུར་ཞེས་འབོད་པ་དེ་ཡིན་ནམ་སྙམ། དེ་ལྟར་ཡིན་ན་གཉན་འབུར་དང་འབྲས་གཉིས་ལས་འབྲས་བུད་ན་ཉེན་ཁ་ཆེ། འབྲས་ནི་གཙོ་བོ་རྐེ་ལ་རྡོལ་བས་ན་ཚབ་ཆེན་སྐྲང་ན་འབུགས་འགག་པ་སོགས་འབྱུང་ནས་ཤི་བའི་ཉེན་ཁ་ཡང་ཡོད། ཁྱེད་ཀྱིས་འབྲས་དང་ཕོལ་གཉིས་གཅིག་ཏུ་དགོངས་ཡོད་པ་འདྲ།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-02 at 2:40 am

    སྤོབས་པ་མཐའ་ཡས་ལེགས། དོན་དག་ཐག་ཉེར་སྣང་། རྡོལ་བཞེས་པས་འབྲས་མ་སྨིན་པ་ལ་གོ་བ་མི་ཆགས་པ་ཞིག་འདུག འབྲས་སྨིན་པ་ན་རྡོལ་བ་མངོན་སུམ་ཡིན། རྗེ་སྒམ་པོ་པས། འདུ་བྱེད་ཀྱི་སྡུག་བསྔལ་ནི། འབྲས་མ་སྨིན་པ་དང་འདྲའོ། ཞེས་དང་། སྡུག་བསྔལ་གྱི་སྡུག་བསྔལ་ནི། འབྲས་ཀྱི་སྟེང་དུ་ཕོལ་བྱུང་བ་དང་འདྲའོ། ཞེས་གསུངས་པས་གཅིག་ཏུ་འདོད་མེད། ཕོལ་མིག་དང་ཕོལ་དོན་གཅིག་གམ། འབྲས་ཀྱི་སྟེང་དུ་ཕོལ་ལམ་ལ་ཕོལ་མིག་འབྱུང་བ་དེ་སྡུག་བསྔལ་གྱི་སྡུག་བསྔལ་གྱི་དཔེར་བཞག་ན། མིའི་ལུས་པོར་འབྲས་མ་སྨིན་པ་ཇི་ལྟར་ངོས་འཛིན། ང་ཆུང་དུས་གཉན་འབུར་ཞིག་འཐོན་པ་དེ་ན་གཟུག་ཆེ་བས་སྡུག་བསྔལ་གྱི་སྡུག་བསྔལ་དུ་འདོད་དགོས་ཀྱང་། དེའི་སྔོན་དུ་འབྲས་མ་སྨིན་པ་ཇི་ལྟ་བུ་ལ་ཟེར། དེ་ཉིད་འདུ་བྱེད་ཀྱི་སྡུག་བསྔལ་དཔེར་ཆགས་པ་ལ་གོ་རྟོགས་འདི་ཡིན་སྙམ་པ་ཞིག་མ་མཆིས། འགྱུར་བའི་སྡུག་བསྔལ་ནི་འབྲས་ཆན་དུག་དང་འདྲེས་པ་ཟ་བ་དང་འདྲའོ། གོ་རྟོགས་སླའོ།

  13. སྤོབས་པ་མཐའ་ཡས། says:
    2015-01-02 at 2:44 am

    ལ་དྭགས་པ་ལགས། འབྲས་མ་སྨིན་པ་ཞེས་པ་ནི་འབྲས་བརྡོལ་ན་ཡང་མ་སྨིན་པས་ན་ཟུག་ཆེ་བ་རེད། འབྲས་སྨིན་པའི་དུས་སུ་རྣག་དུ་གྱུར་བ་རེད། རྣག་བཙིར་ཚར་དུས་ན་ཚ་ཆེར་མེད་ཅིང་དྲག་སྐྱེད་ཡོང་བའི་མགོ་ཚུགས་པ་རེད། དེ་ཙམ་ལ་མགོ་རྙོགས་ཅང་མི་འདུག་སྙམ། ད་དུང་ཁྱེད་ལ་དོག་པ་ཡོད་ན་ང་ཚོས་གསལ་པོ་བྱེད་ཆོག

  14. ཀློང་ཆུང་ says:
    2015-01-02 at 2:48 am

    སྔོན་མ་༡༩༩༠ནང་ལ་ནུབ་ཕྱོགས་པའི་མི་མང་པོ་ཞིག་ནང་ཚོས་ལ་ཞུགས་པ་དེ་གཙོ་བོ་སེམས་མ་སྐྱིད་པ་དང་སྲོག་རླུང་ནད་ལ་ནང་ཆོས་ལས་འཕྲོས་པའི་སེམས་ལ་ཞི་བདེ་དང་། བག་འཕེལ་བ་སོགས་ཀྱི་བཤད་སྟངས་ལ་ཡིད་འཕྲོག་ནས་མི་མང་པོ་ཞིག་ཆོས་ཉན་པའི་དགོས་པ་ནི་གནས་སྐབས་ཀྱི་བདེ་བ་ཁོ་ན་འཚོལ་བའི་ཆེད་དུ་ཡིན་སྟབས་བླ་མ་སུ་བཞད་གད་ཚ་བ་ཡོད་ན་སློབ་མ་མང་བ་འཁོར་བའི་འགྲོ་སྟངས་ཞིག་འདུག

    དེང་སང་མི་མང་པོ་ཞིག་གི་བསམ་བློར་འགྱུར་བ་ཐེབས་ནས་སྟོང་་ཉིད་དང་གསང་སྔགས་ཀྱི་ལམ་ལ་དོན་གཉེར་ཆེན་པོ་བསླེབས་ནས། དོན་དམ་པའི་གཞུང་ལ་དོ་སྣང་ཆེ་བ་ཡོད་པའི་གནས་ཚུལ་ནང་ཆོས་ཀྱི་དུས་དེབ་ཚད་ལྡན་དག་ལས་བཤད། དེ་བཞིན་རྒྱུད་ལམ་གྱི་དུས་རབས་དེའི་ནང་ལ་གནས་ཚུལ་མཁོ་སྤྲོད་མང་བ་དང་རྒྱུག་ཆེ་བས། བཤན་བྱེད་པ་དང་སྐྱར་ཞིབ་པ་མང་བས། མི་མང་པོ་ཞིག་གིས་ཆོས་མ་ཉན་གོང་ལ་དྲ་རྒྱར་ཕྱིན་ནས་བླ་མར་བརྟག་པའི་ཐབས་ཤེས་བྱེད་ལ་བླ་མ་སོ་སོའི་ལོ་རྒྱུས་དང་ཆོས་བཤད་སྟངས་ལ་འགྲེལ་བརྗོད་དང་སྐྱར་ཞིབ་མང་པོ་མ྄ཐོང་རྒྱུ་ཡོད་པ་དག་ལ་དོ་སྣང་ཆེན་པོ་བྱེད།

    བྱས་ཙང་ཆོས་ཀྱི་ནང་དོན་སྤུས་ཚད་དང་ཀུ་རེའི་ལྗིད་ཚད་སྙོམས་྄ཐུབ་ན་ལེགས། དེ་མིན་ཀུ་རེ་ཁོ་ནར་དུས་བཀོལ་མཁན་གྱི་བླ་མ་དེ་ཚོར་”He is a bit of too much monkey” ལྟ་བུ་སྐྱར་ཞིབ་ནང་ལ་འཁོད་ན་བླ་མར་གནོད་པ་ཆེན་པོ་ཡོད་པ་དངོས་ཡོད་ཡིན། དེ་ཚོའི་སྐོར་ལ་ཞིབ་ཕྲ་མཁྱེན་འདོད་ན། Tricycle དང་Shambhala Sun ལ་སོགས་པའི་དྲ་རྒྱའི་གླེང་བསྟེགས་ལ་གཟིགས་ཤིག

  15. དཔལ་དོན། says:
    2015-01-02 at 3:41 am

    ལ་དྭགས་ཀྱི་ལོག་སྐད་དུ་ཀུ་རེ་དང་བཞད་གད་དོན་གཅིག་རེད་དམ། བོད་ཀྱི་སྐད་དུ་ཀུ་རེ་ནི་བྱ་བ་དང་བཞད་གད་དུ་འབྲས་བུར་ཡོང་གི་རེད། ཀུ་རེ་རྩེས་པས་བཞད་གད་བྱུང་ལྟ་བུའོ།

  16. གངས་ལྡོམ། says:
    2015-01-02 at 7:46 am

    དེ་ཡང་ཨ་སྒོར་འཚོལ་སྟངས་ཡག་པོ་ཧ་གོ་ཡོད་པའི་རྟགས་མ་ཡིན་ནམ།
    དཀའ་ལས་མང་པོ་རྒྱབ་འདུག

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-02 at 12:09 pm

    སྤོབས་པ་མཐའ་ཡས་ལེགས།
    “འབྲས་མ་སྨིན་པ་ཞེས་པ་ནི་འབྲས་བརྡོལ་ན་ཡང་མ་སྨིན་པས་ན་ཟུག་ཆེ་བ་རེད།” ཚིག་འདི་ཉ་དང་ཉུང་མ་བསྲེས་པ་ལྟར་རྙོག་དྲ་ཆེ་བར་བཏང་། ན་ཟུག་ཆེ་བ་ཡོད་ན། སྡུག་བསྔལ་གྱི་སྡུག་བསྔལ་ཡིན་དགོས། འབྲས་མ་སྨིན་པ་ལ་ན་ཟུག་ཆེ་བ་མེད་པས། འདུ་བྱེད་ཀྱི་སྡུག་བསྔལ་དེ་ཚོར་བ་བཏང་སྙོམས་དང་། འགྱུར་བའི་སྡུག་བསྔལ་དེ་ཚོར་བ་བདེ་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དེ་ཚོར་བ་སྡུག་བསྔལ་དུ་ལྷར་རྗེ་བསོད་ནམས་ཆེན་གྱིས་གསུངས། ཇི་སྐད་དུ།
    ་
    བྱིས་པ་ལག་མཐིལ་འདྲ་བ་ཡིས།
    འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས།
    ་
    ཞེས་པ་ལྟར་དེ་ཡང་ཤ་སྐྲངས་ནས་རྡོག་རྡོག་ཤིང་ཏོག་ལྟར་ཡོད་པས་འབྲས་ཞེས་མིང་ཆགས། འབྲས་མ་སྨིན་པ་ལ་ན་ཟུག་ཕྲ་བ་ཡོད་ཀྱང་རགས་པ་མེད་པས་ན། འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་བཞག་ཆོག འབྲས་སྨིན་ནས་རྣག་བརྡོལ་པ་ལ་ན་ཟུག་ཆེར་ཡོད་པ་དེ་སྡུག་བསྔལ་གྱི་སྡུག་བསྔལ་གྱི་དཔེར་འོས་ཀྱི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་མི་འོས་སོ།

    དེ་ཡང་ཇར་མན་པ་མཁས་དབང་གུན་ཐར་གྱིས་འབྲས་ཞེས་པ་fruitཞེས་ཤིང་ཏོག་ལ་བསྒྱུར། ཕོལ་ཞེས་པ་mould ཞེས་བསྒྱུར། འབྲས་སྨིན་ནས་རྣག་འཁོར་བ་ལ་ཕོལ་ལམ་ཕོལ་མིག་ཅེས་པར་སེམགས་སོ།

  18. གནམ says:
    2015-01-02 at 6:07 pm

    ༼ཞེས་པ་ལྟར་དེ་ཡང་ཤ་སྐྲངས་ནས་རྡོག་རྡོག་ཤིང་ཏོག་ལྟར་ཡོད་པས་འབྲས་ཞེས་མིང་ཆགས། འབྲས་མ་སྨིན་པ་ལ་ན་ཟུག་ཕྲ་བ་ཡོད་ཀྱང་རགས་པ་མེད་པས་ན། འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་བཞག་ཆོག འབྲས་སྨིན་ནས་རྣག་བརྡོལ་པ་ལ་ན་ཟུག་ཆེར་ཡོད་པ་དེ་སྡུག་བསྔལ་གྱི་སྡུག་བསྔལ་གྱི་དཔེར་འོས་ཀྱི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་མི་འོས་སོ།༽

    རྒན་ལགས།
    ཅིག་བཤན་ན་འདོད་སོང་།
    འབྲས་ཀྱི་མིང་ཆགས་སྟངས་དེ་འདྲ་ཞིག་མིན། ཚོད་ཚོད་ལ་ཅིག་གསུང་གི་མ་འདུག། ངས་ཁྱེད་ཚོ་ལ་བཤད་དགོས། ང་ཆུང་དུས་ངའི་ལུས་ལ་འབྲས་བུད་མྱངས། ལུས་ལ་རྐྱང་རྡོག་ཆེན་པོ་ཞིག་ཐོན། གོས་གོན་པ་སོགས་ཀྱིས་རྡར་རེག་མ་བྱུང་ན། ན་ཚ་ཆེན་པོ་མེད། ཚ་ལྷོག་དག་ཙམ་ཡོད། མགོ་སྨིན་པ་དང་བྱུང་ན་འབྲས་བ་རྒན་པོ་ཞིག་གི་སར་སོང་ནས་འབྲས་རྐྱང་རྟོལ་དགོས། དེ་ནས་འབྲས་རྐྱང་གི་རྟིང་ནས་བཙུར་སྟེ། རྣག་ཆུ་སེར་དང་མཉམ་དུ་འབྲས་རྡོག་འདོན་དགོས། འབྲས་ནི་མདོག་དཀར་པོ་འབྲས་འདྲ་བ། དབྱིབས་ཆེ་ཆུང་འབྲས་འདྲ་བ་ཞིག་ཡོད། དེ་མ་ཐོན་བར་དུ་ཤུགས་ཆེན་པོས་མཐའ་ཡོངས་ནས་བཙུར་དེ་ལེན་ཐུབ་པ་བྱེད། འབྲས་ཐོན་པ་དང་འབྲས་བ་རྒན་པོས་འབྲས་དོན་ཡོད་ཟེར་ནས། རྣག་རྡོག་དཀར་པོ་འབྲས་རྡོག་འདྲ་བ་ཞིག་མིག་ལ་སྟོན། དེ་བཙུར་བའི་སྐབས་སུ་དཔའ་རྒོད་ང་འདྲ་ཞིག་མིན་ན། ཨ་ཚ་དང་ཨ་ན་མང་པོ་ཁ་ནས་ཤོར་མཁན་ཡོད། འབྲས་དོན་ཕྱིན་ན་བ་དང་ཚ་བ་གང་ཡང་མེད།
    བྱས་ཙང་། འབྲས་ཀྱི་མིང་ནི། འབྲས་རྐྱང་གི་ནང་གི་འབྲུས་བུ། དབྱིབས་མདོག་འབྲས་འདྲ་བ་དེ་ལ་ཟེར་། གསན་བྱུང་ངམ། རྒན་ལགས།
    རྒྱ་གར་ནས་ཡང་ལུས་ལ་དེ་བུད་སོང་། སྐབས་དེར། གཉེན་འབུར་ཡིན་ན་ཅིག་རེད་ཟེར། གཉེན་འབུར་ཨམ་ཆི་དང་འབྲས་བ་རྒན་པོ་གཉིས་ཀྱི་བྱ་སྟངས་གཅིག་པ་རེད། དོན་ཡ་ཡང་གཅིག་པ་རེད། མིང་ནི་འགྱུར་འདུག། ལྷ་སྒྲུང་འདྲ་ཞིག་གིས་ཆགས་སོང་ཡང་། འདི་ནི་དངོས་སྒྲུང་ཡིན།
    འབྲས་རྐྱང་ནས་འབྲས་དོན་མ་ཐུབ་ན། ལུས་ལ་རྐྱང་རྡོག་འདུག་པ་དང་། འབྲས་རྐྱང་མང་པོ་བྱུང་བའི་རྒྱུ་རུ་འགྲོ་བར་སྐད།

    ད་བྱས་ན། འདུ་བྱེད་ཀྱི་སྡུག་བསྔལ་ཟེར་དུས་སྡུག་བསྔལ་ཆེན་པོ་ཞིག་གསུང་གི་མེད་པ་འདྲ། ཧ་ཧ་ཧ།

  19. གནམ says:
    2015-01-02 at 7:22 pm

    Ops! བཙིར། ནོར་འདུག།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-02 at 10:11 pm

    གནམ་ལེགས།
    བཤད་པ་རྒྱབ་པར་བཀའ་དྲིན་ཆེ། ཁྱེད་ཀྱིས་སྒྲུང་སྙན་པོ་བཤད་པ་དེ་དག་འབྲས་སྨིན་པའི་རྗེས་ལ་བྱུང་བ་ཤ་སྟག་ཡིན་འདུག །འདུ་བྱེད་ཀྱི་སྡུག་བསྔལ་ནི་འབྲས་མ་སྨིན་པ་དང་འདྲའོ། ཞེས་ཐར་རྒྱན་དུ་གསུངས་པ་ཚད་ལྡན་རེད་འདུག ཚོད་ཚོད་ཀྱིས་འབད་པ་བྱེད་དགོས་པ་ཡང་གལ་ཆེ། ཁྱེད་ཀྱིས་བཤད་པ་དག་ལ་ཡང་གཞན་ཞིག་གིས་བལྟས་ཚེ། མ་འགྲིག་པ་འཐོན་ཡང་དེ་ལ་སེམས་ཕམ་མི་དགོས། དེ་མིན་ཁ་ཅིག་སོ་སོ་རང་འབྱོན་པོ་ཡིན་ཁུངས་ཀྱིས་ཡི་གེ་ཙམ་ཡང་དག་མེད་པར་འབྲི་བ་པོ་མང་པོས་འདི་འདྲ་འདུག དེ་འདྲ་མ་ཡིན་ཞེས་པ་མང་། དེ་དག་ལ་ཡང་རྣམ་དཔྱོད་ཀྱིས་ཡིན་མིན་ལ་བླང་དོར་དགོས་པ་གལ་ཆེའོ།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-03 at 9:45 am

    “ཕོལ་ཞེས་པ་དེ་ལ་དེང་སང་གཉན་འབུར་ཞེས་འབོད་པ་དེ་ཡིན་ནམ་སྙམ། དེ་ལྟར་ཡིན་ན་གཉན་འབུར་དང་འབྲས་གཉིས་ལས་འབྲས་བུད་ན་ཉེན་ཁ་ཆེ།”

    “གཉེན་འབུར་ཡིན་ན་ཅིག་རེད་ཟེར། གཉེན་འབུར་ཨམ་ཆི་དང་འབྲས་བ་རྒན་པོ་གཉིས་ཀྱི་བྱ་སྟངས་གཅིག་པ་རེད།”
    ་
    བོད་ཕལ་སྐད་མང་ཆེ་བར་ཨ་ཡིག་ཨེ་ཡིག་ཆགས་པ་བདེན་རེད་མི་འདུག་གམ།

  22. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 3:23 pm

    ཆོས་བཤད་ཀུ་རེས། ཨོ་ལི་བླ་མ་མཧའ་ ཀའ་ལའ་བཟོས་པའི་ཁུངས།
    https://www.youtube.com/watch?v=DNxA0yKeMGM

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme